今天是:

སྲིད་ཇུས་ཡིག་ཆ།

ཀན་སུའི་སྲིད་ཇུས།

མདུན་ཤོག > སྲིད་ཇུས་ཡིག་ཆ། > ཀན་སུའི་སྲིད་ཇུས།

ཀན་སུའུ་ཞིང་ཆེན་གྱི༼གཞུང་ཞབས་པའི་གོ་གནས་བརྗེ་སྤོར་བྱེད་པའི་གཏན་འབེབས༼ཚོད་ལྟ༽ལག་བསྟར་སྲོལ་ཞིབ།

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ།མི་སྣ་བསྡུ་བའི་འབྲེལ་ལམ་ཇེ་ཡངས་སུ་གཏོང་བ་དང་། གཞུང་ཞབས་པའི་དཔུང་སྡེ་སྒྲིག་གཞི་ཇེ་ལེགས་སུ་གཏོང་བ། གཞུང་ཞབས་པས་ལས་འགན་གསར་བ་འཁུར་བའི་ལས་དོན་ཚད་ལྡན་དུ་གཏོང་བ་བཅས་ཀྱི་ཆེད་དུ། གཞུང་ཞབས་པའི་བཅའ་ཁྲིམས་དང༼གཞུང་ཞབས་པའི་གོ་གནས་བརྗེ་སྤོར་བྱེད་པའི་གཏན་འབེབས༼ཚོད་ལྟ༽༽ལྟར་སྲོལ་ཞིབ་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། སྲོལ་ཞིབ་འདིར་བཀོད་པའི་ལས་འགན་གསར་བ་འཁུར་དུ་འཇུག་པ་ཞེས་པ་ནི། རྒྱལ་དབང་ཁེ་ལས་དང་ལས་དོན་སྡེ་ཁག མི་དམངས་ཚོགས་པ། མང་ཚོགས་ཚོགས་པ་བཅས་སུ་དོ་དམ་མམ་ཡང་ན་ཆེད་ལས་ལག་རྩལ་བྱ་བའི་འགན་འཁུར་མཁན༼ལས་བཟོ་བ་མི་འདུ༽དེས་ཞིང་ཆེན་རིམ་པའི་ལས་ཁུངས་སུ་འགོ་ཁྲིད་ཀྱི་ལས་གནས་སམ་ཞིབ་དཔྱོད་གཞོན་པ་ཡན། ཡང་ན་ལས་གནས་དེ་ལ་མཐུན་པའི་འགོ་ཁྲིད་མིན་པའི་ལས་གནས་འཁུར་བ་དང་། གྲོང་ཁྱེར༼ཁུལ༽རིམ་པའི་ལས་ཁུངས་སུ་ཁའོ་རིམ་པ་ཡན་གྱི་འགོ་ཁྲིད་ཀྱི་ལས་གནས་སམ་ཞིབ་དཔྱོད་གཞོན་པ་ཡན། ཡང་ན་ལས་གནས་དེ་ལ་མཐུན་པའི་འགོ་ཁྲིད་མིན་པའི་ལས་གནས་འཁུར་བ། རྫོང༼གྲོང་ཁྱེར་དང་གྲོང་ཁུལ༽གི་ལས་ཁུངས་དང་ཞང་གྲོང༼སྲང་ལམ༽ལས་ཁུངས་སུ་ཁའོ་རིམ་པའི་འགོ་ཁྲིད་ལས་གནས་འཁུར་བ་ལ་གོ

འགོ་ཁྲིད་མི་སྣས་ལས་འགན་གསར་བ་འཁུར་བར་གཏན་ཁེལ་གཞན་པ་ཡོད་པས་དེ་ལ་བསྟུན་དགོས།

དོན་ཚན་གསུམ་པ། ལས་འགན་གསར་བ་འཁུར་བར་ཅིས་ཀྱང་འཇོན་ཐང་གི་བྱང་ཚད་དང་ལས་གནས་ཀྱི་དགོས་མཁོ་ཕན་ཚུན་འཚམ་པའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་ལ། བྱ་བའི་དགོས་པ་དང་ཐོབ་ཐང་གི་ཆ་རྐྱེན་ལྟར། རྩ་འཛུགས་ཀྱི་བཀོད་སྒྲིག་དང་མི་སྒེར་གྱི་འདོད་མོས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། བཏང་འཛིན་གཟབ་ནན་དང་ལེགས་འདེམ་བསྐོ་སྤྱོད་བྱ་དགོས།

