今天是:

ཏང་གི་ཤེས་བྱ།

ཏང་གི་ཤེས་བྱ།

མདུན་ཤོག > ཏང་གི་ཤེས་བྱ། > ཏང་གི་ཤེས་བྱ།

མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་དོན་ཅི་ཡིན།(21)

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས།“ཏང་གི་འགོ་ཁྲིད་དང་མི་ དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ།=ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ནུས་ལྡན་སྒོས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བའི་བཟློག་མེད་བླང་བྱ་ཡིན་པ”བསྟན་ཡོད།རྩ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན།རང་རྒྱལ་ནི་བཟོ་བ་གྲལ་རིམ་གྱིས་འགོ་ཁྲིད་ཅིང་།བཟོ་ཞིང་མནའ་འབྲེལ་རྨང་གཞིར་གྱུར་བའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས།རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བ་དང་།མི་དམངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར།ཐབས་ལམ་སྣ་ཚོགས་དང་བྱེད་སྟངས་སྣ་མང་སྤྱད་དེ།རྒྱལ་ཁབ་ཀྱི་ལས་དོན་དོ་དམ་བྱེད་པ་དང་།དཔལ་འབྱོར་དང་རིག་གནས་ལས་དོན་ལ་དོ་དམ་བྱེད་པ།སྤྱི་ཚོགས་ལས་དོན་ལ་དོ་དམ་བཅས་བྱེད་དགོས།མི་དམངས་ནི་རྒྱལ་ཁབ་ཀྱི་བདག་པོ་ཡིན་པས་མི་དམངས་ཀྱི་གོ་གནས་གཙོ་བོ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ནི།རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་ཆབ་སྲིད་ལམ་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྩ་བའི་ཐབས་ལམ་ཡིན་པའང་ནན་གྱིས་བསྟན་ཡོད།
    མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་ནི།མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་ལོ་རྒྱུས་སྨྲ་བའི་རྩ་བའི་ལངས་ཕྱོགས་ཡིན།མར་ཁེ་སི་རིང་ལུགས་ཀྱིས་བལྟས་ན།ལོ་རྒྱུས་ནི་མི་དམངས་ཀྱིས་གསར་བསྐྲུན་བྱས་པ་ཡིན་ཞིང་།མི་དམངས་ནི་ལོ་རྒྱུས་ཀྱི་རྨང་གཞི་དང་ལག་ལེན་མཁན་ཡིན།མི་དམངས་དང་མི་དམངས་ཡོད་ཚེ་ད་གཟོད་འཛམ་གླིང་ལོ་རྒྱུས་བསྐྲུན་པའི་སྒུལ་ཤུགས་གསར་གཏོད་བྱེད་ཐུབ།1956ལོར་བློ་མཐུན་ཏིན་ཞའོ་ཕེན་གྱིས་ཏང་གི་ཚོགས་ཆེན་ཐེངས་བརྒྱད་པའི«ཏང་གི་སྒྲིག་ཡིག་བཟོ་བཅོས་བྱེད་པའི་སྐོར་གྱི་སྙན་ཞུ»ལས།“བཟོ་བ་གྲལ་རིམ་གྱི་སྲིད་ཏང་གིས་མི་དམངས་མང་ཚོགས་རང་ཉིད་ཀྱི་ཡོ་བྱད་ཅིག་ཏུ་མི་བརྩི་བར།རང་རྟོགས་སྒོས་རང་ཉིད་ནི་མི་དམངས་མང་ཚོགས་ཀྱིས་དམིགས་བསལ་གྱི་ལོ་རྒྱུས་དུས་སྐབས་སུ་དམིགས་བསལ་གྱི་ལོ་རྒྱུས་ལས་འགན་ཡོངས་འགྲུབ་བྱེད་པའི་ཡོ་བྱད་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པ”གསལ་བོར་བསྟན་ཡོད། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་བཟོ་བ་གྲལ་རིམ་གྱི་གདོང་ལེན་པ་དང་།དེའི་མཚུངས་སུ།ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་པར་གྱུར་དོན་ནི་མི་དམངས་མང་ཚོགས་ལ་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུ་མཁན་ཡིན་པ་དང་།དེས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འདོད་བློ་མཚོན་ཡོད་པར་མ་ཟད།ད་དུང་ཧུར་ཐག་གིས་མི་དམངས་མང་ཚོགས་རྩ་འཛུགས་བྱས་ཏེ།རང་ཉིད་ཀྱི་ཁེ་ཕན་དང་འདོད་བློའི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་ཀྱིན་ཡོད་པའི་རྐྱེན་གྱིས་རེད།གནད་དོན་འདི་ཁས་བླངས་བ་དེས་ཏང་ལ་མི་དམངས་ཀྱི་ཡན་དུ་བརྒལ་བའི་དབང་ཆ་མེད་པ་ཁས་བླངས་པ་ཡིན་ཞིང་།ཏང་གིས་མི་དམངས་མང་ཚོགས་ལ་གནང་སྦྱིན་དང་ཚབ་སྒྲུབ་བྱེད་པ།བཙན་གྱིས་བཀའ་འབབ་པ་བཅས་ཀྱི་དབང་ཆ་ལག་བསྟར་བྱས་མེད་པ་ཁས་བླངས་པ་ཡིན་ལ།ཏང་གིས་མི་དམངས་མང་ཚོགས་ཀྱི་སྟེང་དུ་བཙན་ཤེད་ཀྱིས་དབང་ཆ་བཀོལ་མི་ཆོག་པར། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་རྒྱབ་སྐྱོར་བྱེད་པའི་དབང་ཆ་ཁོ་ན་ཡོད་པ་ཁས་བླངས་ཡོད།
   མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཀྱི་ངོ་བོ་དང་སྲོག་ཤིང་ཡིན།རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དེས།མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་སྲིད་ལོ་གསར་བ་གསར་གཏོད་དང་།ངལ་རྩོལ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཆབ་སྲིད་ལམ་ལུགས་བཙུགས་པར་མ་ཟད།སྤྱི་ལ་དབང་བའི་དཔལ་འབྱོར་གཙོ་བོ་ཡིན་ཞིང་།སྤྱི་ལ་དབང་བའི་དཔལ་འབྱོར་གྱི་ཐུན་མོང་འཕེལ་རྒྱས་ཀྱི་དཔལ་འབྱོར་ལམ་ལུགས་སྣ་ཚོགས་བཙུགས་ཏེ།མི་གྲངས་ཀྱི་མང་ཆེ་ཤོས་ཟིན་པའི་རྒྱ་ཆེའི་མི་དམངས་འདྲ་མཉམ་གྱི་དཔལ་འབྱོར་གོ་གནས་དང་ཆབ་སྲིད་གོ་གནས་ལྟར་ཆབ་སྲིད་འཚོ་བའི་ཁྲོད་ཞུགས་ནས། དོན་ངོ་མའི་ཐོག་ནས་རང་ཉིད་ཀྱི་ལས་དབང་བསྒྱུར། མི་དམངས་རང་ཁྱིམ་རང་བདག་ཡོང་བར་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་དང་བཤུ་གཞོག་གྲལ་རིམ་གྱི་ཆབ་སྲིད་ལམ་ལུགས་ཡོད་ཚད་བར་གྱི་རྩ་བའི་ཁྱད་པར་ཡིན་ལ།དེས་ཐད་ཀར་དུ་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོ་མཚོན་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་རྩ་ཡིན་ལ།དམངས་གཙོ་མེད་ཚེ་སྤྱི་ཚོགས་རིང་ལུགས་ཡོད་མི་སྲིད་ལ།སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡང་ཡོད་མི་སྲིད”ཅེས་གསལ་བོར་བསྟན་ཡོད།
   མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་ནི་ང་ཚོའི་ཏང་གི་ངོ་བོ་དང་དམིགས་ཡུལ་གྱི་ལྡོག་མེད་བླང་བྱ་ཡིན། ང་ཚོའི་ཏང་ནི་མི་དམངས་ཀྱི་ཁྲོད་དུ་བྱུང་བ་དང་།མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ།མི་དམངས་ལ་ཞབས་འདེགས་ཞུ་བ་ཡིན་པས།ཏང་གི་ངོ་བོ་དང་དམིགས་ཡུལ་གྱིས་ང་ཚོའི་ཏང་གིས་ངེས་པར་དུ་དུས་ནམ་ཡང་མི་དམངས་སེམས་ཁོང་ཀྱི་གོ་གནས་གལ་ཆེན་དུ་བཞག་སྟེ།ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་དགོས་པའི་བླང་བྱ་བཏོན།ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོ་གསར་བ་བཙུགས་པ་དང་།མི་དམངས་སྲིད་དབང་བཙུགས་ཤིང་།རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཡོངས་ཀྱི་དབང་ཆ་ཡོད་ཚད་ནི་ཏང་དང་མི་དམངས་ཀྱིས་གནང་བ་ཡིན་ལ།ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་ཚང་མ་ནི་གོ་གནས་མཐོ་དམན་གང་ཡིན་ཡང་མི་དམངས་ཀྱི་སྤྱི་ཞབས་པ་དང་།མི་དམངས་ལ་ཞབས་འདེགས་སྒྲུབ་མཁན་ཡིན།བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་འོས་འགན་ཡོད་པ་ལས། སྒེར་དོན་གཉེར་བའི་དབང་ཆ་མེད་པས་ངེས་པར་དུ་མི་དམངས་ལ་འགན་ཁུར་བ་དང་། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།དེ་ལྟར་བྱས་ཚེ།སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་སྲིད་དབང་དེ“མི་གཤེགས་སྲིད་ཉམས”ཀྱི་གནས་སུ་ལྷུང་མི་སྲིད།1945ལོར།བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཞབས་ཧོང་ཡན་ཕེ་ཡི་ཅི་ལྟར་བྱས་ནས“དར་བའི་སྐབས་ནི་ཡུན་ཙམ་དང་ཉམས་པའི་དུས་ཀྱང་ཐོལ་ཙམ”གྱི་ལོ་རྒྱུས་དུས་ཡུན་གྱི་ཚད་ལས་བརྒལ་བའི་སྐོར་ལ་གསུང་ལན་སློག་སྐབས་བལྟས་ན།“ང་ཚོས་བགྲོད་ལམ་གསར་བ་རྙེད་ཟིན་པས་དུས་ཡུན་གྱི་ཚད་དེ་ལས་བརྒལ་ཐུབ་པར་སྙམ”།བགྲོད་ལམ་གསར་བ་དེ་ནི་དམངས་གཙོ་ཡིན་པས།མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱས་ཚེ།སྲིད་གཞུང་གིས་ནམ་ཡང་ལྷོད་གཡེང་བྱེད་མི་ཕོད་ལ།མི་རེ་རེས་ལས་འགན་དང་དུ་བླངས་ཚེ།ད་གཟོད་མི་གཤེགས་སྲིད་ཉམས་ཀྱི་གནས་སུ་ལྷུང་མི་སྲིད།གྲགས་ཆེ་བའི་ཡན་ཨན་གྱི“ས་དོང་ནང་གི་གླེང་མོལ”ཞེས་པ་དེས་ང་ཚོའི་ཏང་གིས་མི་དམངས་དམངས་གཙོ་དང་མི་དམངས་སྲིད་དབང་གི་ཡིད་ཆེས་བརྟན་པོ་གསལ་བོར་མཚོན་ཡོད།
