今天是:

སྲིད་ཇུས་ཡིག་ཆ།

ཀན་སུའི་སྲིད་ཇུས།

མདུན་ཤོག > སྲིད་ཇུས་ཡིག་ཆ། > ཀན་སུའི་སྲིད་ཇུས།

ཀྲུང་གུང་ཀན་སུའུ་ཞིང་ཨུ་གཞུང་ལས་ཐིན་གྱིས་པར་འགྲེམ་བྱས་པའི༼ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་བྱ་བར་ཤུགས་སྣོན་དགོས་པའི་སྐོར་གྱི་ལག་བསྟར་བསམ་འཆར༼ཚོད་ལྟ༽གྱི་བརྡ་ཡིག༼3༽

དྲུག སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་དང་ཏང་ཡོན་གྱི་བྱེད་ནུས་འདོན་སྤེལ་བྱེད་པའི་ཐབས་ལམ་ཧུར་ཐག་གིས་རྒྱ་སྐྱེད་དགོས།

༡༦.སྤྱི་ཚོགས་རྩ་འཛུགས་བདེ་བླག་ངང་འཕེལ་རྒྱས་འགྲོ་བར་དམིགས་ནས་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་དགོས། ཏང་རྩ་འཛུགས་ཀྱི་བྱེད་སྒོ་དེ་སྤྱི་ཚོགས་རྩ་འཛུགས་ཀྱི་འཕེལ་རྒྱས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་བརྗོད་གཞིའི་བྱེད་སྒོ་སྤེལ་བ་སོགས་ནུས་ལྡན་གྱི་ཐེག་གཟུགས་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ་སྤྱི་ཚོགས་རྩ་འཛུགས་གྱི་ལས་གཉེར་བྱེད་སྒོ་དང་དུས་རྒྱུན་གྱི་དོ་དམ། རིག་གནས་འཛུགས་སྐྲུན་སོགས་ཕན་ཚུན་སྐུལ་འདེད་བྱ་འོས། སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་ཡོན་དོ་དམ་རིམ་པའི་མི་སྣ་དང་ཏང་རྩ་འཛུགས་ཚན་ཁག་གི་ཁོངས་མི་ཕན་ཚུན་དུ་ཞུགས་པ་དང་འགན་སྣོལ་མར་འཛིན་པ་སྐུལ་སྤེལ་བྱ་དགོས། དོ་དམ་རིམ་པའི་འབྲེལ་ཡོད་ཚོགས་འདུའི་སྟེང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཞུགས་པའམ་ཡང་ན་ཟུར་ཞུགས་བྱ་འོས་ལ། ཏང་རྩ་འཛུགས་ཀྱིས་སྤེལ་བའི་འབྲེལ་ཡོད་བྱེད་སྒོར་ཏང་ཡོན་མིན་པའི་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་ཁུར་བ་གདན་ཞུ་བྱ་ཆོག

༡༧.ལས་བཟོ་མང་ཚོགས་ཀྱི་དགོས་མཁོར་དམིགས་ནས་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་དགོས། སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཀྱིས་ལས་བཟོ་བ་དཀྱིས་མའི་བསམ་བློའི་འཁོར་ཕྱོགས་དང་དངོས་ཡོད་དགོས་མཁོར་རྒྱུས་ལོན་གཏིང་ཟབ་དང་དོ་སྣང་ཆེན་པོ་བྱས་ནས་བསམ་བློའི་ཆབ་སྲིད་ཀྱི་སློབ་གསོའི་བྱེད་ཐབས་གསར་བཅོས་བྱས་ཏེ་ཁོ་ཚོའི་དགའ་བསུ་ཐོབ་པའི་བྱེད་སྒོ་རྩ་འཛུགས་བྱས་ནས་སྤེལ་ཞིང་ལས་བཟོ་བ་དཀྱུས་མས་རེ་སྨོན་གྱི་ཞབས་ཞུ་མཁོ་སྤྲོད་བྱེད་པ་དང་མི་ཆོས་ཀྱི་བྱམས་སྐྱོང་དང་སེམས་ཁམས་ཐད་ནས་སློབ་གསོ་དང་ཁྲིད་སྟོན་བྱེད་པར་ཤུགས་པར་ཤུགས་བསྣན་ནས་ཧུར་ཐག་གིས་ཁོ་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་བ་དང་ཞབས་ཞུའི་བརྒྱུད་རིམ་ཁྲོད་སློབ་གསོ་ཞོར་དུ་ཐོན་པར་བྱས་ནས་ཏང་རྩ་འཛུགས་ཀྱི་འདྲེན་ཤུགས་དང་ཤུགས་རྐྱེན་ཐེབས་ནུས་དངོས་ཐོག་ནས་མཐོར་འདེགས་གཏོང་དགོས།