དོན་ཚན་བཞི་བ། ལས་འགན་གསར་བ་འཁུར་བར་ཅིས་ཀྱང་གཏན་ཁེལ་བྱས་པའི་སྒྲིག་གཞིའི་ཚད་བཀག་དང་ལས་གནས་ཀྱི་གྲངས་ཚད་ལྟར་སྒྲུབ་དགོས་པ་མ་ཟད། དེ་བསྟུན་གྱི་ལས་གནས་སྟོང་བ་ཡོད་དགོས།

དོན་ཚན་ལྔ་བ། རིམ་པ་སོ་སོའི་གཞུང་ཞབས་པ་གཙོ་བདག་སྡེ་ཁག་གིས་དོ་དམ་དབང་ཚད་དང་ལས་འགན་བགོ་སྟངས་ལྟར་གཞུང་ཞབས་པས་ལས་གནས་གསར་བ་འཁུར་བའི་བྱ་བའི་ཕྱོགས་བསྡུས་དོ་དམང་དང་ལྟ་སྐུལ་ཞིབ་བཤེར་ལ་འགན་འཁུར་དགོས།

 

ལེའུ་གཉིས་པ། ལས་འགན་གསར་བ་འཁུར་བའི་ཐོབ་ཐང་ཆ་རྐྱེན།

དོན་ཚན་དྲུག་པ། ལས་གནས་གསར་བ་འཁུར་བའི་མི་ལ་གཞུང་ཞབས་པའི་བཅའ་ཁྲིམས་དོན་ཚན་བཅུ་གཅིག་པར་གཏན་འབེབས་བྱས་པའི་ཆ་རྐྱེན་འཛོམས་དགོས་པ་མ་ཟད། ད་དུང་གཤམ་གྱི་ཐོབ་ཐང་ཆ་རྐྱེན་འདི་དག་ཀྱང་འཛོམས་དགོས་ཏེ།

༡༽ཆབ་སྲིད་དང་ལས་བསྒོའི་བྱང་ཚད་མཐོན་པོ་ཡོད་དགོས་ལ། ལས་ཀར་འཇོན་ནུས་ལྡན་ཞིང་ལས་བཀུར་འབད་བརྩོན་ཆེ་བ་དང་། ལས་འབྲས་འབུར་ཐོན་ཡིན་དགོས།

༢༽ལས་གནས་གསར་བ་འཁུར་བྱའི་ལས་གནས་ཀྱི་དགོས་མཁོ་ལ་འཚམ་པའི་བྱ་བའི་བརྒྱུད་རིམ་དང་འགན་བསྐོའི་ཐོབ་ཐང་ཡོད་དགོས།

ལས་དོན་སྡེ་ཚན་གྱི་དོ་དམ་མི་སྣས་ལས་གནས་འཁུར་སའི་ལས་ཁུངས་སུ་ཐིན་ཀྲང་གཞོན་པ་ཡན་གྱི་ལས་འགན་འཁུར་བར། གཤམ་གྱི་ཐོབ་ཐང་ཆ་རྐྱེན་ཚང་དགོས་ཏེ། ལས་གནས་འཁུར་སའི་ལས་ཁུངས་སུ་ཐིན་རིམ་པའི་ལས་འགན་འཁུར་ན། ལས་གནས་བརྗེ་ས་ནས་རིམ་པ་གསུམ་པའི་ལས་མིའི་ལས་རྐང་གི་གདན་ཐོབ་བམ་ཡང་ན་རིམ་པ་བཞི་བའི་ལས་མིའི་ལས་རྐང་ནས་ལོ༢ཡན་གྱི་གདན་ཐོབ་ཡོད་དགོས། ལས་གནས་འཁུར་སའི་ལས་ཁུངས་སུ་ཐིན་རིམ་པའི་འགོ་ཁྲིད་མིན་པའི་ལས་འགན་འཁུར་ན། ལས་གནས་བརྗེ་ས་ནས་རིམ་པ་གསུམ་པའི་ལས་མིའི་ལས་རྐང་གི་གདན་ཐོབ་ཡོད་དགོས། ལས་གནས་འཁུར་སའི་ལས་ཁུངས་སུ་ཐིན་ཀྲང་གཞོན་པའི་འགོ་ཁྲིད་ལས་འགན་འཁུར་ན། ལས་གནས་བརྗེ་ས་ནས་རིམ་པ་བཞི་བའི་ལས་མིའི་ལས་རྐང་གི་གདན་ཐོབ་བམ་ཡང་ན་རིམ་པ་ལྔ་བའི་ལས་མིའི་ལས་རྐང་ནས་ལོ༣ཡན་གྱི་གདན་ཐོབ་ཡོད་དགོས། ལས་གནས་འཁུར་སའི་ལས་ཁུངས་སུ་ཐིན་ཀྲང་གཞོན་པའི་འགོ་ཁྲིད་མིན་པའི་ལས་འགན་འཁུར་ན། ལས་གནས་བརྗེ་ས་ནས་རིམ་པ་བཞི་བའི་ལས་མིའི་ལས་རྐང་གི་གདན་ཐོབ་ཡོད་དགོས།

