今天是:

རེས་མོའི་གསར་འགྱུར།

ཉིན་རེའི་གསར་འགྱུར་གལ་ཆེན།

མདུན་ཤོག > རེས་མོའི་གསར་འགྱུར། > ཉིན་རེའི་གསར་འགྱུར་གལ་ཆེན།

བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ། མཁྱེན་ལྡན་མ་རྣམ་པ། སྐུ་ཞབས་རྣམ་པ།

     སྤྱི་ལོ་2020ལོ་འཆར་ལ་ཉེ་བའི་སྐབས་འདིར།ང་རང་གིས་རྒྱལ་ས་པེ་ཅིང་ནས་ལྷན་རྒྱས་ལ་ལོ་གསར་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།
     སྤྱི་ལོ་2019ལོར།ང་ཚོས་རྔུལ་ཆུར་བརྟེན་པས་གྲུབ་འབྲས་གང་ལེགས་ཐོབ་པ་དང་།བྱ་བ་དངོས་སྒྲུབ་པ་དང་བློ་རྩ་བརྟན་པོས་མདུན་སྐྱོད་བྱས་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྔོན་དཔག་བྱས་ན་མི་དམངས་ཤོག་སྒོར་དུང་ཕྱུར་ས་ཡ་གཅིག་ལ་ཉེ་བ་ཟིན་རྒྱུ་ཡིན་པ།མི་རེའི་ཆ་སྙོམས་ཡོང་འབབ་ཨ་སྒོར་ཆིག་ཁྲི་ཟིན་རྒྱུ་ཡིན་པ་རེད།འགག་སྒྲོལ་ཆེན་པོ་གསུམ་ལ་འགག་རྩའི་འཕེལ་རིམ་བྱུང་ཡོད།པེ་ཅིང་དང་།ཐན་ཅིན།ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་བཏང་བ་དང་།འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་བཏང་བ།ཡུའེ་ཀང་ཨའོ་ཁུག་ཆ་ཆེན་པོའི་ཁུལ་འཛུགས་སྐྲུན་བྱས་པ།འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་གཏོང་རྒྱུའི་འགག་རྩའི་གོམ་པ་སྤོས་པ།རྨ་ཆུ་རྒྱུག་ཁུལ་གྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཉིད་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་གྱུར་ཡོད།རྒྱལ་ཡོངས་སུ་དབུལ་ཕོངས་རྫོང་340ཙམ་དབུལ་ཞྭ་འབུད་ཐུབ་རྒྱུ་ཡིན་པ་དང་།མི་བྱེ་བ་གཅིག་ཙམ་དབུལ་སྒྲོལ་ཐུབ་རྒྱུ་རེད།ཟླ་བའི་ལྷ་མོ་བཞི་པ་རྟགས་ཅན་གྱིས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཟླ་བའི་གོ་ལའི་རྒྱབ་ངོས་སུ་ཐེངས་དང་པོར་བསྐྱོད་ཐུབ་པ་བྱུང་བ་དང་།རྒྱང་སྐྱོད་ལྔ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་ལེགས་གྲུབ་བྱུང་བ།ཞུའེ་ལུང་གཉིས་པ་རྟགས་ཅན་ལྷོ་སྣེར་ཐེངས་དང་པོར་བསྐྱོད་པ།བྱང་སྐར་སྤུན་བདུན་ཕྱོགས་སྟོན་གྱི་གོ་ལ་ཧྲིལ་པོའི་ཚོགས་ཆུང་དྲ་བ་འགག་རྩའི་དུས་མཚམས་སུ་བསྐྱོད་པ།5Gཚོང་སྤྱོད་དྲ་བ་འདོན་རྒྱུ་མགྱོགས་སུ་བཏང་བ།པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་བསྐྲུན་ཟིན་པ་སོགས་གྲུབ་འབྲས་དེ་དག་ནང་། དུས་རབས་གསར་པའི་འབད་འཐབ་པ་རྣམས་ཀྱི་རྔུལ་ཁྲག་འདུས་ཡོད་ཅིང་། ཀྲུང་གོའི་ཉམས་འགྱུར་དང་ཀྲུང་གོའི་སྟོབས་ཤུགས་ཁྱད་དུ་འཕགས་པ་མངོན་ཡོད།
