今天是:

ཏང་གི་ཤེས་བྱ།

ཏང་གི་ཤེས་བྱ།

མདུན་ཤོག > ཏང་གི་ཤེས་བྱ། > ཏང་གི་ཤེས་བྱ།

ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་དོན་ཅི་ཡིན།(22)

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས།“ཁྱོན་ཡོངས་ནས་ཁྲིམས་ལྟར་ རྒྱལ་ཁབ་སྐྱོང་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་འགན་སྲུང་གཙོ་བོ་ཡིན”ཞེས་ནན་གྱིས་བསྟན་ཡོད།ཁྲིམས་ནི་རྒྱལ་ཁམས་སྐྱོང་བའི་ཚད་གཞི་དང་དོན་ཀུན་སྒྲུབ་པའི་ཚད་ཐིག་ལྟ་བུ་ཡིན།བཅའ་ཁྲིམས་ནི་རྒྱལ་ཁབ་སྐྱོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ།ཁྲིམས་སྐྱོང་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་ཀྱི་རྒྱབ་རྟེན་གཙོ་བོ་ཡིན།
ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དེ།གཅིག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ངོ་བོའི་བླང་བྱ་ཡིན།ཁྲིམས་སྐྱོང་དང་ཆབ་སྲིད་ལམ་ལུགས་གཉིས་ཕན་ཚུན་འབྲེལ་མཐུད་དམ་ཟབ་བྱེད་དགོས་པ་དང་།ཆབ་སྲིད་ལམ་ལུགས་ཅི་ལྟ་བུ་ཡིན་ན་ཁྲིམས་སྐྱོང་གི་མ་ལག་ཀྱང་དེ་ལྟ་བུ་ཞིག་ཡིན་ངེས།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱས་ཚེ།ད་གཟོད་ཚན་རིག་ལྟར་ཁྲིམས་འཛུགས་པ་དང་།ཁྲིམས་ལག་བསྟར་ནན་མོ་བྱེད་པ།ཁྲིམས་འཛིན་དྲང་གཞག་ཡིན་པ།དམངས་ཡོངས་ཀྱིས་ཁྲིམས་སྲུང་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཐུབ།ཉེ་བའི་ལོ་འགའི་རིང་ལ།ནུབ་ཕྱོགས་ཀྱི་དགྲར་འཛིན་སྟོབས་ཤུགས་དང་སྤྱི་ཚོགས་སྟེང་གི་དམིགས་ཡུལ་ངན་པ་བཅངས་པའི་མི་ཁ་ཤས་ཀྱིས་ཁྲིམས་སྐྱོང་དེ“མཚོན་ཆ”ཞིག་དང་།ཁྲིམས་སྐྱོང་དེ“མིང་བྱང”ཞིག་ཏུ་བརྩིས་ནས།ནུབ་ཕྱོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་དཔེ་དབྱིབས་འུད་སྒྲོག་ཆེན་པོ་བྱས་པ་དང་།དེའི་དམིགས་ཡུལ་ནི་ཁྲིམས་སྐྱོང་གི་གནད་དོན་སྟེང་ནས་མི་འདང་ས་མང་པོ་བཙལ་ཏེ།ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྩིས་མེད་དུ་གཏོང་འདོད་པ་དེ་རེད།
   གཉིས་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཁྲོད་འཕྲད་པའི་འབུར་ཐོན་གྱི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པའི་དགོས་མཁོ་གལ་ཆེན་ཞིག་ཡིན།དུས་ཡུན་རིང་བོར་འབད་བརྩོན་བྱས་པ་བརྒྱུད་དེ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དེ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་གསར་བ་ཞིག་ཡིན། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་ལ་ཕུན་སུམ་ཚོགས་པ་མིན་པའི་འཕེལ་རྒྱས་བར་གྱི་འགལ་བར་གྱུར།དེ་ནི་ཁྱོན་ཡོངས་ལ་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཞིག་ཡིན་པས།ང་ཚོས་མུ་མཐུད་དུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་སྟེང་།ཤུགས་ཆེན་པོས་འཕེལ་རྒྱས་དོ་མི་མཉམ་ལ་ཕུན་སུམ་ཚོགས་པ་མིན་པའི་གནད་དོན་ཐག་གཅོད་བཟང་པོ་བྱེད་དགོས་པ་དང་།ཤུགས་ཆེན་པོས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་བཏང་སྟེ།སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ཀྱི་དཔལ་འབྱོར་དང་ཆབ་སྲིད།རིག་གནས།སྤྱི་ཚོགས།སྐྱེ་ཁམས་སོགས་ཐད་ནས་ཉིན་རེ་བཞིན་ཇེ་མཐོར་འགྲོ་བཞིན་པའི་དགོས་མཁོ་ཡོངས་སུ་སྐོང་དགོས།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བསྐྱངས་ཚེ།ད་གཟོད་སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཇེ་དྲག་ཏུ་གཏོང་ཐུབ་པ་དང་།སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྐུལ་འདེད་གཏོང་ཐུབ་ལ།སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བ་སྲུང་སྐྱོབ་བྱེད་ཐུབ་པ་དང་།ཏང་དང་རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་ལ་འགན་ལེན་བྱེད་ཐུབ།གསུམ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་།དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པ་དང་།དེ་ནས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་ནི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ཡིན་པས། དོན་དངོས་ཀྱི་སྟེང་ནས་ངེས་པར་དུ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་དང་།ཁྲིམས་སྐྱོང་ཁོར་ཡུག་སྔར་ལས་བཟང་པོ་བསྐྲུན་ནས།ཀྲུང་གོ་འདི་ཉིད་སྟོབས་འབྱོར་མངའ་ཐང་ལྡན་པའི་ཕྱོགས་སུ་བསྐྱོད་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
   ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བཏང་བས།ཁྲིམས་ཡོད་རུང་ལག་བསྟར་མི་བྱེད་པ་དང་ཁྲིམས་ལག་བསྟར་ནན་མོ་མིན་པ།ཁྲིམས་འཛིན་དྲང་གཞག་མིན་པ་བཅས་ཀྱི་གནད་དོན་ཚབས་ཆེན་ཡིན་པའི་སྣང་ཚུལ་དེ་དག་མངོན་གསལ་སྒོས་ལེགས་བཅོས་བྱུང་།དེ་གཙོ་བོ་གཤམ་གྱི་ཕྱོགས་འགའ་ནས་མཚོན་ཡོད།གཅིག་ནི་ཁྱོན་ཡོངས་ནས་རྒྱལ་ཁབ་སྐྱོང་བ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ཁྲོད་བཞག་ནས་མཐུན་སྦྱོར་ངང་སྐུལ་འདེད་བཏང་ཞིང་།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དེ་ཏང་གིས་མི་དམངས་ལ་འགོ་ཁྲིད་མཛད་དེ་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཇུས་གཞིར་བརྩི་བ་དང་།ཁྲིམས་ལྟར་སྲིད་འཛིན་པ་དེ་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་གཞི་རྩའི་བྱེད་ཐབས་སུ་བརྩིས་ཏེ།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པའི་གཞུང་ལུགས་དང་ལག་ལེན་གྱི་རྣམ་པ་གསར་བ་ཞིག་གསར་གཏོད་བྱས།གཉིས་ནི་ཚན་རིག་ལྟར་ཁྲིམས་འཛུགས་པ་དང་།དམངས་གཙོའི་ཁྲིམས་འཛུགས་དེ་འཕེལ་རིམ་གལ་ཆེན་ཞིག་ཏུ་བསླེབས་ཤིང་།གནད་སའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་གོམ་སྟབས་ཇེ་མགྱོགས་སུ་སོང་སྟེ།རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་དང་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས།དམངས་ཁྲིམས་ཀྱི་སྤྱིའི་སྒྲིག་སྲོལ་སོགས་བཅའ་ཁྲིམས་ཁྲིམས་སྲོལ་མང་པོ་ཞིག་སྔ་རྗེས་སུ་གཏན་འཁེལ་དང་བཟོ་བཅོས་བྱས་ནས་འགྲེམ་སྤེལ་བྱས་ཤིང་།ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཞི་བར་ཁྲིམས་ལྟར་འགྲེལ་བཤད་བྱས་པས།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་སྔར་ལས་འཐུས་ཚང་དུ་གྱུར།གསུམ་ནི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་བ་དང་།ཁྲིམས་ལྟར་སྲིད་འཛིན་པའི་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གྱུར་བ།སྲིད་འཛིན་མཆན་འགོད་ལམ་ལུགས་བཅོས་བསྒྱུར་ཐད་གྲུབ་འབྲས་ཆེན་པོ་བླངས་ཤིང་།ཇུས་ཆོད་ཚན་རིག་ཅན་དང་དམངས་གཙོ་ཅན།ཁྲིམས་སྐྱོང་ཅན་བཅས་ཀྱི་ཆུ་ཚད་བསྟུད་མར་ཇེ་མཐོར་སོང་བ་དང་།སྲིད་འཛིན་དབང་ཆ་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་པའི་ནང་རྐྱེན་རྒྱུན་ཆད་མེད་པར་འཐུས་ཚང་དུ་གྱུར།བཞི་ནི་ཁྲིམས་འཛིན་ཆུ་ཚད་དང་ཁྲིམས་འཛིན་གྱི་སྤྱིའི་ཡིད་རྟོན་བྱེད་ཤུགས་སྔར་ལས་ཇེ་མཐོར་སོང་བ་དང་།ཁྲིམས་འཛིན་དོ་དམ་སྒྲིག་སྲོལ་དང་ ཁྲིམས་འཛིན་དབང་ཆ་འཁོར་སྐྱོད་ནང་རྐྱེན་སྔར་ལས་འཐུང་ཚང་དུ་གྱུར་ཏེ།ནོར་འཁྲུལ་གྱི་གྱོད་གཞི་སྐོར་ཞིག་ཡོ་བསྲང་བྱས་པ་དང་།ཁྲིམས་འཛིན་མི་སྣར་རིགས་བཀར་ནས་དོ་དམ་དང་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས།ཁྲིམས་འཛིན་ལས་རིགས་འགན་སྲུང་ལམ་ལུགས།དེ་མིན་འདྲི་གཅོད་གཙོ་བོ་ཡིན་པའི་གཏུག་བཤེར་ལམ་ལུགས་སོགས་ཁྲིམས་འཛིན་བཅོས་སྒྱུར་ཁྱོན་ཡོངས་ནས་སྤེལ་བར་མ་ཟད་ཐོག་མའི་གྲུབ་འབྲས་བླངས་པ་དང་།ཁྲིམས་ལྟར་རང་བཙན་དྲང་བདེན་སྒོས་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་སྤྱོད་པ་འགན་སྲུང་བྱེད་པའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གྱུར།ལྔ་ནི་དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་བ་དང་།ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཞིང་། ཁྲིམས་ལྟར་ཁེ་དབང་སྲུང་སྐྱོབ་དང་རྩོད་གཞི་འདུམ་འགྲིག་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གྱུར་བ་དང་།བཅའ་ཁྲིམས་ཞབས་ཞུ་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་གྱུར་ཏེ།སྤྱི་ཚོགས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་སྔར་ལས་ལེགས་བཅོས་བྱུང་།དྲུག་ནི་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པ་དེ“མགྱོགས་མྱུར་གྱི་ལམ”དུ་ཞུགས་པ་དང་།ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་མཐུད་མཐུན་སྦྱོར་བྱེད་པར་མཐོང་ཆེན་ཚད་མཐོན་པོ་བྱས་ཤིང་།ཏང་གི་སྒྲིག་ཡིག་དེ་གཞི་འཛིན་ས་གཙོ་བོར་བརྩིས་ནས།«ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་གྱི་ཚད་གཞི»དང«ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག»།«ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་