ལས་དོན་སྡེ་ཚན་གྱི་དོ་དམ་མི་སྣས་ལས་གནས་འཁུར་སའི་ལས་ཁུངས་སུ་ཁྲུའུ་ཀྲང་གཞོན་པ་ཡན་གྱི་ལས་འགན་འཁུར་བར། གཤམ་གྱི་ཐོབ་ཐང་ཆ་རྐྱེན་ཚང་དགོས་ཏེ། ལས་གནས་འཁུར་སའི་ལས་ཁུངས་སུ་ཁྲུའུ་རིམ་པའི་ལས་འགན་འཁུར་ན། ལས་གནས་བརྗེ་ས་ནས་རིམ་པ་ལྔ་བའི་ལས་མིའི་ལས་རྐང་གི་གདན་ཐོབ་བམ་ཡང་ན་རིམ་པ་དྲུག་པའི་ལས་མིའི་ལས་རྐང་ནས་ལོ༢ཡན་གྱི་གདན་ཐོབ་ཡོད་དགོས། ལས་གནས་འཁུར་སའི་ལས་ཁུངས་སུ་ཁྲུའུ་རིམ་པའི་འགོ་ཁྲིད་མིན་པའི་ལས་འགན་འཁུར་ན། ལས་གནས་བརྗེ་ས་ནས་རིམ་པ་ལྔ་བའི་ལས་མིའི་ལས་རྐང་གི་གདན་ཐོབ་ཡོད་དགོས། ལས་གནས་འཁུར་སའི་ལས་ཁུངས་སུ་ཁྲུའུ་ཀྲང་གཞོན་པའི་འགོ་ཁྲིད་ལས་འགན་འཁུར་ན། ལས་གནས་བརྗེ་ས་ནས་རིམ་པ་དྲུག་པའི་ལས་མིའི་ལས་རྐང་གི་གདན་ཐོབ་བམ་ཡང་ན་རིམ་པ་བདུན་པའི་ལས་མིའི་ལས་རྐང་ནས་ལོ༣ཡན་གྱི་གདན་ཐོབ་ཡོད་དགོས། ལས་གནས་འཁུར་སའི་ལས་ཁུངས་སུ་ཁྲུའུ་ཀྲང་གཞོན་པའི་འགོ་ཁྲིད་མིན་པའི་ལས་འགན་འཁུར་ན། ལས་གནས་བརྗེ་ས་ནས་རིམ་པ་དྲུག་པའི་ལས་མིའི་ལས་རྐང་གི་གདན་ཐོབ་ཡོད་དགོས།

ལས་དོན་སྡེ་ཚན་གྱི་དོ་དམ་མི་སྣས་ལས་གནས་འཁུར་སའི་ལས་ཁུངས་སུ་ཁའོ་རིམ་པའི་འགོ་ཁྲིད་ལས་འགན་འཁུར་བར། གཤམ་གྱི་ཐོབ་ཐང་ཆ་རྐྱེན་ཚང་དགོས་ཏེ། ལས་གནས་འཁུར་སའི་ལས་ཁུངས་སུ་ཁའོ་རིམ་པའི་འགོ་ཁྲིད་ལས་འགན་འཁུར་ན། ལས་གནས་བརྗེ་ས་ནས་རིམ་པ་བདུན་པའི་ལས་མིའི་ལས་རྐང་གི་གདན་ཐོབ་བམ་ཡང་ན་རིམ་པ་བརྒྱད་པའི་ལས་མིའི་ལས་རྐང་ནས་ལོ༢ཡན་གྱི་གདན་ཐོབ་ཡོད་དགོས། ལས་གནས་འཁུར་སའི་ལས་ཁུངས་སུ་ཁའོ་ཀྲང་གཞོན་པའི་འགོ་ཁྲིད་ལས་འགན་འཁུར་ན། ལས་གནས་བརྗེ་ས་ནས་རིམ་པ་བརྒྱད་པའི་ལས་མིའི་ལས་རྐང་གི་གདན་ཐོབ་ཡོད་དགོས།