༡༨.སྤྱི་ཚོགས་རྩ་འཛུགས་ཀྱི་ཁྱད་ཆོས་འབུར་དུ་བཏོན་ནས་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་དགོས། སྤྱི་ཚོགས་རྩ་འཛུགས་དང་དེའི་ལས་ཞུགས་མི་སྣའི་ཆེད་ལས་ཀྱི་འཇོན་ཐང་འདོན་སྤེལ་བྱས་ནས་ཆེད་ལས་ཅན་གྱི་དང་བླངས་ཞབས་ཞུ་ཧུར་ཐག་གིས་སྤེལ་དགོས། སྤྱི་ཚོགས་རྩ་འཛུགས་ཀྱི་འཇོན་མི་དང་ཆ་འཕྲིན་སོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་འདོན་སྤེལ་བྱས་ནས་རང་འགུལ་གྱིས་སྡེ་ཁུལ་དང་ཁྱབ་ཁོངས་གཞན་དག་གི་ཏང་རྩ་འཛུགས་དང་ཆ་སྒྲིག་མཉམ་སྐྲུན་བྱས་ནས་ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས་མངོན་འགྱུར་བྱ་དགོས། ཞིང་ཆེན་དང་གྲོང་ཁྱེར་ཐད་གཏོགས་ཀྱི་ལས་ཁུངས་དང་སྡེ་ཁག་གིས་ཐད་ཀར་དོ་དམ་བྱས་པའི་སྤྱི་ཚོགས་རྩ་འཛུགས་ཀྱིས་ལས་ཐོག་ན་ཡོད་པའི་ཏང་ཡོན་སྡེ་ཁུལ་དུ་འབྱོར་ཐོ་འགོད་པའི་ཞབས་ཞུའི་ལམ་ལུགས་ཁྱབ་སྤེལ་གཏོང་དགོས། སྤྱི་ཚོགས་རྩ་འཛུགས་ལ་འབྲེལ་བ་རྒྱ་ཆེན་པོ་ཡོད་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཏང་ཡོན་རྩ་འཛུགས་བྱས་ནས་ལས་གཉེར་བྱེད་སྒོའི་ཁྲོད་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་ཀྱི་སྲིད་ཇུས་དྲིལ་སྒྲོག་བྱས་ཤིང་སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་གོང་བུར་སྒྲིལ་དགོས། ལས་ཞུགས་མི་སྣ་འཁོར་རྒྱུག་རང་བཞིན་ཅུང་ཆེ་བའི་ཁྱད་ཆོས་ལ་དམིགས་ནས་སྐད་འཕྲིན་དང་པོད་འཕྲིན། QQསོགས་དེང་རབས་ཆ་འཕྲིན་ལག་རྩལ་གྱི་བྱེད་ཐབས་བཀོལ་སྤྱོད་གང་ཡོད་བྱས་ཏེ་བྱེད་སྒོ་སྤེལ་ནས་ཏང་རྩ་འཛུགས་ཀྱི་བྱེད་སྒོའི་སྒོ་འབྱེད་རང་བཞིན་དང་སྐྱེན་པའི་རང་བཞིན། ཕན་འབྲས་རང་བཞིན་ཇེ་མཐོར་གཏོང་དགོས།

