今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

ཡུས་ཁྲིན་ཧུའེ་ཡིས་ནན་འགོག་ནན་སྲུང་དང་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་འགན་ལེན་བྱ་དགོས་ཞེས་བསྟན་པ།

     ཟླ2ཚེས3ཉིན་ལ།ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་བརྡ་མི་རྒྱག་པའི་བྱ་ཐབས་སྤྱད་དེ་གཙོས་གྲོང་ཁྱེར་དང་བསང་ཆུ་རྫོང་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་མཉམ་འགོག་མཉམ་བཅོས་བྱ་བ་ལ་ཞིབ་བཤེར་མཛུབ་སྟོན་བྱས།ཁོས་མཉམ་འགོག་མཉམ་བཅོས་ཀྱི་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་ནན་མོ་བྱེད་པ་དང་། དམ་འཛིན་ལྷོད་མེད་བྱེད་པ། འགོག་སྲུང་བརྟན་པོ་བྱེད་པ།རིམས་ནད་མཆེད་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་མི་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་འགན་ལེན་ཏན་ཏིག་བྱ་དགོས་ཞེས་བཤད།  
     ལིན་གཙོས་མྱུར་བགྲོད་གཞུང་ལམ་གྱི་ནུབ་སྒོ་དང་།བང་གུར་ཐང་།བསང་ཆུ་རྫོང་ཧོར་གཙང་ཤིང་སྒོ་བཅས་ཀྱི་ཞིབ་བཤེར་ས་ཚིགས་སུ་ཡུས་ཁྲིན་ཧུའེ་ཡིས་འགྲོ་མི་བསྡོམས་རྩིས་དང་དོ་དམ་ཞིབ་བཤེར།ཚོད་འཛིན་བཅས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ལས་གནས་བརྟན་སྲུང་བྱེད་མཁན་གྱི་འཐབ་ཕྱོགས་དང་བོའི་ལས་བྱེད་མི་སྣར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས།ཡུས་ཁྲིན་ཧུའེ་ཡིས་ཞིབ་བཤེར་ས་ཚིགས་ཁག་གི་གྲལ་བཤེར་དང་དོ་དམ་བྱ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་སའི་མདུན་དུ་གནས་དགོས་ལ།བྱ་བར་དཀའ་ཚེགས་ཆེ་ཡང་ཁྱད་དུ་བསད་ནས་ཞིབ་དཔྱད་ཚད་ལེན་དང་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་སྔར་བས་དོན་འཁྱོལ་ནན་མོ་བྱས་ཏེ་ལམ་མདོ་ཚང་མ་དང་ས་ཚིགས་ཚང་མར་དམ་འཛིན་ནན་མོ་བྱ་དགོས་པ་དང་།མི་འགྲུལ་རྒྱུན་འཁོར་མི་བྱེད་པར་ཁ་ཏ་བསླབ་བྱ་ཆེ་རུ་བཏང་ནས་ཁ་ལོ་བ་དང་འགྲུལ་བར་ཁ་རས་ཡག་པོ་བརྒྱབ་ནས་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་ཞིབ་ཚགས་དང་ཏན་ཏིག་ངང་བསྒྲུབས་ཏེ་རིམས་ནད་ཐོན་པ་དང་།མཆེད་པར་མི་བྱེད་པ་འགན་ལེན་བྱ་དགོས་ལ།བྱ་བའི་སྟོབས་ཤུགས་ལ་ཤུགས་སྣོན་པ་དང་ལས་རེས་བརྗེ་རེས་བྱས་ཏེ་བྱ་བའི་འཁོར་སྐྱོད་འགན་ལེན་ནུས་ལྡན་བྱེད་པ་དང་དུས་མཚུངས་བསྡུ་རུབ་དང་གཅིག་སྡུད་མི་བྱེད་པར་རང་ངོས་ཀྱི་བདེ་འཇགས་སྲུང་སྐྱོང་ལེགས་པོ་བྱ་དགོས་ཞེས་བསྟན།