རྒྱལ་དབང་ཁེ་ལས་ཀྱི་དོ་དམ་མི་སྣས་ལས་གནས་འཁུར་སའི་ལས་ཁུངས་སུ་ཁྲུའུ་ཀྲང་གཞོན་པ་ཡན་གྱི་ལས་འགན་འཁུར་ན། རྒྱལ་དབང་ངམ་རྒྱལ་དབང་མ་རྐང་ཁེ་ལས་དང་ལས་གནས་འཁུར་ས་ནས་ཀྱང་རིམ་པ་དེ་དང་འདྲ་བའི་དོ་དམ་ལས་རྐང་གི་ལས་འགན་འཁུར་དགོས། ལས་གནས་འཁུར་ས་ནས་རིམ་པ་གཅིག་གིས་དམའ་བའི་དོ་དམ་ལས་རྐང་གི་ལས་འགན་ཁུར་མཁན་གྱིས་ལས་འགན་འཁུར་ས་ནས་ལས་འགན་གཙོ་བོའི་འགན་འཁུར་ན། རིམ་པ་དེའི་ལས་རྐང་ནས་ལོ༢ཡན་གྱི་བྱ་བ་སྒྲུབ་དགོས། ལས་འགན་གཞོན་པའི་འགན་འཁུར་ན། རིམ་པ་དེའི་ལས་རྐང་ནས་ལོ༣ཡན་གྱི་བྱ་བ་སྒྲུབ་དགོས། ལས་གནས་འཁུར་སའི་ལས་ཁུངས་སུ་ཁའོ་རིམ་པའི་འགོ་ཁྲིད་ཀྱི་ལས་འགན་འཁུར་ན། རྒྱལ་དབང་ངམ་རྒྱལ་དབང་མ་རྐང་ཁེ་ལས་དང་ལས་གནས་འཁུར་ས་ནས་ཀྱང་རིམ་པ་དེ་དང་འདྲ་བའི་འགོ་ཁྲོད་ལས་གནས་ཀྱི་ལས་འགན་འཁུར་དགོས།

འགོ་ཁྲིད་ལས་བྱེད་འདེམ་བསྐོ་བྱ་དུས་ཅིས་ཀྱང་གཟབ་ནན་བྱ་དགོས། འགོ་ཁྲིད་ལས་བྱེད་འདེམ་བསྐོ་བྱ་དགོས་བྱུང་ཚེ། འདེམ་བསྐོ་བྱེད་ཡུལ་དེ་ངེས་པར་དུ་ཤིན་ཏུ་ཕུལ་ཏུ་བྱུང་བ་ཞིག་དང་བྱ་བའི་དགོས་མཁོར་བྲེལ་བ་ཆེ་བ་ཞིག་ཡིན་དགོས། འགོ་ཁྲིད་ལས་བྱེད་འདེམ་བསྐོ་བྱ་དུས་སྲོལ་ཞིབ་འདིའི་གཏན་འབེབས་ལ་བསྟུན་དགོས་པ་མ་ཟད། ད་དུང༼ཏང་སྲིད་འགོ་ཁྲིད་ལས་བྱེད་འདེམ་བསྐོ་བསྐོ་སྤྱོད་བྱ་བའི་སྲོལ་ཡིག༽གི་གཏན་འབེབས་ལ་ཡང་བསྟུན་དགོས།

རྒྱལ་དབང་ཁེ་ལས་ལས་དོན་སྡེ་ཚན་གྱི་ཆེད་ལས་ལག་རྩལ་མི་སྣས་ལས་ཁུངས་སུ་ལས་འགན་འཁུར་ན། མཐོ་རིམ་གཞོན་པའི་ཆེད་ལས་ལག་རྩལ་གྱི་ལས་གནས་ནས་ལོ༢ཡན་གྱི་འགན་ཁུར་མྱོང་བའམ། ཡང་ན་མཐོ་རིམ་ཆེད་ལས་ལག་རྩལ་གྱི་ལས་གནས་ཁུར་ཡོད་པ་ཞིག་ཡིན་དགོས།

