今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

ཡུས་ཁྲིན་ཧུའེ་ཡིས་ཀན་ལྷོ་ཁུལ་གྱི་རིམས་ནད་སྔོན་འགོག་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

      ཡུས་ཁྲིན་ཧུའེ་ཡིས་ཁུལ་གྱི་རིམས་ནད་སྔོན་འགོག་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་གཙོ་འགན་འཁུར་བ་དང་།  ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། རང་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ་བཀོད་སྒྲིག་བྱས་པ།
      ཟླ2པའི་ཚེས4ཉིན་གྱི་ཕྱི་དྲོར།ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ཁུལ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་གཙོ་འགན་ཁུར་ནས།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་ཀྲུང་དབྱང་གི་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཁུལ་གྱི་གོམ་སྟབས་རྗེས་མའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་བཀོད་སྒྲིག་བྱས།   ཁུལ་གྱི་འགོ་ཁྲིད་པ་ཀྲའོ་ལིན་ཡུན་དང་། ཧོ་མོའུ་པའོ། དབྱང་ཅུན། ལིའུ་ཡུན་ཀོ། ནམ་མཁའ་སངས་རྒྱས་བཅས་ཚོགས་འདུར་ཞུགས་པ་དང་། ཁུལ་གྱི་རིམས་ནད་སྔོན་འགོག་འགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་འགན་འཁུར་བ་གཙོ་བོ་ཚོགས་འདུར་ཞུགས།
       ཚོགས་འདུས་བསྟན་དོན།མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཧ་ཅང་ཛ་དྲག་ཡིན་པ་དང་།ཁུལ་ཡོངས་ཀྱི་སྡེ་ཚན་ཁག་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ཧུའུ་ཀྲུའོ་ཡིས་རང་ཁུལ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བར་ལྟ་ཞིབ་མཛུབ་ཁྲིད་བྱེད་སྐབས་ཀྱི་ཞིབ་ཕྲའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་གཅིག་ཤེས་ཀུན་གྲོལ་མཐའ་འཁྱོངས་དང་། ཞིབ་བཤེར་ནན་ཏན། ལྷུ་ཚིགས་ཞན་ས་འཚོལ་བ།ཐབས་བརྒྱ་ཇུས་སྟོང་གིས་དཀའ་གནད་ལས་སྒྲོལ་བ།སྔོན་འགོག་ཚོད་འཛིན་བྱ་བ་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ་ནན་བཤད་བྱས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

pk10计划软件手机版 山东体彩网官网首页 排列3开奖结果今天晚 什么是私募资产配置管理人 西宁特钢可能被收购 快乐10分开奖查询 上证指数走势图下载 体彩7位数预期号码推荐 今日推荐黑马股票 排列3组选3和组6区别 北京赛车开奖直播app 湖北福彩中心官网 上证股票指数 体彩青海十一选五开奖查询 浙江6+1中奖规则及奖金 擒牛宝配资 江苏快3怎么下载安装