今天是:

ཏང་གི་ཤེས་བྱ།

ཏང་གི་ཤེས་བྱ།

མདུན་ཤོག > ཏང་གི་ཤེས་བྱ། > ཏང་གི་ཤེས་བྱ།

འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་དགོས་དོན་ཅི་ཡིན། (20)

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས།“འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་དགོས”པར་མ་ཟད།འདུ་ཤེས་གསར་བ་དེ་དུས་རབས་གསར་བའི་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་གཞི་རྩའི་ཇུས་གཞིའི་གྲས་ཀྱི་གཅིག་ཏུ་བརྩི་དགོས་བ་ནན་གྱིས་བསྟན་ཡོད། འཕེལ་རྒྱས་འདུ་ཤེས་ནི་འཕེལ་རྒྱས་བྱ་སྤྱོད་ཀྱི་སྣེ་ཁྲིད་ཡིན་ལ། འཕེལ་རྒྱས་བསམ་ཕྱོགས་དང་འཕེལ་རྒྱས་ཁ་ཕྱོགས། འཕེལ་རྒྱས་ཀྱི་ཤུགས་འདོན་ས་བཅས་ཀྱི་གཅིག་སྡུད་མཚོན་བྱེད་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དེའི་ཕྱོགས་གལ་ཆེན་ཞིག་ནི།འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་ཏེ།འཕེལ་རྒྱས་ཀྱི་འདུ་ཤེས་ཡང་དག་མིན་པ་དང་།འཕེལ་རྒྱས་གཏོང་སྟངས་རགས་མོ་ཡིན་པའི་རྣམ་པར་ལེགས་བཅོས་མངོན་གསལ་བྱུང་བ་དེ་རེད། 
     བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད།མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ནི།རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཉམས་མྱོང་དང་བསླབ་བྱ་གཏིང་ཟབ་ཏུ་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་སྟེང་བཏོན་པ་ཡིན་ཞིང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་གསར་བ་དང་སྤྱི་སྡོམ་གསར་བ་བྱས་པ་ཡིན་ལ།འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་།འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ།འཕེལ་རྒྱས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱེད་པ་བཅས་ལ་འབད་བརྩོན་བྱེད་པའི་རྩ་བཅོས་ཀྱི་ཐབས་ཇུས་ཡིན་པ་དང་།སྤུས་ཚད་སྔར་ལས་མཐོ་ཞིང་ཕན་འབྲས་སྔར་ལས་ཆེ་བ།སྔར་ལས་འདྲ་མཉམ་ཡིན་པ།སྔར་ལས་རྒྱུན་མཐུད་པ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་ཐབས་ལམ་ཡིན།
     གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོ་ཡིན།རང་རྒྱལ་འཛམ་གླིང་གི་དཔལ་འབྱོར་རྒྱལ་ཁབ་ཆེན་པོ་དང་ཉོ་ཚོང་རྒྱལ་ཁབ་ཆེན་པོར་གྱུར་ཡོད་མོད།འོན་ཀྱང་དཔལ་འབྱོར་གཞི་ཁྱོན་ཆེ་རུང་སྟོབས་དང་མི་ལྡན་པ་དང་།དཔལ་འབྱོར་འཕར་ཚད་མྱུར་ཡང་མི་བཟང་བ།ཚན་རྩལ་འཕེལ་རྒྱས་ཆུ་ཚད་སྤྱིའི་ཆ་ནས་མི་མཐོ་བ།གནད་འགག་ཁྱབ་ཁོངས་ཀྱི་ལག་རྩལ་གཙོ་བོ་གཞན་དབང་དུ་ཤོར་བའི་གནས་བབ་རྩ་བ་ནས་བསྒྱུར་མེད་པ་བཅས་ནི་རང་རྒྱལ་གྱི་དཔལ་འབྱོར་བྱ་བའི་ཁྲོད་ཀྱི་ཉེན་ཁ་ཆེས་ཆེན་པོ་ཞིག་ཏུ་གྱུར་ཡོད།རྒྱལ་སྤྱིའི་འཕེལ་རྒྱས་འགྲན་རྩོད་ཉིན་རེ་བཞིན་ཛ་དྲག་ཡིན་པ་དང་རང་རྒྱལ་གྱི་འཕེལ་རྒྱས་སྒུལ་ཤུགས་འགྱུར་བཞིན་པའི་གནས་བབ་འོག་ཏུ།གསར་གཏོད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ན་ད་གཟོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་འགྱུར་བཞིན་པའི་གནད་དོན་ཐག་གཅོད་ཐུབ་པས།ངེས་པར་དུ་གསར་གཏོད་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