今天是:

སྲིད་ཇུས་ཡིག་ཆ།

ཀན་ལྷོའི་སྲིད་ཇུས།

མདུན་ཤོག > སྲིད་ཇུས་ཡིག་ཆ། > ཀན་ལྷོའི་སྲིད་ཇུས།

ཁྲུའུ་རིམ་པ་དང་དེའི་མན་གྱི་འགོ་ཁྲིད་མིན་པའི་གོ་གནས་བསྐོ་འཇོག་ལ་ཐོ་འགོད་ལམ་ལུགས་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་ཡིག

ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་དང་

ཡིག་ཆ།

ཀན་ལྷོ་ཁུལ་མི་ཤུཊ་ཐོན་ཁུངས་དང་སྤྱི་ཚོཊ་འགན་སྲུང་ཅུས་ཀྱི་

 

ཁུལ་རྩ་འཛུགས་ཀྱི་ཡིག་ཆ༼༢༠༡༥༽ཨང༤༠བ།

 

ཁྲུའུ་རིམ་པ་དང་དེའི་མན་གྱི་འགོ་ཁྲིད་མིན་པའི་གོ་གནས་བསྐོ་འཇོག་ལ་

ཐོ་འགོད་ལམ་ལུགས་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་ཡིག

 

རྫོང་དང་གྲོང་ཁྱེར་སོ་སོའི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་པུའུ་དང་། སྲིད་གཞུང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་བཅས་ལ།

      གཟབ་ནན་གྱིས་ཏང་སྐྱོང་བ་དང་གཟབ་ནན་གྱིས་ལས་བྱེད་པ་དོ་དམ་བྱེད་པའི་བླང་བྱ་དང་། འགོ་ཁྲིད་མིན་པའི་གོ་གནས་བཀོད་སྒྲིག་དང་འགོ་ཁྲིད་མིན་པའི་གོ་གནས་འཕར་བའི་བྱ་བ་སྔར་ལས་ཚད་ལྡན་གཏོང་ཕྱིར། ༼ཀན་སུའུ་ཞིང་ཆེན་གྱི་ཕྱོགས་བསྡུས་དོ་དམ་རིགས་ལས་འགོ་ཁྲིད་མིན་པའི་གོ་གནས་བཀོད་སྒྲིག་དང་དོ་དམ་བྱེད་ཐབས༼ཚོད་ལྟ༽དང༼ཀན་ལྷོ་ཁུལ་གྱི་ཕྱོགས་བསྡུས་དོ་དམ་རིགས་ལས་འགོ་ཁྲིད་མིན་པའི་གོ་གནས་བཀོད་སྒྲིག་དང་དོ་དམ་བྱེད་ཐབས༼ཚོད་ལྟ༽ནས་ལས་འགན་ཁུར་བ་དོ་དམ་བྱེད་པའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལྟར། འབྲེལ་ཡོད་ཀྱི་བྱ་བ་སྒྲུབ་སྟངས་བརྡ་སྦྱོར་བྱས་པ་གཤམ་གསལ་ལྟར་ཡིན་ཏེ།

