今天是:

ཏང་གི་ཤེས་བྱ།

ཏང་གི་ཤེས་བྱ།

མདུན་ཤོག > ཏང་གི་ཤེས་བྱ། > ཏང་གི་ཤེས་བྱ།

ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་བྱེད་དགོས་ཞེས་པར་གོ་བ་ཅི་ལྟར་ལེན་དགོས།(19)

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས།“སྤྱི་ཚོགས་རིང་ལུགས་ཀྱིས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་པ་དང་།བཅོས་སྒྱུར་སྒོ་འབྱེད་བྱས་ན་མ་གཏོགས་ཀྲུང་གོ་དང་སྤྱི་ཚོགས་རིང་ལུགས།མར་ཁེ་སི་རིང་ལུགས་བཅས་འཕེལ་རྒྱས་སུ་གཏོང་མི་ཐུབ”ཅེས་བསྟན་ཡོད།བཅོས་སྒྱུར་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ཆེས་མངོན་པར་གསལ་བའི་ཁྱད་ཆོས་ཡིན་ཞིང་། ལོ་རྒྱུས་ཀྱི་དུས་སྐབས་གསར་བའི་ནང་ང་ཚོའི་ཏང་གི་དར་ཆ་གསལ་བོ་ཡིན་པར་མ་ཟད། ཏང་དང་མི་དམངས་ཀྱི་ལས་དོན་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སུ་སྙེག་པའི་ཐབས་མཆོག་ཅིག་ཡིན།
    དང་པོ།བཅོས་སྒྱུར་སྒོ་འབྱེད་ལ་ནམ་ཡང་སྒྲུབ་བཞིན་པའི་དུས་སྐབས་ཡོད་པ་ལས་བསྒྲུབས་ཟིན་པའི་དུས་སྐབས་གཏན་ནས་ཡོད་མི་སྲིད།ད་ལྟ་བཅོས་སྒྱུར་གཏིང་ཟབ་པ་དང་མཁྲེགས་གཏོར་གྱི་དུས་སྐབས་སུ་བསླེབས་ཡོད་པས།ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་རྙོག་འཛིང་གི་ཆུ་ཚད་དང་།ཚོར་སྐྱེན་གྱི་ཆུ་ཚད།དཀའ་ཚེགས་ཆེ་ཚད་བཅས་ལོ་ངོ་སུམ་ཅུ་ལྷག་གི་སྔོན་དང་བསྡུར་ན་དེ་བས་ཀྱང་ཆེ་བ་རེད།ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་རྩ་བ་ནི“བཅོས་སྒྱུར”ལ་ཐུག་ཡོད་པ་དང་། གནད་འགག་ནི“གཏིང་ཟབ་པ”དང་། གནད་ས་ནི“ཁྱོན་ཡོངས”ལ་ཐུག་ཡོད། “བཅོས་སྒྱུར”ནན་གྱིས་བསྟན་པ་ནི་དུས་ནམ་ཡང་བཅོས་སྒྱུར་གྱི་དར་ཆ་མཐོན་པོར་སྒྲེང་བ་རྒྱུན་འཁྱོངས་བྱས་ཏེ།རང་ངོས་ནས་གསར་བརྗེ་བྱེད་ཕོད་པ་དང་ཐད་ཀར་དུ་གནད་དོན་ལ་གདོང་གཏོད་ཕོད་པར་བྱེད་དགོས་པ་དེ་ཡིན།“གཏིང་ཟབ་པ”ནན་གྱིས་བསྟན་པ་ནི་སྙིང་རུས་ཆེ་ཞིང་། སྤོབས་པ་ལྡན་པ། འགན་དུ་ལེན་པ། དཀའ་སྡུག་མྱོང་ཐུབ་པ་དང་ཉེན་ཁ་བརྒྱུད་ཕོད་པ། དཀའ་ཁག་ལས་རྣམ་པར་རྒྱལ་ཐུབ་པ་བཅས་བྱེད་དགོས་པ་དེ་ཡིན།“ཁྱོན་ཡོངས”ནན་གྱིས་བསྟན་པ་ནི།བཅོས་སྒྱུར་ནི་ཁྱབ་ཁོངས་ཞིག་དང་ཕྱོགས་གཅིག་ཁོ་ན་དམ་འཛིན་བྱས་ནས་སྒྲུབ་པ་ཞིག་མིན་པར།ཁྱོན་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་བཅོས་སྒྱུར་བྱེད་དགོས་པ་མཚོན་ཡོད་པས།ངེས་པར་དུ་རྩེ་རིམ་གྱི་ཇུས་འགོད་ལ་ཤུགས་བསྣན་ཏེ།ཕྱོགས་སོ་སོའི་བཅོས་སྒྱུར་མཐུན་སྦྱོར་ངང་སྤེལ་བ་དང་།མཉམ་ཤུགས་གྲུབ་པར་བྱེད་དགོས་པ་དེ་ཡིན།ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་གསར་བའི་ཁྲོད།བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་བསྒྲེང་སྟེ།ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་།གོམ་གང་མདུན་སྤོས་སྒོས་བསམ་བློ་བཅིངས་འགྲོལ་དང་། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏོང་བ།སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཇེ་དྲག་ཏུ་གཏོང་ཕོད་པར་བྱས་ནས། མུ་མཐུད་དུ་བཅོས་སྒྱུར་སྒོ་འབྱེད་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་དགོས།