   མི་དམངས་ཀྱི་གོ་གནས་གཙོ་བོ་རྒྱུན་འཁྱོངས་བྱེད་པ་ནི།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་ཕུ་ཐག་ཆོད་པའི་རྒྱལ་ཁ་ལེན་པ་དང་།དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པར་ཆེས་གལ་འགངས་ཆེ་བ་རེད།ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཁོ་ནའི་འོག་ཏུ།མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་ཡོངས་སུ་མངོན་འགྱུར་བྱེད་ཐུབ་ལ།རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བ་ད་གཟོད་བརྒྱུད་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་གཏོང་ཐུབ་པར་མ་ཟད།སྔར་ལས་བཟང་པོའི་སྒོ་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་སྡུད་དང་སྤྱི་ཚོགས་ཀྱི་ཁེ་ཕན་དོ་མཉམ།སྤྱི་ཚོགས་ཀྱི་འབྲེལ་བ་མཐུན་སྦྱོར།སྤྱི་ཚོགས་ཀྱི་བྱ་སྤྱོད་ཚད་ལྡན་བཅས་སུ་གཏོང་ཐུབ་པ་དང་།དཔལ་འབྱོར་འཕེལ་རྒྱས་དང་ཆབ་སྲིད་དྭངས་གཙང་།རིག་གནས་དར་སྤེལ།སྤྱི་ཚོགས་དྲང་བདེན།སྐྱེ་ཁམས་བཟང་བོ་བཅས་མངོན་འགྱུར་བྱེད་ཐུབ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས།“ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱེད་དགོས་ལ།མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་།ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས།མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་བཅས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ།ཆེས་ཁྱབ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ།སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་གྲོས་མོལ་གོང་དུ་ སྤེལ་བ། དམངས་གཙོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། དམངས་གཙོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དམངས་གཙོའི་ཐབས་ལམ་རྒྱ་བསྐྱེད་དེ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་དང་སྤྱི་ཚོགས་འཚོ་བའི་ཁྲོད་དུ་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས”ཞེས་བསྟན་ཡོད།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས་ད་རུང“ཏང་ཡོངས་ཀྱི་བློ་མཐུན་གྱིས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་སྐྱིད་སྡུག་མཉམ་མྱོང་།གཅིག་སེམས་གཅིག་ཏུ་སྒྲིལ་བ་དང་།དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་ཡིད་སྨོན་བྱེད་པ་དེ་འབད་འཐབ་དམིགས་འབེན་དུ་བརྩིས་ཏེ།དུས་ནམ་ཡང་རྣམ་གཡེང་གི་བསམ་འཁྱེར་མི་འཆང་བར་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་ལ་བརྟེན་ནས།མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་ཆེན་པོ་མངོན་འགྱུར་བྱེད་པར་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དགོས་པའི་བླང་བྱ་བཏོན་ཡོད།”


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

pk10计划软件手机版 秒速牛牛开奖直播 湖北11选5现场开奖 南京麻将100元算法 宁夏11选5预测号码 四川时时彩 手机版天津11选5走势图 天津11选5任选基 体彩云南十一选五分析 云南十一选五近期的 东京热影院吉吉影音 巨人财富 黑龙江快乐十分玩法与奖金表 浙江十一选五遗漏 山西快乐十分钟走势图 河南22选5最新开奖号 欧美av女星最漂亮排名