      དང་པོ། ཞང་དང་གྲོང་རྡལ་གྱི་ཁའོ་རིམ་པའི་འགོ་ཁྲིད་མིན་པའི་གོ་གནས་བཀོད་སྒྲིག་བྱེད་པར་བཀོད་སྒྲིག་འཆར་གཞིའི་ཆོག་མཆན་གཞན་པ་འགོད་དགོས། རྫོང་གི་ཁྲུའུ་རིམ་པའི་འགོ་ཁྲིད་མིན་པའི་གོ་གནས་ལ་ཁུལ་ཨུས་གཅིག་གྱུར་བཀོད་འདོམས་བྱ་དགོས། ཁུལ་ཐད་གཏོགས་སྡེ་ཁག༼སྡེ་ཚན༽གི་ཁའོ་རིམ་པའི་འགོ་ཁྲིད་མིན་པའ་གོ་གནས་ལ་རང་སྡེ་ཁག་གིས་གཅིག་གྱུར་བཀོད་འདོམས་བྱ་དགོས། རྫོང་དང་གྲོང་ཁྱེར་གྱི་ཁའོ་རིམ་པའི་འགོ་ཁྲིད་མིན་པའི་གོ་གནས་ལ་རྫོང་དང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་པུའུ་ཡིས་གཅིག་གྱུར་བཀོད་འདོམས་བྱ་དགོས། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་འགོ་ཁྲིད་མིན་པའི་གོ་གནས་བཀོད་སྒྲིག་བྱེད་པར། ལས་ཁུངས་སོ་སོས་འཆར་གཞི་ཞིབ་མོ་བཀོད་རྗེས། ལས་བགོས་ལྟར་ཁུལ་རིམ་པའི་གཞུང་ཞབས་པ་གཙོ་བདག་སྡེ་ཁག་ལ་ཞིབ་བཤེར་དུ་འབུལ་དགོས། བོད་ཁུལ་སྲིད་ཇུས་ཁྲོད་འགོ་ཁྲིད་མིན་པའི་གོ་གནས་ཀྱི་སྡུར་གྲངས་ཇེ་མཐོར་མ་བཏང་གོང་སྔོན་གྱི་སྲིད་ཇུས་ལྟར་ལག་བསྟར་བྱ་དགོས།

      གཉིས་པ། འགོ་ཁྲིད་མིན་པའི་གོ་གནས་འཕར་བར་ཅིས་ཀྱང་གོ་གནས་སྟོང་བར་ལུས་པར་ལས་རིམ་གཏན་ཁེལ་ལྟར། དམངས་གཙོས་འོས་སྦྱོར་དང་རྩ་འཛུགས་ཀྱིས་རྟོག་ཞིབ་བྱ་དགོས་པ་མ་ཟད། དོ་དམ་གྱི་དུས་ཡུན་དང་ལས་རིམ་གྱི་གཏན་ཁེལ་ལྟར་ལས་འགན་འཁུར་བའི་འགྲོ་ལུགས་སྒྲུབ་དགོས།

      གསུམ་པ། འགོ་ཁྲིད་མིན་པའི་གོ་གནས་བསྐོ་འཇོག་ལ་ཐོ་འགོད་ལམ་ལུགས་ལག་བསྟར་བྱ་དགོས། ཁྲུའུ་རིམ་པ་དང་དེའི་མན་གྱི་འགོ་ཁྲིད་མིན་པའི་གོ་གནས་བསྐོ་འཇོག་བྱེད་པའི་ཡར་སྔོན་ལ། ༼ཀན་སུའུ་ཞིང་ཆེན་གྱི་ཕྱོགས་བསྡུས་དོ་དམ་རིགས་ལས་འགོ་ཁྲིད་མིན་པའི་གོ་གནས་ཞིབ་བཤེར་རེའུ་མིག༽དང༼འགན་བསྐོ་མི་སྣའི་ཐོ་ཡིག༽། ༼འགོ་ཁྲིད་མིན་པའི་གོ་གནས་བསྐོ་འཇོག་གི་ལས་བྱེད་མི་སྣའི་ཡིག་ཚགས་ཞིབ་བཤེར་རེའུ་མིག༽༼ཟུར་བཀོད་ན་གསལ༽བསྐངས་རྗེས། ལས་བགོས་ལྟར་རིམ་པ་གཅིག་པའི་ཏང་ཨུ་རྩ་འཛུགས་པུའུ་དང་སྲིད་གཞུང་མི་དོན་ཅུས་ལ་འབུལ་དགོས། འགོ་ཁྲིད་མིན་པའི་གོ་གནས་ཀྱི་སྡུར་གྲངས་དང་བསྐོ་འཇོག་མི་སྣའི་འགན་བསྐོའི་ཐོབ་ཐང་ལ་ཞིབ་བཤེར་བྱས་རྗེས་ལས་རིམ་གྱི་གཏན་ཁེལ་ལྟར་བསྐོ་འཇོག་བྱ་དགོས། རྫོང་དང་གྲོང་ཁྱེར་གྱིས་རིམ་པ་གོང་མའི་རྩ་འཛུགས་སྡེ་ཁག་ལ་ཡར་ཞུ་ཐོ་འགོད་བྱས་རྗེས་ད་གཟོད་ལས་རིམ་གྱི་གཏན་ཁེལ་ལྟར་བསྐོ་འཇོག་བྱ་ཆོག