    གཉིས་པ།ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་།རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།སྤྱིའི་དམིགས་འབེན་དེ་ནི་སྐད་ཆ་ཚིག་གཉིས་ཀྱིས་གྲུབ་པའི་གཅིག་གྱུར་གྱི་ཕུང་བོ་ཞིག་ཡིན་ཞིང་།ཚིག་སྔོན་མ་དེས་རྩ་བའི་ཁ་ཕྱོགས་གཏན་འཁེལ་བྱས་པ་དང་།ཁ་ཕྱོགས་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིན་པ་ལས་གཞན་པའི་བགྲོད་ལམ་ཅི་ཡང་མིན།ཚིག་རྗེས་མས་རྩ་བའི་ཁ་ཕྱོགས་ཀྱི་མཛུབ་སྟོན་འོག་ཏུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་གསལ་བོ་གཏན་འཁེལ་བྱས་ཡོད།རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དུ་བསྒྱུར་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་བརྗོད་གཞིའི་ཁྲོད་ཡོད་དགོས་པའི་ནང་དོན་གལ་ཆེན་ཞིག་རེད།རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དུ་བསྒྱུར་དགོས་ན་ཕྱོགས་སོ་སོའི་ལམ་ལུགས་སྔར་ལས་ཚན་རིག་དང་མཐུན་ཞིང་།སྔར་ལས་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ།ཏང་དང་རྒྱལ་ཁབ།སྤྱི་ཚོགས་ཀྱི་ལས་དོན་སྣ་ཚོགས་བཅོས་སྐྱོང་བྱེད་པ་དེ་ལམ་ལུགས་ཅན་དང་ཚད་ལྡན་ཅན།གོ་རིམ་ཅན་དུ་མངོན་འགྱུར་བྱེད་པ་དང་།ལམ་ལུགས་དང་བཅའ་ཁྲིམས་བཀོལ་སྤྱོད་བྱས་ཏེ་རྒྱལ་ཁབ་བཅོས་སྐྱོང་བྱེད་མཁས་པོ་བྱེད་པ་དང་།ཏང་གི་ཚན་རིག་སྲིད་འཛིན་དང་དམངས་གཙོའི་སྲིད་འཛིན། ཁྲིམས་ལྟར་སྲིད་འཛིན་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས།
    གསུམ་པ།ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་བྱེད་དགོས་ན།རྒྱུད་རིམ་ལྡན་ཞིང་འཐུས་སྒོ་ཚང་བ་དང་།ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ།འཁོར་སྐྱོད་ཕན་འབྲས་ཐོན་པ་བཅས་ཀྱི་ལམ་ལུགས་མ་ལག་འཛུགས་དགོས།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཚོལ་ཞིབ་བྱུང་བ་ནས་དེ་གྲུབ་པའི་བར་དུ་ལོ་ངོ་བཅུ་ཕྲག་འགའི་དུས་ཡུན་མ་གཏོགས་མེད་པས། ཕྱོགས་སོ་སོའི་བྱེ་བྲག་གི་ལམ་ལུགས་ད་རུང་ཆ་མི་ཚང་ཞིང་ཡོངས་སུ་གྲུབ་མེད་པ་དང་། ད་དུང་དེ་ལ་སྐྱོན་ཆ་དང་མི་འདང་ས་མང་པོ་ཡོད།དཔེར་ན།སྒྲིག་སྲོལ་ནང་རྐྱེན་ཁ་ཤས་ཤིག་གནས་བབ་གསར་བ་དང་ལས་འགན་གསར་བར་མི་མཐུན་ལ་གོ་མི་ཆོད་པ་དང་།ལམ་ལུགས་གསར་རྙིང་བར་བརྒལ་གྱི་འབྲེལ་མཚམས་དུས་སྐབས་སུ“ལམ་ལུགསཆདལུས”དང“ལམ་ལུགས་ཉམས་ཞན”ཡིན་པའི་རྣམ་པ་བྱུང་ཞིང་།ལམ་ལུགས་ཀྱི་བར་དུ་མཉམ་ཤུགས་འགྲུབ་མ་ཐུབ་པར་མ་ཟད།ད་དུང་ཕན་ཚུན་འགལ་ཟླར་གྱུར་བ་དང་།ལམ་ལུགས་ཁ་ཤས་ཤིག་ནུས་ཡོད་སྒོས་ལག་ལེན་བྱེད་མི་ཐུབ་པར་མ་ཟད་ད་དུང་རྣམ་པ་ཙམ་དུ་གྱུར་བ་སོགས་ལྟ་བུ་རེད། ལམ་ལུགས་འཛུགས་སྐྲུན་བྱེད་རྒྱུ་དེ་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ། ལག་ལེན་གྱི་རྨང་གཞིའི་སྟེང་གི་གཞུང་ལུགས་གསར་སྐྲུན་གྱིས་ཕྱོགས་སོ་སོའི་ལམ་ལུགས་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།བརྒྱུད་རིམ་ལྡན་ཞིང་འཐུས་སྒོ་ཚང་བ་དང་།ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ།འཁོར་སྐྱོད་ཕན་འབྲས་ཐོན་པ་བཅས་ཀྱི་ལམ་ལུགས་མ་ལག་བཙུགས་ནས།ལམ་ལུགས་སྔར་ལས་ཆ་ཚང་ཞིང་འཕེལ་རྒྱས་ལ་སྤུས་ཚད་ལྡན་པ་དང་བཅོས་སྐྱོང་ལ་སྔར་ལས་ཆུ་ཚད་ལྡན་པ།མི་དམངས་ལ་ཐོབ་སྣང་གི་ཚོར་བ་སྔར་ལས་ཆེན་པོ་ལྡན་པར་བྱེད་དགོས།དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གཙོ་ཡིན་པ་རྒྱུན་འཁྱོངས་དང་།སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་བཅོས་སྒྱུར་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།ཁྱོན་ཡོངས་ནས་དཔལ་འབྱོར་སྒྲིག་སྲོལ་དང་ཆབ་སྲིད་སྒྲིག་སྲོལ།རིག་གནས་སྒྲིག་སྲོལ།སྤྱི་ཚོགས་སྒྲིག་སྲོལ།སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་དང་ཏང་གི་འཛུགས་སྐྲུན་ལམ་ལུགས་བཅས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས།བཅོས་སྒྱུར་གྱི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན།མཐུན་སྦྱོར་རང་བཞིན་བཅས་སྔར་ལས་གཙིགས་འཛིན་བྱས་ཏེ།ཉེན་ཁ་དང་དཀའ་སྡུག་མྱོང་ཕོད་པ་དང་རང་ངོས་ནས་གསར་བརྗེ་བྱེད་ཕོད་པའི་སྙིང་སྟོབས་དང་བློ་བརྟན་འགྱུར་མེད་ཀྱི་སེམས་ཤུགས་ལ་བརྟེན་ནས།བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་ལོ་དུ་མའི་རིང་བསགས་པའི་བསྒྱུར་དཀའ་བའི་གོམ་གཤིས་ངན་པ་མཐའ་དག་སེལ་ཕོད་པར་བྱེད་པ།རིམ་པ་གཏིང་ཟབ་པའི་ཁེ་ཕན་འབྲེལ་བ་དང་འགལ་བ་ཐག་གཅོད་བྱེད་ཕོད་པར་བྱས་ནས།རྦད་ཆོད་སྒོས་དུས་བབ་དང་མི་མཐུན་པའི་བསམ་བློའི་འདུ་ཤེས་དང་སྒྲིག་སྲོལ་ནང་རྐྱེན་གྱི་ཞན་ཆ་མཐའ་དག་སེལ་བ་དང་། ཁེ་ཕན་སྲ་འགྱུར་ལས་བྱུང་བའི་བཀག་རྒྱ་ལས་བརྒལ་ཐབས་བྱེད་པ།མིའི་རིགས་ཀྱི་དཔལ་ཡོན་ལས་བྱུང་བའི་དགེ་མཚན་ལྡན་པའི་གྲུབ་འབྲས་བསྡུ་ལེན་བྱས་ཏེ།རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ལེགས་བྱེད་དགོས། 


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

pk10计划软件手机版 福建11选5基本走势 陕西11选5任选八胆拖 吉林十一选五前三直 爵士vs灰熊 电竞比分举荐尚牛比分 2019东京热手机版免费视频 北京塞车pk10 山东十一选五五码开 排球比分多少算赢 河北11选5开奖走势图 河北十一选五任五一 床战av女优乳波臀浪 超级大乐透开奖规则 91快牛配资 浙江快乐十二开奖号码 特区七星彩