་གོ་གནས་གཙོ་བོར་བཞག་སྟེ།གཞུང་ལུགས་གསར་གཏོད་དང་ལམ་ལུགས་གསར་གཏོད།ཚན་རྩལ་གསར་གཏོད། རིག་གནས་གསར་གཏོད། དེ་མིན་གཞན་པའི་ཕྱོགས་སོ་སོའི་གསར་གཏོད་བཅས་རྒྱུན་ཆད་མེད་པར་སྤེལ་དགོས་ལ། འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་གསར་གཏོད་ཅེས་པའི་སྒུལ་ཤུགས་གཙོ་བོ་དེ་ཡིས་རང་རྒྱལ་གྱི་དཔལ་འབྱོར་འཕར་ཚད་འབྲིང་བ་དང་མཐོ་བའི་ཚད་དུ་སྲུང་འཛིན་བྱེད་པ་དང་།ཆུ་ཚད་འབྲིང་བ་དང་མཐོ་བའི་ཕྱོགས་སུ་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། 
     མཐུན་སྦྱོར་ནི་རྒྱུན་མཐུད་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་འགྲོ་བའི་ནང་གནས་ཀྱི་དགོས་མཁོ་ཡིན།རང་རྒྱལ་གྱི་འཕེལ་རྒྱས་དོ་མཉམ་མིན་པ་དང་མཐུན་སྦྱོར་མིན་པ།རྒྱུན་མཐུད་མིན་པ་བཅས་ཀྱི་གནད་དོན་ནི་སྔོན་ཆད་ཀྱི་དུས་སྐབས་ཤིག་གི་འཕེལ་རྒྱས་ལྟ་བ་མི་འགྲིག་པ་དང་།འཕེལ་རྒྱས་གཏོང་སྟངས་རགས་མོ་ཡིན་པ་ལས་བཟོས་ཤིང་།ཁྱད་པར་དུ་ས་ཁོངས་འཕེལ་རྒྱས་དོ་མཉམ་མིན་པ་དང་། མཁར་གྲོང་འཕེལ་རྒྱས་མཐུན་སྦྱོར་མིན་པ། ཐོན་ལས་གྲུབ་ཚུལ་ལུགས་མཐུན་མིན་པ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས“ཕྱོགས་གཅིག་བཟང་བ་དང་ཕྱོགས་གཅིག་ཞན་པ”སོགས་ཀྱི་འགལ་བ་ཧ་ཅང་འབུར་ཐོན་ཡིན་པ་དེ།ཡུན་རིང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བར་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད།མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ན།ད་གཟོད་འཕེལ་རྒྱས་དོ་མི་མཉམ་པའི་གནད་དོན་ཐག་གཅོད་བྱེད་ཐུབ་པས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྤྱིའི་བཀོད་སྒྲིག་དམ་འཛིན་བྱས་ཏེ། འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གལ་ཆེན་ཡང་དག་པའི་སྒོ་ནས་ཐག་གཅོད་བྱེད་པ་དང་།མཁར་གྲོང་དང་ས་ཁོངས།དཔལ་འབྱོར་སྤྱི་ཚོགས་སོགས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་བ།རྣམ་པ་གསར་བའི་བཟོ་ལས་ཅན་དང་ཆ་འཕྲིན་ཅན།མཁར་གྲོང་ཅན།ཞིང་ལས་དེང་རབས་ཅན་བཅས་དུས་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས།རང་རྒྱལ་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་སུ་གཏོང་བ་དང་།ཡུན་རིང་བརྟན་བརླིང་དང་འཕེལ་རྒྱས་སུ་གཏོང་དགོས།
     ལྗང་མདོག་ནི་བསྟུད་མར་འཕེལ་རྒྱས་སུ་གཏོང་བའི་དགོས་ངེས་ཀྱི་ཆ་རྐྱེན་དང་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་ཡིད་སྨོན་བྱེད་པའི་མཚོན་བྱེད་གཙོ་བོ་རེད།འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་དང་འཕེལ་རྒྱས་ཀྱི་གཞི་ཁྱོན་ཇེ་ཆེར་སོང་བ་དང་བསྟུན་ནས།རང་རྒྱལ་གྱི་ཐོན་ཁུངས་ལ་ཚོད་འཛིན་སྔར་ལས་ཆེན་པོ་ཐེབས་པ་དང་།ཁོར་ཡུག་བཙོག་བཟོའི་གནད་དོན་ཚབས་ཆེ་བ།སྐྱེ་ཁམས་མ་ལག་ཇེ་ཞན་དུ་གྱུར་བ།འཕེལ་རྒྱས་དང་མི་གྲངས་ཐོན་ཁུངས་ཁོར་ཡུག་བཅས་བར་གྱི་འགལ་བ་ཉིན་རེ་བཞིན་འབུར་ཐོན་དུ་གྱུར་བ་དེ།དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་འགལ་རྐྱེན་ཆེན་པོ་ཞིག་ཏུ་གྱུར་ཡོད།སྐྱེ་ཁམས་ཁོར་ཡུག་བཙོག་འགྱུར་གྱིས་མི་དམངས་ཀྱི་བདེ་ཐང་