ལོ་གཅིག་རིང་།བསྒྱུར་བཅོས་སྒོ་དབྱེས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་དང་།ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ལེགས་གྲུབ་བྱུང་བ།རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཁག་གཅིག་དང་།ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཁུལ་གསར་གསར་དུ་བཙུགས་པ།ཚན་རྩལ་གསར་གཏོད་ལས་རྣམ་ལ་སྐུལ་འདེད་བདེ་བླག་བཏང་བ།དཔྱ་ཁྲལ་དམའ་གཏོང་དང་འགྲོ་གྲོན་ཉུང་གཏོང་གི་སྤྱི་འབོར་སྒོར་དུང་ཕྱུར་ཉིས་ཁྲི་ལས་བརྒལ་བ།སྒེར་གྱི་ཐོབ་ཁྲལ་བསྡུ་རྒྱུའི་ཚད་གཞི་མཐོ་རུ་བཏང་བ།མང་ཚོགས་ཀྱི་རྒྱུན་དུ་སྤྱོད་པའི་སྨན་རྫས་མང་པོའི་རིན་གོང་བཅག་པ།དྲ་བ་མགྱོགས་ལ་རིན་གོང་སྔར་བས་ དམའ་རུ་ཕྱིན་པ།གད་སྙིགས་རིགས་དབྱེས་ཐན་ཉུང་འཚོ་བའི་དར་སྲོལ་གསར་པར་སྣེ་ཁྲིད་བྱས་པ།གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལོ་ཡིས་གཞི་རིམ་ལས་བྱེད་པ་གནོན་ཤུགས་མེད་པའི་ཐོག་ནས་ལས་ལ་ཞུགས་ཐུབ་པ།མེས་རྒྱལ་ས་གཞི་ཆེན་མོར་ལྟ་སྐབས། འགྱུར་ལྡོག་གསར་པ་དང་རྣམ་པ་གསར་པས་ཕྱུག་ཡོད།
     ལོ་གཅིག་རིང་། རྒྱལ་སྲུང་དང་། དམག་དཔུང་བསྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། མི་དམངས་དམག་དཔུང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེན་གྱི་ཉམས་སྣང་མངོན་པ།ང་ཚོས་རྒྱལ་སྟོན་དུས་ཆེན་གྱི་དམག་གཟིགས་མཛད་སྒོ་ཆེན་པོ་གཉེར་བ་དང་།མཚོ་དམག་དང་མཁའ་དམག་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གཉེར་བ།སྐབས་བདུན་པའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་གཉེར་བ།རྒྱལ་ཐོན་གྲུ་གཟིངས་ཨ་མ་དང་པོ་དངོས་སུ་དམག་དཔུང་གི་སྒྲིག་ཆས་ཁོངས་སུ་བཅུག་པ།མི་དམངས་བུ་ཕྲུག་དམག་ནི་ནམ་ཡང་མེས་རྒྱལ་སྲུང་སྐྱོབ་བྱེད་མཁན་གྱི་ངར་ལྕགས་གྱི་ལྕགས་རི་རིང་པོ་ལྟ་བུ་ཡིན་པས། ང་ཚོས་ཁྱིམ་གཞིས་ལ་སྲུང་སྐྱོབ་བྱེད་མཁན་གྱི་ལྷག་བསམ་དཀར་བའི་སྲུང་དམག་རྣམས་ལ་གུས་འདུད་ཞུ།
