今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

ཁུལ་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚན་ཆུང་གིས་སྤོ་སྒུལ་བརྡ་འཕྲིན་མ་ལག་བརྒྱུད་ནས་རིམས་ནད་སྔོན་འགོག་གནད་སའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པའི་ ཚོགས་འདུ་ཚོགས་པ།

     ཟླ༢པའི་ཚེས༢ཉིན་གྱི་ཕྱི་དྲོར།ཁུལ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚན་ཆུང་གིས་སྤོ་སྒུལ་བརྡ་འཕྲིན་མ་ལག་བརྒྱུད་ནས་བརྙན་རིས་ཚོགས་འདུ་ཚོགས་ཏེ།རིམས་ནད་སྔོན་འགོག་གི་གནད་སའི་བྱ་བ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
     ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ།ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ཚོགས་འདུའི་གཙོ་འགན་འཁུར་བ་དང་། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས། ཁུལ་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚན་ཆུང་གི་གཞུང་སྒྲུབ་ཁང་དང་པོའི་ཚན་ཆུང་བརྒྱད་པའི་ཚན་གཙོ།ཚན་གཙོ་ གཞོན་པ།ཚན་པ་སོ་སོའི་འགན་འཁུར་མི་སྣ་དང་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣ་གཙོ་བོ་བཅས་བརྙན་རིས་བརྒྱུད་ནས་ཚོགས་འདུར་ཞུགས་ཡོད
     ཡུས་ཁྲིན་ཧུའེ་ཡིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་སོ་སོས་རང་འགན་གཙང་སྒྲུབ་བྱས་ནས།གློ་ཚད་རིམས་ནད་སྔོན་འགོག་གི་གནད་སའི་བྱ་བ་ནན་གྱིས་བསྒྲུབ་པ་དང་།རང་ཁུལ་དུ་བྱུང་བའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ ཚད་རིམས་ནད་ཀྱི་ཛ་དྲག་གནས་ཚུལ་ལ་གདོང་གཏད་ནས།སྔོན་འགོག་གི་རིམ་པ་སོ་སོའི་བྱ་བར་གཏན་ནས་ནོར་འཁྲུལ་མི་འབྱུང་བ་དང་།རིམས་ནད་ཀྱི་ཡོང་ཁུངས་ལ་ཞིབ་བཤེར་གྲལ་དག་བྱེད་པ་དེ་གལ་ཆེན་དུ་བཟུང་ནས།ཐབས་བརྒྱ་ཇུས་སྟོང་གིས་རིམས་ནད་ཁྱབ་བརྡལ་དུ་མི་འགྲོ་བར་སྔོན་འགོག་ལེགས་པོ་བྱེད་པ་དང་།ཧུར་བརྩོན་སྒོས་ཐོན་ཁུངས་ཡོངས་རྫོགས་བཀོལ་སྤྱོད་བྱས་ནས་སྨན་བཅོས་མི་སྣར་ཆ་རྐྱེན་གང་ལེགས་འདོན་སྤྲོད་བྱེད་པར་ཁག་ཐེག་བྱ་དགོས་ཤིང་།ཚོང་རའི་དོ་དམ་དམ་འཛིན་དང་རིན་གོང་གཏན་འཇགས་ཡོང་བ་བྱས་ནས་ཚོང་རར་དགོས་ངེས་ཀྱི་དངོས་ཟོག་མཚམས་མ་ཆད་པར་མཁོ་སྤྲོད་བྱ་དགོས།སྡེ་ཁག་སོ་སོའི་ལས་ཁུངས་ཀྱིས་ནང་ཁུལ་གྱི་སྔོན་འགོག་བྱ་བ་དམ་འཛིན་བྱས་ནས་དུས་ལྟར་དུག་སེལ་བྱེད་པ་དང་ཚ་གྲང་འཇལ་བ་སོགས་ཀྱི་ལས་ཀ་ནན་མོ་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།
     ཀྲའོ་ལིན་ཡུན་གྱིས་ཁུལ་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚན་ཆུང་གི་སྤྱིའི་བཀོད་སྒྲིག་དང་དུ་ལེན་པ་དང་། རོང་འབྲོག་པ་མང་ཚོགས་ཀྱི་རིམས་ནད་སྔོན་འགོག་འདུ་ཤེས་མཐོར་འདེགས་སུ་བཏང་ནས།རིགས་སོ་སོའི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཡོང་བར་ཧུར་བརྩོན་བྱ་དགོས་ཞེས་བསྟན།
    གྲོས་ཚོགས་ཀྱིས་ཞིང་ཆེན་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་དགོངས་དོན་གཙོ་བོ་བརྒྱུད་བསྒྲགས་བྱས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

pk10计划软件手机版 福建十一选五计划软件手机版式 赚钱的网游 幸运快3单双大小技巧 体彩29选7今天开奖结果 长沙小姐的qq 人力资源配置 福建星悦麻将官方网站 内蒙古快三走势图所有 浙江20选5计算器 市来美保所有番号及封面 千炮捕鱼 海南飞鱼彩票官网 湖南闲来麻将下载 广东好彩1开奖号码 2011银川站街女 股票趋势走势软件下