༡༩.ཏང་ཡོན་གྱི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་སློབ་གསོ་དོ་དམ་གྱི་ཞབས་ཞུ་གསར་གཏོད་བྱ་དགོས། ཏང་ཡོན་གྱིས་ཤེས་རྟོགས་དབང་ཆ་དང་ཞུགས་ཆོག་པའི་དབང་ཆ། འདེམ་བསྐོའི་དབང་ཆ། ལྟ་སྐུལ་དབང་ཆ་བཅས་འགན་སྲུང་དང་དངོས་འབེབས་བྱེད་པར་ཤུགས་བཏོན་ནས་ཏང་གི་ལས་དོན་སྤྱི་སྒྲོག་ཧུར་ཐག་གིས་སྐུལ་འདེད་བྱས་ཏེ་ཏང་ཡོན་ཏང་ནང་ཁུལ་གྱི་ལས་དོན་ལ་ཞུགས་ཚད་མཐོར་འདེགས་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཏང་ཡོན་གྱི་ནུས་པ་གཙོ་བོ་འདོན་སྤེལ་བྱ་དགོས། སྤྱི་ཚོགས་རྩ་འཛུགས་ཀྱི་ཁྱབ་ཁོངས་སུ་གདོང་ལེན་སྣེ་ཁྲིད་ཀྱི་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་ཏང་ཡོན་གྱི་འགན་འཁྲི་ལས་གནས་དང་ཏང་ཡོན་དཔེ་སྟོན་ཁུལ། ཏང་ཡོན་གྱི་གདོང་ལེན་ལས་གནས་ཏེ་ལས་གནས་གསུམ་མཉམ་བསྐྲུན་ཤུགས་ཆེན་སྒོས་སྤེལ་བ་དང“དམ་བཅའ་གཅིག་དང་གདེང་འཇོག་གསུམ། སྤྱི་སྒྲོག་གསུམ”དང“བསྡུར་བ་གསུམ། བརྩོན་ལེན་གསུམ”བཅས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་ནས་ཏང་ཡོན་གྱི་དཔེ་སྟོན་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ཡོད་བྱ་དགོས། “ཕྱོགས་གཅིག་གི་ཁོངས་སུ་གཏོགས་པ་དང་རྩ་འཛུགས་ཀྱི་འཚོ་བ་སྣ་མང་ལ་ཞུགས་པའི”རྩ་དོན་གཞིར་བཟུང་ནསགནས་སྐབས་སུ་རྩ་འཛུགས་ཀྱི་འབྲེལ་བ་སྤོ་སྒྱུར་བྱས་མེད་པའི་ཏང་ཡོན་རྩ་འཛུགས་བྱས་ཏེ་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་གིས་རྩ་འཛུགས་བྱས་པའི་བྱེད་སྒོ་ལ་ཧུར་ཐག་གིས་ཞུགས་དགོས། ཏང་ཡོན་གསོ་སྐྱོང་གི་བྱ་བར་ཤུགས་བརྒྱབ་ནས་ནམ་ཡང་ཆབ་སྲིད་ཀྱི་ཚད་གཞི་དང་བོར་བཞག་སྟེ་ཏང་ནང་ཞུགས་རྒྱུའི་ཧུར་བརྩོན་ཅན་སློབ་གསོ་དང་གསོ་སྐྱོང་བྱ་རྒྱུར་ཤུགས་བསྣན་ཞིང་ཆ་རྐྱེན་དང་འཚམ་པའི་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་ཁུར་བ་དང་ལས་སྒོའི་རྐང་འཛིན་ཏང་ཡོན་དུ་སྐྱེད་སྲིང་བྱ་རྒྱུར་མཐོང་ཆེན་དང་ཏང་ཡོན་མེད་པའམ་ཡང་ན་ཏང་ཡོན་རེ་འགའ་ལས་མེད་པའི་སྤྱི་ཚོགས་རྩ་འཛུགས་ཁྲོད་ཏང་ཡོན་སྐྱེད་སྲིང་བྱ་རྒྱུར་མཐོང་ཆེན་བྱ་དགོས། ཏང་ཡོན་དོ་དམ་དང་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་དང་རྩ་འཛུགས་འབྲེལ་དོ་དམ་གཟབ་ནན། ཚད་མ་ལོན་པའི་ཏང་ཡོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ་བཅས་ལ་ཤུགས་སྣན་ཏེ་ཏང་ཡོན་རུ་ཁག་གི་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་རྒྱུན་སྐྱོང་དགོས།

༢༠.བླང་བྱ་ནན་མོར་མཐར་ཕྱིན་བྱས་ནས་རྩ་འཛུགས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་དགོས། ཏང་ཡོན་གྱི་བསམ་བློའི་བྱ་བའི་དངོས་ཡོད་དང་དམ་པོར་འབྲེལ་ནས“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང་ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་བྱེད་པ། དུས་བཅད་ལྟར་ཏང་ཡོན་གྱི་ཏང་གཤིས་དབྱེ་ཞིབ་སོགས་ཀྱི་ལམ་ལུགས་གཟབ་ནན་སྒོས་ལག་བསྟར་བྱ་དགོས། ལས་བཟོ་བ་དཀྱིས་མའི་ཏང་རྩ་འཛུགས་དང་ཏང་ཡོན་ཐད་ཀྱི་བསམ་འཆར་རྒྱུན་པར་ཉན་ལེན་བྱས་ནས་གནད་དོན་ཡོད་ན་དུས་ཐོག་ཏུ་དག་ཐེར་བྱ་དགོས། གཏན་འབེབས་གཞིར་བཟུང་ནས་ཏང་ཡོན་འགོ་ཁྲིད་མི་སྣའི་དམངས་གཙོའི་འཚོ་བའི་གྲོས་ཚོགས་འཚོག་པ་དང་དུས་བཅད་ལྟར་ཏང་ཡོན་རྩ་འཛུགས་ཀྱི་འཚོ་བའི་གྲོས་ཚོགས་འཚོག་ནས་སྐྱོན་བརྗོད་དང་རང་ཉིད་སྐྱོན་བརྗོད་བྱ་བ་ཧུར་ཐག་གིས་སྤེལ་ཞིང་ཏང་ཡོན་གྱིས་སྒྲིག་ཁྲིམས་དང་སྒྲིག་ལམ་བརྩི་བར་སློབ་གསོ་དང་སྣེ་ཁྲིད་བྱས་ནས་རྩ་འཛུགས་འཚོ་བ་གང་འདོད་ཅན་དང་སྟབས་བདེ་ཅན། རྙིང་སྲོལ་ཅན་དུ་འགྱུར་བར་མཐའ་གཅིག་ཏུ་འགོག་དགོས། རྩ་དོན་སྟེང་ཀྲི་པུའུ་ཏང་ཡོན་ཚོགས་འདུ་ཟླ་གསུམ་རེའི་ནང་གཅིག་འཚོག་དགོས་ལ། ཀྲི་པུའུ་ཨུ་ཡོན་ལྷན་ཚོགས་ཟླ་རེར་ཐེངས་གཅིག་དང་ཏང་ཚོ་ཆུང་གི་ཚོགས་འདུ་སྤྱིར་བཏང་དུ་ཟླ་རེར་ཐེངས༡ནས༢འཚོག་པ། སྤྱིར་བཏང་དུས་ཚིགས་གཅིག་ལ་ཏང་གི་སློབ་ཁྲིད༡རེ་འཚོག་དགོས།

བདུན། སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་གི་ལས་དོན་སྒྲུབ་གཉེར་བའི་རུ་ཁག་འཛུགས་སྐྲུན་བྱེད་པར་དངོས་ཐོག་ནས་ཤུགས་བརྒྱག་དགོས།

 ༢༡.ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་འཇོན་འདེམ་ཧྲག་སྒྲིག་བྱ་དགོས། ཡིད་ཆེས་ཡོད་པ་དང་ལེགས་སྐྱེས་ཕུལ་བ། འཇོན་ཐང་ལྡན་པ། གཤིས་བཟང་གཙིགས་འཛིན་གྱི་བླང་བྱ་ལྟར་སྤྱི་ཚོགས་རྩ་འཛུགས་ཀྱི་ཧྲུའུ་ཅི་འཇོན་འདེམ་ཧྲག་སྒྲིག་བྱ་དགོས། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དེ་སྤྱིར་བཏང་དུ་སྤྱི་ཚོགས་རྩ་འཛུགས་ནང་ཁུལ་ནས་བྱུང་ལ། ཏང་ཡོན་ཡིན་པའི་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་ཁུར་བས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་ཁུར་བར་དར་སྤེལ་གཏོང་དགོས། སྤྱི་ཚོགས་རྩ་འཛུགས་ཁྲོད་འོས་འཚམ་གྱི་མི་མེད་ན་གོང་རིམ་ཏང་རྩ་འཛུགས་ཀྱིས་མངག་གཏོང་བྱེད་པར་རེ་ཞུ་བྱ་རྒྱུའམ་ཡང་ན་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ངོ་སྤྲད་དེ་ཏང་ནང་ཁུལ་གྱི་འབྲེལ་ཡོད་གཏན་འབེབས་ལྟར་ལས་འགན་ཁུར་ཆོག

༢༢.ཏང་གི་ལས་དོན་ལས་གཉེར་བའི་རུ་ཁག་རྒྱ་སྐྱེད་སྟོབས་ཆེན་གཏོང་དགོས། སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་བྱ་བའི་དགོས་མཁོར་འཕྲོད་རྒྱུར་ཤུགས་སྣན་ནས་ཆེད་གཉེར་དང་ལས་འགན་གཅིག་ལྕོགས་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཤིང་ལམ་བུ་མང་བ་དང་སྣ་མང་ཅན་གྱི་སྒོ་ནས་འདེམ་སྤྱོད་བྱས་ཏེ་བྱང་ཚད་མཐོ་ལ། སྒྲིག་གཞི་ལུགས་མཐུན། གྲངས་འབོར་འདང་བའི་ཏང་གི་ལས་དོན་ལས་གཉེར་བའི་དཔུང་ཁག་ཅིག་འཛུགས་དགོས། གཞི་ཁྱོན་ཆེ་ལ། ཏང་ཡོན་མི་གྲངས་མང་བའི་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ལ་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་བཀོད་སྒྲིག་བྱ་འོས། ཏང་འཛུགས་བྱ་བའི་མཛུབ་སྟོན་པ་འདེམ་མངག་བྱེད་པར་ཤུགས་སྣན་ནས་དེའི་རྩ་འཛུགས་དྲིལ་སྒྲོག་དང་འབྲེལ་འདྲིས་ཞབས་ཞུ། མཐུན་སྦྱོར་མཛུབ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ཏང་རྩ་འཛུགས་ཀྱིས་སྤྱི་ཚོགས་རྩ་འཛུགས་ཁྲོད་འདེམ་མངག་བྱས་ཏེ་ཏང་འཛུགས་ཀྱི་བྱ་བ་གཉེར་བའི་ལས་འཁུར་ངལ་གསོ་བྱས་པ་འམ་ཡང་ན་ད་ལྟའི་ལས་འགན་འཁུར་མེད་པའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་འགན་གཅིག་ལྕོགས་ཀྱི་དག་བཤེར་ཁྱབ་ཁོངས་སུ་མི་འགོད་ཡང་ཚད་ལྡན་ཡོང་བར་གཟབ་ནན་བྱ་འོས་ཤིང་ས་གནས་ཀྱི་སྤྱི་ཚོགས་རྩ་འཛུགས་ལ་ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པའི་ཏང་ཨུ་དང་རྩ་འཛུགས་སྡེ་ཁག་གིས་འདེམ་མངག་བྱ་འོས། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་ལ་སྲང་ལམ་དང་ཞང་གྲོང་རྩ་འཛུགས་ཀྱིས་འདེམ་མངག་བྱ་འོས། ལས་སྒོའི་གཙོ་བདག་སྡེ་ཁག་ཡོད་པའི་སྤྱི་ཚོགས་རྩ་འཛུགས་ལ་ལས་སྒོའི་གཙོ་བདག་སྡེ་ཁག་གཞན་པའི་ཏང་རྩ་འཛུགས་ཀྱི་འདེམ་མངག་བྱ་འོས། འདེམ་མངག་མི་སྣས་སྤྱི་ཚོགས་རྩ་འཛུགས་ནས་གླ་ཕོགས་དང་ཁེ་ཕན་ལྷག་མ་ལེན་མི་ཆོག ཡིན་ཡང་དགོས་ངེས་ཀྱི་བྱ་བའི་གྲོན་དངུལ་ཁག་ཐེག་བྱ་དགོས། སྤྱི་ཚོགས་རྩ་འཛུགས་ཅུང་གཅིག་སྡུད་ཡིན་པའི་ས་ཁོངས་སུ། གླིང་ཁུལ་དང་ཐོག་ཁང་གི་ཏང་རྩ་འཛུགས་ལ་བརྟེན་ནས་ཏང་འཛུགས་བྱ་བའི་ས་ཚིགས་འཛུགས་པ་དང་ཆེད་དོན་དང་གཅིག་ལྕོགས་ཡིན་པའི་མི་སྣ་བཀོད་སྒྲིག་བྱས་ཏེ་ཏང་གི་ལས་དོན་ལེགས་པོར་སྒྲུབ་དགོས།