      བཞི་བ། ལས་ཁུངས་ཚང་མས་གོ་གནས་ཀྱི་གྲངས་ཚད་ལས་བརྒལ་ནས་འགོ་ཁྲིད་མིན་པའི་གོ་གནས་བཀོད་སྒྲིག་བྱ་མི་ཆོག སྔོན་ཞིག་ནས་གོ་གནས་ཀྱི་གྲངས་ཚད་ལས་བརྒལ་བཞིན་བཀོད་སྒྲིག་བྱས་ཡོད་པའི་མི་སྣ་དེ་དག་ཐབས་ཤེས་བཀོལ་ནས་རིམ་གྱིས་མེད་པར་གཏོང་དགོས། མེད་པར་གཏོང་བའི་ཡར་སྔོན་ལ་འགོ་ཁྲིད་མིན་པའི་གོ་གནས་གསར་བ་བསྐོ་འཇོག་བྱ་མི་ཆོག

      ལྔ་བ། རྫོང་རིམ་པ་ཡན་གྱི་གཞུང་ཞབས་པ་གཙོ་བདག་སྡེ་ཁག་གིས་འགོ་ཁྲིད་མིན་པའ་གོ་གནས་བཀོད་སྒྲིག་དང་དོ་དམ་གྱི་གནས་ཚུལ་ལ་ལྟ་རྟོག་ཞིབ་བཤེར་བྱེད་པའི་འགན་འཁུར་དགོས། ༼ཀན་ལྷོ་ཁུལ་གྱི་ཕྱོགས་བསྡུས་དོ་དམ་རིགས་ལས་འགོ་ཁྲིད་མིན་པའི་གོ་གནས་བཀོད་སྒྲིག་དང་དོ་དམ་བྱེད་ཐབས༼ཚོད་ལྟ༽ལ་འགལ་ནས། རང་འདོད་ཀྱིས་བཀོད་སྒྲིག་གི་ཁྱབ་ཁོངས་ཇེ་ཆེར་གཏོང་བ་དང་གོ་གནས་ཀྱི་སྡུར་གྲངས་ཚད་ལས་བརྒལ་བ། འགན་བསྐོའི་ཆ་རྐྱེན་ཇེ་ཡངས་གཏོང་བ། ཡར་ཞུ་ཐོ་འགོད་ཀྱི་ཞིབ་བཤེར་མ་བྱས་པ་བཅས་ལ་ཆོག་མཆན་བཀོད་མི་ཆོག་ལ་ཐོ་འགོད་ཀྱང་བྱ་མི་ཆོག སྒོས་སུ་ཟླ་ཕོགས་སྟེར་མི་ཆོག སྔོན་ནས་ཐག་གཅོད་བྱས་ཟིན་པ་ཚང་མ་ལས་གོ་མི་ཆོད་པ་ཡིན་ཞིང་། རིམ་པ་གཅིག་པའི་གཞུང་ཞབས་པ་གཙོ་བདག་སྡེ་ཁག་གམ་ཡང་ན་གོང་རིམ་ལས་ཁུངས་ཀྱིས་དོ་དམ་དབང་ཆའི་དུས་ཡུན་ནང་ཡོ་བསྲང་བྱ་དགོས་པ་མ་ཟད། འགན་ཁུར་བ་གཙོ་བོ་དང་ཐད་ཀར་འགན་འཁུར་མཁན་ལ་གཏན་ཁེལ་ལྟར་ཐག་གཅོད་དམ་ཡང་ན་ཉེས་ཆད་གཅོད་དགོས།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

pk10计划软件手机版 今日股市最新消息上证指数上证指数2020年预测 冲田杏梨20部无码磁力 北京pk10外围平台 怎么买美国股票指数 可以三个人的麻将软件 金巷子配资 重庆快乐10分走势图 广东36选7开奖时间 欢聚麻将上分微信谁有 广西快乐十分号计划 3d杀码定胆3d独 优质股票分析方法 a级片人与动物电影 北京pk105码计算方法 丛林快讯 陕西快乐十分*规则