     སྤྱི་ལོ་2019ལོར།ཆེས་བརྗེད་པར་དཀའ་བ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དེ་ཡིན།ང་ཚོས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་ངོ་70ཡི་འོད་སྟོང་འབར་བའི་གྲུབ་འབྲས་ལ་བསྟོད་གླུ་འབུལ་རྒྱུ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྲ་ཞིང་བརྟན་པའི་སྟོབས་ཤུགས་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་ཡོད། དམག་གཟིགས་རུ་སྟར་རྔམ་བརྗིད་ཆེ་ཞིང་མང་ཚོགས་ཀྱི་ཁྲོམ་སྐོར་སྤྲོ་སེམས་ཀྱིས་ཕྱུག་པ།གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དེ་ཉིད་དགའ་སྤྲོ་རབ་ཏུ་འཁོལ་བའི་རྒྱ་མཚོ་ལྟ་བུར་གྱུར་ཡོད།རྒྱལ་ཡོངས་ས་ཕྱོགས་ཀུན་དུ་དམར་མདོག་གི་གཟབ་མཆོར་སྤྲས་པ་དང་།མི་རྣམས་ཀྱི་ངོ་གདོང་ནས་སྤོབས་ཉམས་ལྡན་པའི་འཛུམ་མདངས་འཕྱུར་ཞིང་ང་དང་ངའི་མེས་རྒྱལ་ཞེས་པའི་གླུ་དབྱངས་ཀུན་ཏུ་གྲགས་ཡོད།རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཀྱིས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་པ་དང་།རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཀྱིས་མི་རིགས་ཀྱི་གཞི་རྟེན་བསྐྲུན་ཡོད། དེ་དག་ཡོད་ཚད་ཀྲུང་གོ་གསར་པར་བསྟོད་གླུ་འབུལ་བ་དང་། དུས་རབས་གསར་པར་འབད་འཐབ་བྱེད་པའི་མདུན་སྐྱོད་ཀྱི་རླབས་རྒྱུན་ཞིག་ཆགས་ནས།ང་ཚོར་སྟོབས་ཤུགས་རྫོགས་མཐའ་བྲལ་བ་ཞིག་སྤྲད་ཡོད།
ལོ་གཅིག་གི་རིང་།ང་རང་ས་ཆ་མང་པོ་ཞིག་ལ་ཕྱིན་པ་ཡིན།ཞུང་ཨན་ཁུལ་གསར་གྱི་འཆར་འགོད་མང་པོ་ཞིག་ལས་འགོ་བཙུགས་པ་དང་། ཐན་ཅིན་གྲུ་ཁ་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཕྱིན་པ། པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་གཉིས་པ་ གསོན་ཤུགས་ཀྱིས་ཕྱུག་པ།ནང་སོག་གི་རྩྭ་ཐང་ཆེན་མོ་བརྗིད་ཆགས་ཡིད་དུ་འོང་བ།རྨ་ནུབ་དོག་ལམ་ལས་རྣམ་པ་གསར་པ་མངོན་པ།རྨ་ཆུའི་ཆུ་ལམ་ཡངས་ཤིང་ཆུ་བོ་བདེ་བར་རྒྱུག་པ།ཧོང་ཕུའུ་ཅང་གཙང་པོའི་ངོགས་གཉིས་སུ་ཐོན་ཁུངས་ཕུན་སུམ་ཚོགས་ལ་མང་ཚོགས་བདེ་ཞིང་སྐྱིད་པ་སོགས་མེས་རྒྱལ་གྱི་ས་ཕྱོགས་ཁག་ཏུ་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་རྣམ་པས་ཁེངས་ཡོད།ང་རང་ནས་ཀྲུང་གོའི་གསར་བརྗེའི་ལམ་བུ་དེད་ནས་དཀའ་སྤྱད་འབད་འཐབ་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར།ཅང་ཞི་ཡུས་ཏུའུ་ཡི་དམར་དམག་རྒྱང་སྐྱོད་མཉམ་འཛོམས་དང་རྡོག་ཐོན་བྱེད་ས་ནས།ཧོ་ནན་ཤིན་ཤན་ཨེ་ཡུས་ཝན་གྱི་སུའུ་ཝེ་ཨའེ་ཁུལ་གྱི་ལྟེ་གནས་སུ་ཡོད་པའི་གསར་བརྗེའི་དངོས་མང་བཤམས་སྟོན་ཁང་བར་དང་།ཀན་སུའུ་ཡི་ཀའོ་ཐའེ་ནུབ་ལམ་དམག་གི་དྲན་གསོའི་རྡོ་རིང་ནས།པེ་ཅིང་ཤང་ཧྲན་གྱི་གསར་བརྗེའི་དྲན་གསོ་བྱ་ཡུལ་བར་སོགས་ས་ཆ་དེ་དག་རེ་རེས་ང་རང་ལ་དྲན་འཆར་མང་པོ་ཞིག་བཞག་བྱུང་སྟེ།ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ང་ཚོ་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཡག་པོ་བསྐྱོད་རྒྱུའི་རྫོགས་མཐའ་བྲལ་བའི་འགུལ་ཤུགས་ཡིན།དུས་རྒྱུན་དང་འདྲ་བར།ང་རང་ལས་བྲེལ་ག་ཚོད་ཆེ་ཡང་དུས་ཚོད་བཙལ་ནས་ཡུལ་མི་རྣམས་ལ་བལྟ་བར་འགྲོ་གི་ཡོད།ཚང་མས་ང་ལ་སེམས་ནང་གི་སྐད་ཆ་མང་པོ་བཤད་བྱུང་།ང་རང་ནས་ཀྱང་དེ་དག་སེམས་ཁོང་དུ་བཞག་ཡོད།ཡུན་ནན་ཀུང་ཧྲན་གྱི་ཏུའུ་ལུང་རིགས་ཀྱི་མང་ཚོགས་དང་།ཧྥུ་ཅན་ཧྲའུ་ཉིང་རྫོང་ཤ་ཏང་ཤང་གི་ཡུལ་མི།ཝང་ཅེའི་བཅུ་ཤོག་གི་འཐབ་འཛིང་པ་ཡོངས།པེ་ཅིང་ལུས་རྩལ་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་ཨང་དང་པོ་ལེན་མཁན་འཛིན་གྲྭའི་སློབ་གྲོགས།ཨའོ་མོན་གྱིགྲོགས་པོ་ཆུང་ཆུང་དང་འོས་འགན་ཞབས་འདེགས་པ་རྒན་གྲས་བཅས་ནས་ང་རང་ལ་ཡི་གེ་བསྐུར་བྱུང་།ང་རང་གིས་ཀྱང་ཡིག་ལན་ནང་ཚང་མར་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་ཡོད་ལ། ཁོང་ཚོར་སྨོན་འདུན་བཟང་པོ་ཞུས་ཡོད།
    ལོ་གཅིག་གི་རིང་། མི་དང་བྱ་བ་མང་པོས་ང་ཚོར་སེམས་འགུལ་ཐེབས་ཡོད། མི་ཚེ་ཧྲིལ་པོར་རང་ཉིད་ཀྱི་བྱས་རྗེས་གསང་རྒྱ་བྱས་ནས་ཐོག་མའི་བསམ་འདུན་ལ་འགྱུར་བ་མི་གཏོང་མཁན་ཀྲང་ཧྥུ་ཆིང་དང་།ལང་ཚོ་དང་ཚེ་སྲོག་དབུལ་སྒྲོལ་བྱ་གཞག་ཐད་འབུལ་གནང་མཁན་གྱི་ཧོང་ཝན་ཤེའུ།སི་ཁྲོན་མུ་ལིའི་མེ་གསོད་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་དཔའ་བོ་སུམ་ཅུ་སོ་གཅིག  རང་གི་ལུས་པོས་འཐབ་གྲོགས་ལ་སྲུང་སྐྱོབ་བྱེད་མཁན་ཏུའུ་ཧྥུ་གོརྒྱལ་ཁ་ཐེངས་བཅུ་གཅིག་བསྟུད་མར་བླངས་ནས་འཛམ་གླིང་བུམ་པའི་ཨང་དང་པོ་ལེན་མཁན་གྱི་ཀྲུང་གོའི་བུད་མེད་ཕའེ་ཆུའུ་སྤོ་ལོའི་རུ་ཁག་སོགས་གནོང་འགྱོད་སྤུ་ཙམ་མེད་ཅིང་།ལེགས་སྐྱེས་འབུལ་རྒྱུར་སྤྲོ་བའི་མིང་མེད་དཔའ་བོ་མང་པོས་སྤྱིར་བཏང་མིན་པའི་མི་ཚེའི་གཏམ་རྒྱུད་མང་པོ་བཏོད་ཡོད།