༢༣.ཏང་གི་ལས་དོན་གཉེར་མཁན་ལ་སློབ་གསོ་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་དགོས། སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་གི་ལས་དོན་ལས་གཉེར་བ་དེ་གཞི་རིམ་ཏང་གི་ལས་དོན་ལས་བྱེད་པ་གསོ་སྦྱོང་གི་ཁྱབ་ཁོངས་སུ་བཅུག་ནས་རིམ་པ་སོ་སོའི་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་། ལས་བྱེད་པའི་སློབ་གླིང་། མཐོ་རིམ་སློབ་གླིང་སོགས་ལ་གཞི་བཅོལ་ནས་གསོ་སྦྱོང་བྱ་དགོས། གསོ་སབྱོང་གི་བྱ་བ་དེ་ཏང་ཨུ་རྩ་འཛུགས་སྡེ་ཁག་དང་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས་བྱ་བའི་ཨུ་ཡོན་ལྷན་ཚོགས་དང་དམངས་སྲིད། ཁྲིམས་འཛིན། ནོར་སྲིད། ཁྲལ་དོན། སློབ་གསོ། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ། ཚན་རྩལ་སོགས་འབྲེལ་ཡོད་སྡེ་ཁག་གིས་རྩ་འཛུགས་བྱས་ཏེ་ལག་བསྟར་བྱ་དགོས། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ། ཏང་གི་ལས་དོན་གྱི་ཤེས་བྱ། སྤྱི་ཚོགས་རྩ་འཛུགས་དོ་དམ་སོགས་ཕྱོགས་ཀྱི་སློབ་གསོ་དང་གསོ་སྦྱོང་གཙོ་གནད་དུ་བཟུང་ནས་ཤུགས་སྣོན་ཞིང་མང་ཚོགས་ཀྱི་བྱ་བ་ཡག་པོར་སྒྲུབ་པ་དང་སྤྱི་ཚོགས་རྩ་འཛུགས་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་མཐོར་འདེགས་གཏོང་དགོས། སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཧྲུའུ་ཅི་ལོ་རེར་མ་མཐའ་ཡང་ཐེངས་གཅིག་གི་གཅིག་སྡུད་གསོ་སྦྱོང་ལ་ཞུགས་དགོས་ལ། གསོ་སྦྱོང་གི་དུས་ཡུན་ཉིན༣ལས་མི་ཉུང་བ་དང་གསར་དུ་བསྐོས་པའི་ཧྲུའུ་ཅི་ཡི་ལས་ཁུར་གསོ་སྦྱོང་དེ་ལོ་ཕྱེད་ཀའི་ནང་འགྲུབ་དགོས། སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ལས་བྱེད་མི་སྣ་སྐོར་བགོ་བ་དང་རིམ་པ་བགོས་ནས་ཏང་འཛུགས་ལས་སྒོ་རེས་སྐོར་སྒོས་གསོ་སྦྱོང་བྱ་དགོས་ཤིང་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་རྩ་འཛུགས་པུའུ་ཡིས་ལོ་རེར་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་བཙུགས་ལ། རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་དང་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་བྱ་བའི་ཨུ་ཡོན་ལྷན་ཚོགས། དམངས་སྲིད་སྡེ་ཁག་བཅས་ཀྱིས་འཛིན་གྲྭ་རྩ་འཛུགས་ལ་ཤུགས་སྣན་ནས་གསོ་སྦྱོང་གི་ཕན་འབྲས་ཁག་ཐེག་བྱ་དགོས།

