今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

ཧུའུ་ཀྲུའོ་ཡིས་རང་ཁུལ་གྱི་རིམས་ནད་སྔོན་འགོག་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་པ།

     ཟླ2པའི་ཚེས4ཉིན་ལ།ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ཧུའུ་ཀྲུའོ་ཡིས་རང་ཁུལ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ་ལ་ལྟ་སྐུལ་མཛུབ་སྟོན་བྱེད་སྐབས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་བླངས་ནས་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱ་དགོས་ཞེས་ནན་གྱིས་བསྟན།              
    ཧུའུ་ཀྲུའོ་སྔ་རྗེས་སུ་བསང་ཆུ་རྫོང་དང་གཙོས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཞིབ་བཤེར་ས་ཚིགས་དང་།སྡེ་ཁུལ།སྡེ་བ།དགོན་སྡེ།ཁུལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་བཅས་སུ་སོང་ནས་གྲལ་བཤེར་ཞིབ་དཔྱད་ཚད་ལེན་དང་།ཟུར་འཇོག་སྨན་བཅོས།དངོས་ཟོག་གྲབས་གསོགགྲོང་མིའི་འཚོ་བའི་འགན་ལེན་སོགས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་བྱས་ཚུལ་ཤེས་རྟོགས་ཞིབ་མོ་བྱས་ལ།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་སྔོན་འགོག་དང་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་བོར་འབད་འཐབ་བྱེད་མཁན་ལས་བྱེད་མི་སྣར་འཚམས་འདྲི་བྱས།                             
    སྙན་ཞུའི་ཚོགས་འདུའི་ཐོག་ཧུའུ་ཀྲུའོ་ཡིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ནས། ཀན་ལྷོ་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཨང་དང་བོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་གལ་ཆེ་ཤོས་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ།དམངས་ཡོངས་སྐུལ་སློང་བྱས་ནས་དམག་འཐབ་དྲག་པོ་དེར་རྒྱལ་ཁ་ཐོབ་པ་བྱ་དགོས་ལ།སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་དང་ཞིབ་ཚགས་བྱས་ཏེ་གྲལ་བཤེར་ཞིབ་དཔྱད་ཚད་ལེན་དང་། སྨན་བཅོས་སྐྱོབ་བཅོས། ནང་ཁུལ་གྱི་འགོག་ཟོན། དྲིལ་བསྒྲགས་ཁྲིད་སྟོན་སོགས་ཀྱི་ལས་བྱེད་མི་སྣ་དམིགས་སར་འབྱོར་དགོས་ཞེས་ནན་གྱིས་བསྟན།  ཁུལ་གྱི་འགོ་ ཁྲིད་ཡུས་ཁྲིན་ཧུའེ་དང་། ཀྲའོ་ལིན་ཡུན། ཧོ་མོའུ་པའོ། དབྱང་ཅུན། ལིའུ་ཡུང་ཀོ། ནམ་མཁའ་སངས་རྒྱས། ཕུའུ་ཁྲོན་ཧུང་བཅས་ཀྱིས་འགྲོ་རོགས་བྱས་པ་མ་ཟད་སྙན་ཞུའི་ཚོགས་འདུར་ཞུགས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

pk10计划软件手机版 闲来贵州麻将手机版 竞彩足球比分投注技巧视频 英超直播在线观看 喜乐棋牌游戏 河北20选5胆托投注金额计算表 掘金vs马刺推荐 证券投资基金资产配 微乐吉林麻将真人版下载 10分快3是真的还是假的 股票论坛之荐股之王 南宁麻将杠上花 湖南快乐十分开奖结果走势图 排i列五开奖结果 有坂深雪 视频链接下载 智度投资股票 星辰娱乐棋牌下载