     ཡུས་ཁྲིན་ཧུའེ་ཡིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཛ་དྲག་དུས་བབ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་འགན་འཁྲིའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་སྔོན་འགོག་ཚོད་འཛིན་གྱི་བྱ་བ་སོ་སོ་ཞིབ་ཚགས་ལྡན་པ་དང་།ལེགས་པོ་སྒྲུབ་པ།དོན་ཐོག་ཏུ་འཁྱོལ་བ་བཅས་བྱ་དགོས་ལ།གྲལ་བཤེར་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་།གཙོ་གནད་མི་ཚོགས་དང་གཙོ་གནད་ཁུལ་ལ་དམིགས་པ།དྲ་སྦྲེལ་རྣམ་པ་དང་གྲལ་བཤེར་ཞིབ་ཕྲ་བྱེད་པ།ཁྱིམ་ཚང་རེ་རེ་དང་མི་རེ་རེ་ལ་ཐོ་འགོད་བྱེད་པ།རྨང་གཞི་མཐིལ་རྟོགས་བྱེད་པ།ཟུར་བཙུགས་རྩིས་ཁྲ་བཟོ་བ་བཅས་བྱས་ནས་ཁུག་ཀྱོག་གང་ཡང་མི་ལུས་པའི་འགན་ལེན་བྱ་དགོས་པ་དང་།རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མི་ཚང་མ་སྒོ་ཁར་ཉུང་དུ་འགྲོ་བ་དང་མི་འགྲོ་བ།མི་ཚང་མས་ཁ་རས་བརྒྱབ་ནས་མང་ཚོགས་ལ་འགོག་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འགོག་སྲུང་གི་ནུས་པ་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་ཁྱིམ་ཚང་གི་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་དང་མང་ཚོགས་རང་བཞིན་གྱི་རོལ་རྩེད་བྱེད་སྒོ་སྣ་ཚོགས་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་སྣ་འགྲོ་འོང་གི་འབྲེལ་གཏུག་ཉུང་དུ་གཏོང་དགོས། རིམ་པ་སོ་སོའི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱ་ཁྱབ་ཏུ་མང་ཚོགས་སྐུལ་སློང་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་གོང་བུ་གཅིག་ཏུ་སྒྲིལ་བ་བཅས་བྱེད་པ་དང་།མཉམ་འགོག་མཉམ་བཅོས་ཀྱི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།མཉམ་འགོག་མཉམ་བཅོས་ཀྱི་འགོག་སྲུང་འཛིང་རགས་དམ་པོ་བཟོ་དགོས་ཞེས་ནན་གྱིས་བསྟན། 
     ཡུས་ཁྲིན་ཧུའེ་ཡིས་ལོ་སར་གྱི་ངལ་གསོའི་དུས་ཚོད་མཇུག་འགྲིལ་བ་དང་བསྟུན་ནས་མི་ཚོགས་འགྲོ་འོང་མང་བའི་དུས་སུ་སླེབས་པས།རིམས་ནད་མཆེད་པའི་ཉེན་ཁ་དང་སྔོན་འགོག་ཚོད་འཛིན་བྱ་བའི་དཀའ་ཚེགས་སྔར་བས་ཆེ་རུ་འགྲོ་རྒྱུ་ཡིན་པས། བྱ་བའི་ཚོར་སྐྱེན་རང་བཞིན་དང་།དགོས་གཏུག་རང་བཞིན།འགན་འཁྲིའི་བསམ་པ། ལས་འགན་སྒྲུབ་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་། དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ནས་ཀན་ལྷོ་སྲུང་སྐྱོང་བཟང་བོ་བྱ་དགོས་ཞེས་ནན་གྱིས་བསྟན་ལ།སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་རང་སོ་སོའི་གནས་ཚུལ་དངོས་ལ་གཞིགས་ནས་ལས་བྱེད་པ་དོ་དམ་ཚོད་འཛིན་ལེགས་པོ་བྱས་ཏེ་ལས་གནས་སུ་ཕྱིར་ལོག་བྱས་ནས་རིམས་ནད་ཐོན་རྒྱུར་སྔོན་འགོག་བྱ་དགོས་ཞེས་ནན་གྱིས་བསྟན།།                         


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

pk10计划软件手机版 幸运快三全天计划 股票行情实时查询软件下载 广西快乐双彩工具 北京赛车官网 金蟾捕鱼游戏网络版 微信打麻将怎么创房间 老快三开奖结果走势图 山东11选5最大遗 25选7开奖结果查 点点搭档配资 四川麻将胡了手机版下载 快船vs鹈鶘 黑马股票推荐软件 买十一运夺金的技巧 850棋牌下载官方网站 快乐彩十二选五浙江