༣༽གཞུང་ཞབས་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཚང་མས་གཏན་འབེབས་བྱས་ཤིང་ལས་གནས་གསར་བ་འགན་བསྐོ་བྱེད་པར་མཁོ་བའི་བྱ་བའི་ལོ་ཚད་ཆེས་ཉུང་བ་དེ་འདང་དགོས།

༤༽ཞིང་ཆེན་རིམ་པའི་ལས་ཁུངས་སུ་འགན་བསྐོ་བྱེད་པར་སློབ་ཆེན་དངོས་གཞི་ཡན་གྱི་རིག་གནས་ཆུ་ཚད་ཡོད་དགོས། གྲོང་ཁྱེར༼ཁུལ༽རིམ་པ་དང་དེའི་མན་གྱི་ལས་ཁུངས་སུ་འགན་བསྐོ་བྱེད་པར་སློབ་ཆེན་ཆེད་སྦྱོང་ཡན་གྱི་རིག་གནས་ཆུ་ཚད་ཡོད་དགོས།

༥༽ཐིན་ཅུས་རིམ་པའི་ལས་གནས་འགན་བསྐོ་བྱེད་པར་རྩ་དོན་ལྟར་ན་ལོ༥༥ལས་བརྒལ་མི་ཆོག རྫོང༼གྲོང་ཁྱེར་དང་གྲོང་ཁུལ༽གི་འགོ་ཁྲིད་ཚོགས་པའི་ཚོགས་མའི་ལས་གནས་འགན་བསྐོ་བྱེད་པར་རྩ་དོན་ལྟར་ན་ལོ༥༠ལས་བརྒལ་མི་ཆོག ཁྲུའུ་རིམ་པ་གཞན་གྱི་ལས་གནས་འགན་བསྐོ་བྱེད་པར་རྩ་དོན་ལྟར་ན་ལོ༤༥ལས་བརྒལ་མི་ཆོག ཁྲུའུ་རིམ་པའི་འགོ་ཁྲིད་ལས་གནས་འགན་བསྐོ་བྱེད་པར་རྩ་དོན་ལྟར་ན་ལོ༤༠ལས་བརྒལ་མི་ཆོག ཞང་གྲོང་ལས་ཁུངས་སུ་ཁའོ་རིམ་པའི་འགོ་ཁྲིད་ལས་གནས་འཁུར་བར། བྱ་བ་དམིགས་བསལ་བའི་དགོས་མཁོ་ཡོད་ཚེ། ལོ་ཚོད་ཀྱི་ཆ་རྐྱེན་རན་ཙམ་ཇེ་ཡངས་བཏང་ཆོག་མོད། རྩ་དོན་ལྟར་ན་ལོ༤༥ལས་བརྒལ་མི་ཆོག

༦༽ཉེ་བའི་ལོ་གསུམ་གྱི་ལོ་རེའི་དཔྱད་ཞིབ་ཚང་མ་འགན་ཐེག་གམ་ཡང་ན་ཚད་ལྡན་ཡན་གྱི་རིམ་པར་སླེབས་དགོས།

༧༽བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་ཡིག་ཏུ་ཁེལ་བའི་ཆ་རྐྱེན་གཞན་པར་མཐུན་དགོས།

བྱ་བ་དམིགས་བསལ་བའི་དགོས་མཁོ་ཡིས་གོང་གི་ཚན་པ༣པ་དང༤བ། ༥བ་བཅས་ལ་སྒྱུར་བ་ཅུང་ཙམ་བྱ་དགོས་ཚེ། གྲོང་ཁྱེར༼ཁུལ༽དང་དེའི་མན་གྱི་ལས་ཁུངས་ཀྱིས་ལས་བྱེད་དོ་དམ་དབང་ཚད་ལྟར་རིམ་པ་གོང་མའི་གཞུང་ཞབས་པ་གཙོ་བདག་སྡེ་ཁག་ལ་ཡར་ཞུ་བྱས་ནས་དེས་ཆོག་མཆན་ཐོབ་དགོས།ཞིང་ཆེན་རིམ་པའི་ལས་ཁུངས་ཀྱིས་ལས་བྱེད་དོ་དམ་དབང་ཚད་ལྟར་རིམ་པ་གཅིག་པའི་གཞུང་ཞབས་པ་གཙོ་བདག་སྡེ་ཁག་ལ་ཞུས་ནས་དེས་ཆོག་མཆན་ཐོབ་དགོས།