ལ་གནོད་པ་བཟོ་བ་ནི་ང་ཚོའི་སེམས་ཁོང་གི་རྨ་ཁ་ཞིག་ཏུ་གྱུར་ཡོད་ལ། མི་དམངས་མང་ཚོགས་ཀྱིས་མཁའ་དབུགས་དྭངས་མོ། བཏུང་ཆུ་གཙང་མ། ཟས་རིགས་དག་མ། ཁོར་ཡུག་ཡག་པོ་བཅས་ལ་བཅངས་པའི་རེ་བ་སྔར་ལས་ཇེ་མཐོར་འགྲོ་བཞིན་ཡོད།ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཚེ།ད་གཟོད་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་ཐུབ་པ་དང་།མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བའི་གནད་དོན་ཐག་གཅོད་ལེགས་པོ་བྱེད་ཐུབ།དེ་བས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས།ངེས་པར་དུ་རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་འཛུགས་པ་དང་ལག་ལེན་བྱེད་པ།ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཏེ།བློ་བརྟན་འགྱུར་མེད་སྒོས་ཐོན་སྐྱེད་དར་བ་དང་འཚོ་བ་ཕྱུག་པ།སྐྱེ་ཁམས་བཟང་བ་བཅས་ཀྱི་དཔལ་ཡོན་ལྡན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དེ།མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་སུ་འགྲོ་བའི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན་ཡོད།
      སྒོ་འབྱེད་ནི་རྒྱལ་ཁབ་དར་རྒྱས་གོང་འཕེལ་དུ་གཏོང་བའི་ཐབས་ལམ་བཟློག་ཏུ་མེད་པ་ཡིན།དེང་སྐབསརྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་གནས་བབ་ལ་འགྱུར་ལྡོག་ཟབ་མོ་འབྱུང་བཞིན་ཡོད་ལ།འཛམ་གླིང་གི་དཔལ་འབྱོར་མ་ལག་གི་བཅོས་སྐྱོང་དང་སྒྲིག་སྲོལ་ལ་ལེགས་སྒྲིག་ཆེན་པོ་བྱེད་བཞིན་ཡོད།སྤྱིའི་ཆ་ནས་བལྟས་ན།རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་ཆུ་ཚད་ད་དུང་མི་མཐོ་བ་དང་།རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་ར་གཉིས་དང་ཐོན་ཁུངས་གཉིས་བཀོལ་སྤྱོད་ལེགས་པོ་བྱེད་པའི་ནུས་ཤུགས་ད་རུང་མི་འདང་ལ།རྒྱལ་སྤྱིའི་ཉོ་འཚོང་གི་འགལ་བ་ཐག་གཅོད་པ་དང་རྒྱལ་སྤྱིའི་དཔལ་འབྱོར་གྱི་གཏམ་བཤད་དབང་ཆ་བརྩོན་ལེན་བྱེད་པའི་ནུས་པ་ད་དུང་ཅུང་ཞན་པ་དང་།རྒྱལ་སྤྱིའི་དཔལ་འབྱོར་ཉོ་འཚོང་གི་སྒྲིག་སྲོལ་བཀོལ་སྤྱོད་བྱེད་པའི་ནུས་པ་དེ་འདྲ་མི་ཆེ།སྒོ་འབྱེད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ན།ད་གཟོད་སྒོ་འབྱེད་རྣམ་པའི་དཔལ་འབྱོར་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་ཐུབ་པ་དང་།འཕེལ་རྒྱས་ཀྱི་ཕྱི་ནང་མཉམ་འགུལ་གནད་དོན་ཐག་གཅོད་བྱེད་ཐུབ་པས། ངེས་པར་དུ་རང་རྒྱལ་གྱི་དཔལ་འབྱོར་འཛམ་གླིང་གི་དཔལ་འབྱོར་དང་མཉམ་འདྲེས་ཟབ་མོ་ཡོང་བའི་གནས་བབ་དང་བསྟུན་ནས།གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་པ་དང་།ཚོང་ར་གཉིས་དང་ཐོན་ཁུངས་གཉིས་སྔར་ལས་བཀོལ་སྤྱོད་ལེགས་པོ་བྱས་ནས།རང་རྒྱལ་གྱི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་ཆུ་ཚད་གསར་བ་ཞིག་ཏུ་གོང་འཕེལ་ལ་གཏོང་དགོས། 