རྩད་གཅོད་སྲོལ་ཡིག»།«གནས་བབ་གསར་བའི་འོག་ཏང་ནང་གི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ»།«ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་གི་ལྟ་སྐུལ་སྲོལ་ཡིག»བཅས་གཏན་ལ་ཕབ་པས།དབང་ཆར་ལྟ་སྐུལ་ཚོད་འཛིན་བྱེད་པའི་མ་ལག་སྔར་ལས་འཐུས་ཚང་དུ་གྱུར་ཞིང་།ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་གྲུབ་འབྲས་གསར་བ་བླངས།བདུན་ནི་ཁྲིམས་སྐྱོང་བྱ་བའི་དཔུང་སྡེ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་བླངས་པ་དང་།ཁྲིམས་སྐྱོང་ཆེད་བཙུགས་དཔུང་སྡེ་ཚད་ལྡན་ཅན་དང་ཆེད་ལས་ཅན།ལས་རིགས་ཅན་བཅས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་སོང་ལ།བཅའ་ཁྲིམས་ཞབས་ཞུའི་དཔུང་སྡེ་སྔར་ལས་ཇེ་ཆེར་གྱུར་བ་དང་།ཁྲིམས་སྐྱོང་འཇོན་མི་སྐྱེད་སྲིང་བྱེད་པའི་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གྱུར།བརྒྱད་ནི་ཏང་གིས་འགོ་ཁྲིད་བྱེད་པའི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལམ་ལུགས་དང་བྱ་བའི་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གྱུར་བ་དང་།ཏང་ཡོན་ལས་བྱེད་པའི་ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་ལྟར་ལས་དོན་སྒྲུབ་པའི་ནུས་ཤུགས་མངོན་གསལ་སྒོས་མཐོར་འདེགས་བྱུང་སྟེ།གཞི་རིམ་བཅོས་སྐྱོང་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་གཏིང་ཟབ་ཏུ་སྐུལ་འདེད་བཏང་།བྱ་བ་གལ་ཆེན་དང་གྲུབ་འབྲས་ཆེན་པོ་དེ་དག་གིས་ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་ཁབ་སྒྲིག་གཞིས་ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པའི་ནུས་ཤུགས་ཇེ་ཆེར་བཏང་བ་དང་།ཕན་ནུས་ལྡན་པའི་སྒོ་ནས་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་གནད་དོན་ཐག་གཅོད་པ་དང་།འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་ཤུགས་ཇེ་ཆེར་བཏང་།ཕན་ནུས་ལྡན་པའི་སྒོ་ནས་སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་།ཕན་ནུས་ལྡན་པའི་སྒོ་ནས་སྤྱི་ཚོགས་འདྲ་མཉམ་དྲང་བདེན་ལ་ཡར་སྐུལ་བཏང་བ་དང་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ།ང་ཚོའི་ཏང་གིས་བཅའ་ཁྲིམས་ཀྱི་བྱེད་ཐབས་སྤྱད་ནས་རྒྱལ་ཁབ་ལ་འགོ་ཁྲིད་དང་བཅོས་སྐྱོང་བྱེད་པའི་ནུས་ཤུགས་མངོན་གསལ་སྒོས་ཇེ་དྲག་ཏུ་བཏང་། དེ་དང་ཆབས་ཅིགཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱེད་ཐབས་གལ་ཆེན་དངོས་འབེབས་བྱེད་པའི་ལག་ལེན་ཁྲོད་ད་དུང་ཐག་གཅོད་བྱེད་དགོས་པའི་གནད་དོན་ཁ་ཤས་གནས་ཡོད།དེ་ནི་གཙོ་བོ།ས་ཁུལ་ཁ་ཤས་དང་སྡེ་ཁག་ཁ་ཤས།ཁྱབ་ཁོངས་ཁ་ཤས་བཅས་སུ་ཁྱོན་ཡོངས་ནས་རྒྱལ་ཁབ་སྐྱོང་པར་སྐུལ་འདེད་གཏོང་ཚད་དོ་མི་མཉམ་པ་དང་།བྱེད་ཐབས་གལ་ཆེན་ཁ་ཤས་ཤིག་ད་དུང་དངོས་འབེབས་ལེགས་པོ་བྱས་མེད་པ།འགོ་ཁྲིད་ལས་བྱེད་པ་ལ་ལ་ཞིག་ལ་ཁྱོན་ཡོངས་ནས་རྒྱལ་ཁབ་སྐྱོང་བར་ངོས་ཟིན་ལེགས་པོ་མེད་པ་དང་། ཁྲིམས་ལྟར་སྲིད་སྐྱོང་བ་དང་ཁྲིམས་ལྟར་སྲིད་འཛིན་པའི་འདོད་བློ་ཞན་པ། སྐུལ་འདེད་ལ་མཐོང་ཆེན་མི་བྱེད་པ་སོགས་རེད།ཁྲིམས་སྐྱོང་འཛུགས་སྐྲུན་དང་བཅོས་སྒྱུར་བྱེད་ཐབས་གལ་ཆེན་ཁ་ཤས་ཤིག་ལག་བསྟར་བྱེད་སྐབས་འགོག་རྐྱེན་ཆེན་པོར་འཕྲད་པ་དང་།ཁྲིམས་སྐྱོང་འཛུགས་སྐྲུན་དང་བཅོས་སྒྱུར་གྱི་ཆ་ཚང་རང་བཞིན་དང་སྤྱི་ཡོངས་རང་བཞིན།མཐུན་སྦྱོར་རང་བཞིན་བཅས་ཞན་པ།ཁྲིམས་སྐྱོང་ཆེད་བཙུགས་དཔུང་སྡེ་ཚད་ལྡན་ཅན་དང་ཆེད་ལས་ཅན།ལས་རིགས་ཅན་བཅས་ཀྱི་འཛུགས་སྐྲུན་ལ་ད་དུང་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས་པ།མི་དམངས་མང་ཚོགས་ཀྱིས་བཅོས་སྒྱུར་བྱེད་ཐབས་ཁ་ཤས་ཀྱི་ཕན་ནུས་རང་བཞིན་དང་ཐོབ་སྣང་ལ་ད་དུང་ཡིད་མི་ཚིམ་པ་སོགས་རེད།
   ནམ་ཡང་སྟོབས་དང་ལྡན་པའི་རྒྱལ་ཁབ་མེད་ལ།ནམ་ཡང་ཉམས་ཤིང་ཞན་པའི་རྒྱལ་ཁབ་ཀྱང་མེད།ཁྲིམས་ལ་བཀུར་མཁན་རྒྱས་ན་རྒྱལ་ཁབ་སྟོབས་པ་དང་།ཁྲིམས་ལ་བཀུར་མཁན་ཞན་ན་རྒྱལ་ཁབ་ཉམས་ཆུང་།ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་།དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་དགོས་ན།ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བཏོན་པའི་བླང་བྱ་ལྟར་དུ།ཏང་གི་འགོ་ཁྲིད་དེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གོ་རིམ་ཡོངས་དང་ཕྱོགས་སོ་སོར་ལག་ལེན་དངོས་འབེབས་བྱེད་པ་དང་།བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད་པ།རྩ་ཁྲིམས་སྲོག་ཤིང་དུ་གྱུར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་པ།སྤྱི་ཚོགས་རིང་ལུགས་ཀྱི་ ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཞུང་ལུགས་འཕེལ་རྒྱས་སུ་གཏོང་བ།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་།ཁྲིམས་ལྟར་སྲིད་སྐྱོང་བ།ཁྲིམས་ལྟར་སྲིད་འཛིན་པ་བཅས་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱེད་པ།ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་།ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱེད་པ།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱོད་བཟང་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་ཕན་ཚུན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པ་གཉིས་ནུས་ཡོད་སྒོས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ།ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ནས། མི་རིགས་ཡོངས་ཀྱི་ཁྲིམས་སྐྱོང་སྤུས་ཚད་དང་ཀུན་སྤྱོད་བྱང་ཚད་མཐོར་འདེགས་སུ་གཏོང་དགོས།



©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

pk10计划软件手机版 吉林十一选五开奖走势图 a级片性交电影 内蒙古十一选五走势图 重庆百变王牌开奖结果 5分11选5平台 快播导航a片 黑龙江11选5爱彩乐 黑龙江福彩3d开奖号 6场半全场 3号国王vs活塞 内蒙古十一选五结果手机观看 31选7三等奖大概多少钱 越南河内快5官网开奖 银川站街女信息 谁有陕西闲来麻将群 老11选5中奖技巧