    སྤྱི་ལོ་2019ལོར།ཀྲུང་གོས་མུ་མཐུད་དེ་འཛམ་གླིང་དང་འབྲེལ་གཏུགས་དམ་ཟབ་བྱས་ཡོད།ང་ཚོས་སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་དང་།པེ་ཅིང་རྒྱལ་སྤྱིའི་སྐྱེད་ཚལ་དངོས་མང་འགྲེམ་ཚོགས། ཨ་ཤེ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་བཅས་གཙོ་གཉེར་བྱས་ནས།འཛམ་གླིང་ཕྱོགས་སུ་ཤེས་དཔལ་དང་། སྒོ་དབྱེ།ཁོག་ཡངས་བཅས་ཀྱི་ཀྲུང་གོ་ཞིག་མངོན་པར་བྱས་ཡོད།ང་རང་ནས་རྒྱལ་ཁབ་མང་པོའི་གཙོ་བདག་དང་སྲིད་གཞུང་གི་འགོ་གཙོ་མང་པོའི་བར་གྲོས་མོལ་བྱས་ནས། ཀྲུང་གོའི་འདོད་ཚུལ་མཉམ་སྤྱོད་བྱས་པས། མཛའ་གྲོགས་ཟབ་ཏུ་སོང་ཡོད་ལ། ཐུན་མོང་གི་ངོས་འཛིན་གཏིང་ཟབ་བྱུང་ཡོད།འཛམ་གླིང་ཐོག་གི་རྒྱལ་ཁབ་ཁག་གཅིག་དང་རང་རྒྱལ་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ཡོད་པས།རང་རྒྱལ་དང་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་རྒྱལ་ཁབ་180ཟིན་ཡོད་པ་དང་།ང་ཚོའི་གྲོགས་པོ་གནམ་འོག་གང་སར་ཁྱབ་ཡོད།
    སྤྱི་ལོ་2020ལོ་ནི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་རེད།ང་ཚོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཚར་བ་བྱ་རྒྱུ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་གྱུར་ཐུབ་པ་བྱ་རྒྱུ་ཡིན། སྤྱི་ལོ་2020ལོ་ནི་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་ཡང་ཡིན།གདོང་མཆོངས་ཀྱི་དུང་བརྡ་བསྒྲགས་ ཟིན།ང་ཚོས་ཀུན་སེམས་གཅིག་སྒྲིལ་གྱིས་འབད་འཐབ་བྱ་དགོས་པ་དང་།དཀའ་ངལ་ག་ཚོད་ཀྱིས་ཆེ་ཡང་དེ་ཚད་ཀྱིས་མདུན་མཆོངས་བྱས་ཏེ། ཞན་ཆ་དག་ཏན་ཏིག་ངང་གསབ་པ་དང་། རྨང་གཞི་སྔར་བས་བརྟན་དུ་བཏང་ནས། དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་།ད་ལྟའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་དབུལ་ཕོངས་མི་ཚོགས་ཚང་མ་དུས་བཀག་ལྟར་དབུལ་གྲོལ་ཐུབ་པ་དང་། དབུལ་ཕོངས་རྫོང་ཚང་མའི་དབུལ་ཞྭ་འབུད་ཐུབ་པ་བྱ་དགོས། ཉིན་ཤས་གོང་།ང་རང་ཨའོ་མོན་མེས་རྒྱལ་པང་དུ་ལོག་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པ་ཡིན།ཨའོ་མོན་དར་རྒྱས་བརྟན་ལྷིང་ཡིན་པ་མཐོང