      མཉམ་སྤྱོད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན། བཅོས་སྒྱུར་སྒོ་འབྱེད་ཀྱི་ཚུན་ལ། རང་རྒྱལ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྡོད་དམངས་ཀྱི་ཡོང་སྒོའི་ཆུ་ཚད།སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་བཅས་མུ་མཐུད་དུ་ཇེ་མཐོར་སོང་བ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཇེ་མཐོར་སོང་མོད། འོན་ཀྱང་། ཡོང་སྒོའི་ཁྱད་པར་ཅུང་ཆེ་ཞིང་།སྤྱི་ཚོགས་ཀྱི་འགལ་བ་ཅུང་མང་པ།མང་ཚོགས་ཁ་ཤས་ཀྱི་འཚོ་བར་དཀའ་ཁག་ཅུང་ཆེ་བ་སོགས་ཀྱི་གནད་དོན་དང་མི་འདང་ས་སྔར་བཞིན་གནས་ཡོད།དེ་དང་ཆབས་ཅིག་ཏུ།མི་དམངས་ཀྱི་མཛེས་སྡུག་འཚོ་བའི་དགོས་མཁོ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བ་དེས་དངོས་པོ་དང་རིག་གནས་འཚོ་བར་བླང་བྱ་སྔར་ལས་མཐོན་པོ་བཏོན་པར་མ་ཟད། དམངས་གཙོ་དང་ཁྲིམས་སྐྱོང་།འདྲ་མཉམ།དྲང་བདེན།བདེ་འཇགས།ཁོར་ཡུག་སོགས་ཐད་ཀྱི་དགོས་མཁོ་ཡང་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། མཉམ་སྤྱོད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཚེ། ད་གཟོད་མི་དམངས་སྔར་ལས་བདེ་སྐྱིད་ལྡན་པ་དང་། སྤྱི་ཚོགས་འདྲ་མཉམ་དྲང་བདེན་ཡོང་བར་ཡར་སྐུལ་གཏོང་ཐུབ་པས།ངེས་པར་དུ་མི་དམངས་ཀྱི་གོ་གནས་གཙོ་བོ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱིས་མཛེས་སྡུག་འཚོ་བར་ཡིད་སྨོན་བྱེད་པ་དེ་འབད་འཐབ་དམིགས་འབེན་དུ་བརྩིས་ནས། བཅོས་སྒྱུར་གྱི་གྲུབ་འབྲས་མང་པོ་སྔར་ལས་འདྲ་མཉམ་དྲང་བདེན་སྒོས་དམངས་ཡོངས་ལ་ལོངས་སུ་སྤྱོད་དུ་འཇུག་པ་དང་། དམངས་ཡོངས་མཉམ་དུ་འབྱོར་ཕྱུག་ལྡན་པའི་ལམ་དུ་བསྐྱོད་པ་མངོན་འགྱུར་བྱེད་དགོས།
      ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བ་དང་།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་ཕུ་ཐག་ཆོད་པའི་རྒྱལ་ཁ་ལེན་པ་དང་།ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་འབྱེད་པའི་སྐབས་སུ།ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་།“རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་བགོ་བཤའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ།སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་བློ་བརྟན་འགྱུར་མེད་སྒོས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ།སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་སྒོས་སྐུལ་ལྕག་དང་རྒྱབ་སྐྱོར།ཁྲིད་སྟོན་བཅས་བྱས་ཏེ།ཚོང་ར་ཡིས་ཐོན་ཁུངས་བཀོད་སྒྲིག་ཁྲོད་དུ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པར་བྱེད་པ་དང་།སྲིད་གཞུང་གི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ནས།”མུ་མཐུད་དུ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིགརང་རྒྱལ་གྱི་འཕེལ་རྒྱས་ཁྲོད་དུ་བྱུང་བའི་གནད་དོན་སྣ་ཚོགས་ཐག་གཅོད་ལེགས་པོ་བྱས་ཏེ།མི་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བ་དང་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་དགོས།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

pk10计划软件手机版 重庆福彩欢乐生肖是官方的吗 1分彩彩票下载-APP安卓版 上海的十一选五开奖 金游南京麻将最新版 e球彩三场全包奖金 十一点选五开奖结果 河南22选5 浙江十一选五开奖结果 强尼戴普 独行侠 云南十一选五走势图 麻将的玩法视频教程 辽宁微乐棋牌沈阳麻将 幸运飞艇6码公式 今日3d专家预测 怎样买白银 原千岁中文第1集