今天是:

ཏང་གི་ཤེས་བྱ།

ཏང་གི་ཤེས་བྱ།

མདུན་ཤོག > ཏང་གི་ཤེས་བྱ། > ཏང་གི་ཤེས་བྱ།

མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་ཞེས་པར་གོ་བ་ཅི་ལྟར་ལེན་དགོས།(18)

      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས“མི་དམངས་ནི་ལོ་རྒྱུས་གསར་སྐྲུན་མཁན་དང་།ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་པའི་རྩ་བའི་སྟོབས་ཤུགས་ཡིན”ཞེས་བསྟན་ཡོད།ཏང་ནི་ཆེས་མཐོའི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་ཡིན་པ་དེ་ནི།མི་དམངས་ནི་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་པའི་རྩ་བའི་སྟོབས་ཤུགས་ཡིན་པའི་ཟབ་མཐུག་བརྗིད་ཤུགས་དེའི་སྟེང་བཙུགས་པ་ཞིག་རེད། ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་དཀའ་བ་ཁྱད་བསད་དང་སྐྱིད་སྡུག་མཉམ་མྱོང་བྱས་ཏེ།ཤ་ཁྲག་ལྟ་བུའི་འབྲེལ་བ་སྲུང་འཛིན་བྱེད་པ་ནི་ཏང་དཀའ་ཁག་དང་ཉེན་ཁ་ཡོད་ཚད་ལས་རྣམ་པར་རྒྱལ་བའི་རྩ་བའི་ཁག་ཐེག་ཡིན་པ་ནི།“འབངས་ཐོབ་ན་རྒྱལ་ཁམས་ཐོབ་པ་དང་།འབངས་ཤོར་ན་རྒྱལ་ཁམས་འཆོར”ཞེས་པ་ནང་བཞིན་རེད།རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན།བཅོས་སྒྱུར་གྱི་ལོ་རྒྱུས་བཅས་ལ་ཕྱིར་དྲན་བྱས་ཚེ།མི་དམངས་མང་ཚོགས་ནི་ལོ་རྒྱུས་གསར་སྐྲུན་བྱེད་པའི་ནུས་པ་གཙོ་བོ་ཡིན་ལ།མི་དམངས་མང་ཚོགས་ནི་སྟོབས་ཤུགས་ཀྱི་འབྱུང་ཁུངས་གཙོ་བོར་གྱུར་ནས་བརྒྱུད་རིམ་ཡོངས་སུ་ཁྱབ་ཡོད།དམངས་གཙོ་རིང་ལུགས་ཀྱི་གསར་བརྗེའི་དུས་སྐབས་གསར་བར།རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རང་སྲོག་ལ་མི་འཛེམ་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དེ་དྲག་ཏུ་འཕྱོ་བའི་གསར་བརྗེའི་རྦ་རླབས་དང་གཞོམ་གཤིག་བྲལ་བའི་འགྱུར་མེད་ལྕགས་རི་ལྟ་བུར་གྱུར་ནས།མཇུག་མཐར་ཀྲུང་གོ་མི་དམངས་ཀྱི་གཉའ་ནས་གནོན་པའི་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས།དཔོན་ངན་མ་རྩ་རིང་ལུགས་བཅས་རི་བོ་ཆེན་པོ་གསུམ་རྩ་རྫོགས་སུ་བཏང་ཞིང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ།རྒྱལ་ཁབ་གཅིག་གྱུར།སྤྱི་ཚོགས་བརྟན་འཇགས་བཅས་མངོན་འགྱུར་བྱས།སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དུས་སྐབས་སུ།རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཡར་ལངས་ནས་བདག་པོར་གྱུར་པ་དང་།རང་ཉིད་ཀྱི་སྟོབས་ཤུགས་ཆེན་པོ་བཏོན་ནས་དུས་ཡུན་ཐུང་ངུའི་ནང་དུ་སྤྱི་ཚོགས་ལམ་ལུགས་ཀྱི་རླབས་ཆེན་མཆོང་སྐྱོད་མངོན་འགྱུར་བྱས་ཤིང་།དབུལ་ཞིང་སྟོང་བའི་རྨང་གཞིའི་སྟེང་རང་ཉིད་ཀྱི་རྔུལ་ཁྲག་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་བརྟན་པོ་བཏིངས།བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་དུས་སྐབས་གསར་བའི་ནང་།བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་ གསར་བ་དང་བྱེད་ཐབས་གསར་བ་མང་པོ་བཏོན་པ་དེ་དག་ཚང་མ་མི་དམངས་མང་ཚོགས་ཀྱིས་ལག་ལེན་གྱི་ཁྲོད་ནས་འཚོལ་ཞིབ་དང་གསར་སྐྲུན་བྱས་ཏེ་བྱུང་བ་རེད།དེ་ཡང་ལོ་ངོ་གོ་དྲུག་གི་རིང་ལ།ང་ཚོའི་ཏང་གིས་བླངས་པའི་གྲུབ་འབྲས་མཐའ་དག་ནི་དམངས་ཡོངས་ཀྱིས་མཉམ་དུ་འབད་འཐབ་བྱས་པར་བརྟེན་ནས་བྱུང་བ་ཡིན་ཞེས་བཤད་ཆོག་ལ།མི་དམངས་ནི་མིང་དོན་ མཚུངས་པའི་དཔའ་བོ་ཡིན་པ་ནི་ལོ་རྒྱུས་ཀྱི་བདེན་ལུགས་ཡིན་པས་ནམ་ཡང་བརྗེད་མི་རུང་།
     དང་པོ།མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་ན།ངེས་པར་དུ་མི་དམངས་ཀྱི་གོ་གནས་གཙོ་བོ་རྒྱུན་འཁྱོངས་བྱེད་དགོས།མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་ཁག་ཐེག་བྱེད་དགོས་ན།ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱེད་དགོས་པ་དང་།མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས།མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས།གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་བཅས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཆེས་ཁྱབ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་གྲོས་མོལ་འཕེལ་རྒྱས་སུ་གཏོང་བ།མི་དམངས་གོ་རིམ་ཡོད་པའི་སྒོ་ནས་ཆབ་སྲིད་གྲོས་མོལ་ཁྲོད་ཞུགས་ཚད་རྒྱ་བསྐྱེད་པ།མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ཁྲོད་དངོས་འབེབ་བྱས་ནས།མི་དམངས་ཡོངས་ཁྱབ་ཏུ་རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཞུགས་པར་ཁག་ཐེག་བྱེད་པ་དང་།སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་བརྟན་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་གནས་བབ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས།
    གཉིས་པ།མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་ན།ངེས་པར་དུ་སྤྱིའི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས།མིའི་གནད་དོན་ཅིའི་ཕྱིར་སྲིད་ཏང་དང་སྲིད་དབང་གང་ཡིན་ཡང་དེ་ལ་ཚོད་ལྟ་བྱེད་པའི་ཚད་གཞི་གལ་ཆེན་ཡིན་ཞེ་ན།བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་།སྤྱིའི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བ་ནི་ང་ཚོའི་ཏང་དང་བཤུ་གཞོག་གྲལ་རིམ་གྱི་སྲིད་ཏང་ཡོངས་བར་གྱི་རྩ་བའི་ཁྱད་པར་རེད།ཡོད་ཚད་མང་ཚོགས་ཀྱི་ཆེད་དུ་ཡིན་པ་དང་ཡོད་ཚད་མང་ཚོགས་ལ་བརྟེན་པ་ནི་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་ལྟ་བ་གཙོ་བོ་ཡིན།མང་ཚོགས་ལ་འཚོ་བ་སྐྱིད་པོ་ཞིག་རོལ་དུ་འཇུག་རྒྱུ་ནི་ང་ཚོའི་ཏང་གི་བྱ་བ་ཡོད་ཚད་ཀྱི་མགོ་རྩོམ་ས་དང་རྐང་འཛུགས་ས་ཡིན།ང་ཚོའི་ཏང་གིས་གསར་བརྗེ་སྤེལ་བ་དང་འཛུགས་སྐྲུན་བྱེད་པ།བཅོས་སྒྱུར་འཛིན་པ་བཅས་ཚང་མ་ནི་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཏུ་འཇུག་ཆེད་རེད།ཏང་གི་བྱ་བ་ཡོད་ཚད་ཀྱིས་ངེས་པར་དུ་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དེ་ཚད་གཞི་ཆེས་མཐོན་པོར་འཛིན་དགོས་ལ།མི་དམངས་དུས་ནམ་ཡང་གོ་གནས་གལ་ཆེན་དུ་བཞག་སྟེ།རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དེ་མངོན་འགྱུར་བཟང་བོ་དང་སྲུང་སྐྱོང་བཟང་བོ། འཕེལ་རྒྱས་ལེགས་པོ་བྱེད་པ་དང་། མི་དམངས་ཀྱི་གོང་བཀུར་བྱེད་མིན་དང་། དང་ལེན་བྱེད་མིན། ཡིད་འཐད་ཡིན་མིན།ཁས་ལེན་ཐོབ་མིན་བཅས་བྱ་བའི་ཐོབ་ཤོར་ཡོད་ཚད་ལ་ཚད་འཇལ་བའི་གཞི་རྩའི་ཚད་གཞིར་བརྩིས་ཏེ། ང་ཚོའི་ཏང་ལ་དུས་ནམ་ཡང་ཉམས་མི་སྲིད་པའི་སྟོབས་ཤུགས་འབྱུང་ཁུངས་ཞིག་ཡོད་པར་བྱེད་དགོས།
   གསུམ་པ།མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་ན།ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་སོ་སོ་ནས་མཚོན་པར་བྱེད་དགོས།བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ལག་ལེན་བྱས་ཏེ།ཏང་གི་མང་ཚོགས་ལམ་ཕྱོགས་རྒྱལ་སྐྱོང་སྲིད་འཛིན་གྱི་བྱ་འགུལ་ཡོངས་ཀྱི་ཁྲོད་དངོས་འབེབས་བྱེད་པ་དང་། མི་དམངས་ཀྱིས་མཛེས་སྡུག་འཚོ་བར་ཡིད་སྨོན་བྱེད་པ་དེ་འབད་འཐབ་དམིགས་འབེན་དུ་བརྩིས་ཏེ། མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་རླབས་ཆེན་ལས་དོན་གསར་སྐྲུན་བྱེད་དགོས།བློ་བརྟན་འགྱུར་མེད་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་རྒྱུན་འཁྱོངས་བྱས་ཏེ།དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུ་སྤུས་དང་ཕན་འབྲས་མཐོར་འདེགས་སུ་གཏོང་བ་དང་། འཕེལ་རྒྱས་དོ་མི་མཉམ་ལ་ཕུན་སུམ་ཚོགས་པ་མིན་པའི་གནད་དོན་ཧུར་ཐག་གིས་ཐག་གཅོད་བྱས་ནས། འབད་བརྩོན་སྒོས་སྤུས་ཚད་སྔར་ལས་མཐོ་ཞིང་།ལས་ཆོད་སྔར་ལས་ཆེ་བ།སྔར་ལས་དྲང་བདེན་ཡིན་པ།སྔར་ལས་རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་བགོ་བཤའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།ཡོང་འབབ་བགོ་བཤའ་དེ་སྔར་ལས་ལུགས་མཐུན་ཡིན་ཞིང་།སྔར་ལས་གོ་རིམ་ལྡན་པར་སྐུལ་འདེད་བཏང་སྟེ།འཕེལ་རྒྱས་ཀྱི་གྲུབ་འབྲས་མང་པོས་སྔར་ལས་འདྲ་མཉམ་སྒོས་མི་དམངས་ཡོངས་ལ་ཕན་འདོགས་དགོས།འཕེལ་རྒྱས་ཀྱི་ཁྲོད་དུ་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། འཕེལ་རྒྱས་ཀྱི་ཁྲོད་དུ་དམངས་ཚིས་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ།སྤྱི་ཚོགས་འདྲ་མཉམ་དྲང་བདེན་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། བྱིས་པའི་དུས་ནས་སློབ་གསོ་ཐོབ་པ། བསླབ་ལ་འཁྲིད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ།རྒས་དུས་འཚོ་རྟེན་ཡོད་པ།སྡོད་སའི་ཁང་བ་ཡོད་པ།ཉམས་ཞན་སྐྱོང་མཁན་ཡོད་པ་བཅས་ཀྱི་ཐད་ནས་མུ་མཐུད་དུ་གྲུབ་འབྲས་གསར་བ་བླངས་ཏེ།མཉམ་སྐྲུན་མཉམ་སྤྱོད་ཀྱི་འཕེལ་རྒྱས་ཁྲོད་ནས་དམངས་ཡོངས་ལ་ཐོབ་ཚོར་སྔར་ལས་མང་པོ་ཡོད་པར་ཁག་ཐེག་བྱེད་པ་དང་།མུ་མཐུད་དུ་མི་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བ་དང་།དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་དགོས།མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱས་ཏེ།རང་རྟོགས་སྒོས་མི་དམངས་དགེ་རྒན་དུ་བསྟེན་པ་དང་།འཇོན་མི་ལ་བློ་འདྲི་བ།དཔྱོད་ལྡན་ལ་ཐབས་ཞུ་བ།མང་ཚོགས་ཁྲོད་ནས་འཛད་མཐའ་མེད་པའི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས། ནུས་ཡོད་ཆ་རྐྱེན་སྣ་ཚོགས་གསར་སྐྲུན་བྱས་ཏེ། ལས་རིགས་སོ་སོ་དང་ཕྱོགས་སོ་སོའི་ངལ་རྩོལ་པ་དང་ཁེ་ལས་པ།གསར་སྐྲུན་མི་སྣ།རིམ་པ་སོ་སོའི་ལས་བྱེད་པ་བཅས་ལ་ནུས་པ་འདོན་སྤེལ་བྱེད་པའི་གར་སྟེགས་དང་ཁོར་ཡུག་བསྐྲུན་པ་དང་།མི་དམངས་སྐུལ་སློང་དང་རྩ་འཛུགས་བྱས་ཏེ་ཏང་གིས་འགོ་ཁྲིད་པའི་རླབས་ཆེན་ལས་དོན་ཁྲོད་ཞུགས་དགོས།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

pk10计划软件手机版 新十一选五走势图江苏 探陵人 黑龙江22选5投注技巧 76人吧 河北十一选五今天开 云南快乐十分走势 3d开奖结果开机号 日韩黄色片成人快播电影 浙江十一选五 有分分11选五走势图吗 麻将游戏规则简单介绍 3分彩官网 配资利息一般是多少 山西十一选五开奖结果爱彩乐 澳洲幸运10靠谱群 日本女优av三级电影