་སྐབས་ང་རང་སེམས་དགའ་པོ་བྱུང་།ཨའོ་མོན་གྱི་ལེགས་གྲུབ་ལག་ལེན་གྱིས།རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ནི་ཡོངས་སུ་ལུགས་དང་མཐུན་པ་དང་།སྒྲུབ་ཐུབ་པ།མི་སེམས་ལ་ཟུག་པ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད།ཉེ་བའི་ཟླ་བ་ཁ་ཤས་ནང་།ཤང་ཀང་གི་དུས་བབ་ཀྱིས་ཚང་མར་སེམས་ཁྲལ་བཟོས་ཡོད།འཆམ་མཐུན་བརྟན་ལྷིང་གི་ཁོར་ཡུག་མེད་ན་བདེ་སྡོད་ལས་བརྩོན་གྱི་ཁྱིམ་གཞིས་ཡོང་ཅི་ལ་ཐུབ།ཤང་ཀང་ཡག་པོ་དང་ཤང་ཀང་གི་སྤུན་ཟླ་ཡག་པོ་ཡོང་བའི་རེ་བ་སྙིང་ནས་བྱེད་ཀྱི་ཡོད།ཤང་ཀང་གི་དར་རྒྱས་བརྟན་ལྷིང་ནི་ཤང་ཀང་གི་སྤུན་ཟླའི་བསམ་འདུན་ཡིན་ལ། མེས་རྒྱལ་མི་དམངས་ཀྱི་རེ་བ་ཡང་ཡིན།
    ལོ་རྒྱུས་ཀྱི་ཆུ་རྒྱུན་རྒྱུན་ཆད་མེད་པར་རྒྱུག་བཞིན་ཡོད། དེར་རླབས་འཇགས་ཞི་འཇམ་ཡོད་ལ། རྦ་རླབས་དྲག་ཏུ་འཕྱུར་བ་ཡང་ཡོད། ང་ཚོ་རླུང་འཚུབ་དྲག་ཆར་ལ་མི་ཞེད་ལ། དཀའ་ངལ་དང་འགོག་རྐྱེན་ལ་ཡང་མི་སྐྲག ཀྲུང་གོས་མུ་མཐུད་ཞི་བདེ་གོང་འཕེལ་གྱི་ལམ་དུ་བློ་བརྟན་འགྱུར་མེད་ངང་བསྐྱོད་རྒྱུ་དང་།བློ་བརྟན་འགྱུར་ངང་འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་དང་། ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན།
    ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་ལག་གདང་སྦྲེལ་ཐོགཧུར་བརྩོན་ཆེན་པོས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་ཆེད་འབད་འཐབ་ལྷོད་མེད་བྱེད་འདོད་ཡོད།
    དུས་སྐབས་འདིར།ད་དུང་མི་མང་པོ་ཞིག་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད་པ་དང་།མི་མང་པོ་ཞིག་གིས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། མི་མང་པོ་ཞིག་གིས་དཀའ་སྤྱད་ངལ་རྩོལ་བྱེད་བཞིན་ཡོད། མཚམས་འདིར། ཚང་མར་སྐུ་ལས་ཁག་སོང་ཞེས་ཞུ་རྒྱུ་ཡིན།
    ང་ཚོས་དུས་ཚོད་དམ་འཛིན་དང་། དུས་བཟང་ལ་གཅེས་སྤྲས་བྱས་ནས། སྤྱི་ལོ2020ལོ་མཉམ་དུ་བསུ་བ་ཞུ།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

pk10计划软件手机版 新疆18选7开奖公告 青海快3开奖时间表 澳洲幸运10开官网 手机捕鱼app下载 至尊娱乐棋牌app 星悦浙江麻将 官方网站 江苏十一选五现场开 心悦辽宁麻将下载 内蒙古快3二同号推荐 买平特一肖买几种赔法 湖南快乐十分综合走势图 配资排排网 516棋牌游戏手机下载 彩吧排三试机号今天是 aj白绿凯尔特人值得入 如何通过网络赚钱