༢༤.དོ་དམ་དང་སྐུལ་སློང་ལ་ཤུགས་སྣོན་དགོས། དོ་དམ་ནན་མོ་དང་ཐུགས་ཁུར་སྐུལ་སློང་ཟུང་འབྲེལ་རྒྱུན་འཁྱོངས་བྱ་དགོས་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཁྱད་ཆོས་དང་འཚམ་པའི་དོ་དམ་དཔྱད་ཞིབ་དང་སྐུལ་སློང་དང་གཅུན་སྡོམ་གྱི་ལམ་ལུགས་འཐུས་ཚང་དུ་བཙུགས་ནས་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་གི་ལས་དོན་ལས་གཉེར་བས་བྱ་བ་སྒྲུབ་པར་སྟེགས་བུ་ཡོད་པ་དང་ཐོབ་ཐང་ལ་འགན་སྲུང་ཡོད་པ། འཕེལ་རྒྱས་སུ་འགྲོ་བར་བར་སྟོང་ཡོད་པར་ཡོད་པར་བྱེད་དགོས། སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཧྲུའུ་ཅིས་ཏང་འཛུགས་བྱ་བའི་འགན་འགན་འཁྲིའི་ལམ་ལུགས་གཟབ་ནན་སྒོས་དོན་འཁྱོལ་ཡོང་དགོས་ཤིང་གོང་རིམ་ཏང་རྩ་འཛུགས་དང་རང་ལས་ཁུངས་ཀྱི་ཏང་ཡོན་ལ་ལོ་རེར་བྱ་བ་སྙན་ཞུ་བྱེད་དགོས་པ་མ་ཟད་དཔྱད་མོལ་དང་ལེན་བྱ་དགོས། དངོས་ཡོད་གནས་ཚུལ་གཞིར་བཟུང་ནས་ཏང་རྩ་འཛུགས་ཧྲུའུ་ཅི་དང་ཆེད་དོན་ཏང་གི་ལས་དོན་ལས་བྱེད་པར་འོས་འཚམ་གྱི་བྱ་བའི་ཕོགས་སྣོན་སྟེར་དགོས། ཏང་རྩ་འཛུགས་ཧྲུའུ་ཅི་ཕུལ་བྱུང་ཅན་རིམ་པ་སོ་སོའི་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་དང་དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན་གྱི་འོས་མི་དང་ངལ་རྩོལ་དཔེ་བཟང་སོགས་རིགས་སོ་སོའི་སྔོན་ཐོན་མི་སྣའི་འོས་མི་རུ་འདེམ་པར་འོས་སྦྱོར་བྱ་རྒྱུ་གཙིགས་སུ་འཛིན་དགོས་ཤིང་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་ཁུར་བ་གོང་གི་འོས་མི་རུ་འོས་སྦྱོར་བྱ་སྐབས་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཀྱི་བསམ་འཆར་བསྡུ་ལེན་བྱ་དགོས། ཏང་གི་ལས་དོན་ལས་བྱེད་པའི་གོ་གནས་སྤོ་སྒྱུར་གྱི་སྙན་ཞུ་ལམ་ལུགས་འཛུགས་དགོས་པ་དང་ཏང་རྩ་འཛུགས་ཧྲུའུ་ཅི་ཡིས་རྩ་དོན་རྒྱུན་འཁྱོངས་བྱས་པས་དྲང་གཞག་མིན་པའི་ཐོབ་ཐང་མྱོང་བ་ན། གོང་རིམ་ཏང་རྩ་འཛུགས་ཀྱིས་དུས་ཐོག་ཏུ་གནས་ཚུལ་རྒྱུས་ལོན་བྱས་ཏེ་རོགས་རམ་དང་རྒྱབ་སྐྱོར་བྱ་འོས།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

pk10计划软件手机版 内蒙古11选5期官网 竞猜足球比分直播500万 黑龙江十一选五开奖号 澳洲幸运5开奖网 原版澳门即时赔率 湖北30选5开奖奖结果 萨克拉门托国王vs雷霆前瞻 76人选秀历史 湖北十一选五金额表 福彩3d布衣天下 泰瑞信达 扑克麻将哪里买 澳洲幸运5历史开奖记录查询表 内蒙古十一选五任五 云南十一选五开结果 竞彩足球比分中大奖