དོན་ཚན་བདུན་པ། གཞུང་ཞབས་པ་ལས་ཁུངས་ནས་ཕྱིར་བུད་པ་ཡང་བསྐྱར་ལས་ཁུངས་སུ་ཡོང་ནས་ཕྱིར་འབུད་སྐབས་ཀྱི་ལས་གནས་ལས་མཐོ་བའི་ལས་གནས་འཁུར་བར། ལས་ཁུངས་ནས་ཕྱིར་འབུད་སྐབས་སུ་ལས་གནས་གསར་བར་སྤར་ཆོག་པའི་འགན་བསྐོ་ཐོབ་ཐང་གི་ལོ་ཚོད་འདང་དགོས།

དོན་ཚན་བརྒྱད་པ། གཤམ་གྱི་གནས་ཚུལ་གཅིག་ལྡན་པའི་མི་དེར་ལས་འགན་གསར་བ་འཁུར་དུ་འཇུག་མི་ཆོག་སྟེ།

༡༽སྔོན་ཆད་ནག་ཉེས་བྱུང་ནས་ཉེས་ཆད་ཕོག་མྱོང་བ།

༢༽སྔོན་ཆད་གཞུང་གི་ལས་འགན་ནས་ཕྱིར་ཕུད་པ།

༣༽སྒྲིག་འགལ་ཁྲིམས་འགལ་གྱི་དོགས་གཞི་ཡོད་པར་འབྲེལ་ཡོད་ཆེད་གཉེར་ལས་ཁུངས་ཀྱིས་ཞིབ་བཤེར་བྱ་བཞིན་ཡོད་ཀྱང་མཇུག་སྡོམ་བཞག་མེད་པ།

༤༽ཆད་པ་བཅད་པའི་དུས་ཡུན་ནམ་ངན་རྐྱེན་གྱི་དུས་ཡུན་མ་འདང་བ།

༥༽རྩིས་བཤེར་ལས་ཁུངས་ཀྱིས་རྩིས་བཤེར་བྱ་བཞིན་པའི་སྒང་ཡིན་པ།

༦༽བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་ཁེལ་བྱས་པའི་གནས་ཚུལ་གཞན་པ།

ལེའུ་གསུམ་པ། ལས་འགན་གསར་བ་འཁུར་བའི་གོ་རིམ།

དོན་ཚན་དགུ་བ། ལས་འགན་གསར་བ་འཁུར་བར་གཤམ་གྱི་གོ་རིམ་བརྒྱུད་དགོས་ཏེ།

༡༽བྱ་བའི་དགོས་མཁོ་ལྟར་ལས་འགན་གསར་བའི་ལས་གནས་དང་ཆ་རྐྱེན་གཏན་འཁེལ་བྱེད་པ།

༢༽ལས་འགན་གསར་བ་འཁུར་མཁན་གྱི་མི་སྣ་འདེམ་བསྐོ་བྱེད་པ།

༣༽ལས་གནས་སྤོར་སའི་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱེད་པ།

༤༽རྩ་འཛུགས་ཀྱིས་རྟོག་ཞིབ་བྱེད་པ།

༥༽ཐུན་མོང་ཐོག་གྲོས་སྡུར་ཐག་གཅོད་བྱེད་པ།

༦༽ལས་འགན་གསར་བ་ཁུར་བ་སྤྱི་སྒྲོག་བྱེད་པ།

༧༽ཡར་ཞུའམ་ཡང་ན་ཟིན་ཐོར་འགོད་པ།

༨༽ལས་གནས་བརྗེ་བའམ་ལས་འགན་གསར་བ་འཁུར་བ། གཞུང་ཞབས་པའི་ཐོ་འགོད་བཅས་ཀྱི་འགྲོ་ལུགས་སྒྲུབ་པ།

དོན་ཚན་བཅུ་བ། ལས་འགན་གསར་བ་འཁུར་བྱའི་ལས་གནས་ཀྱི་བླང་བྱ་ལྟར། ལས་འགན་གསར་བ་འཁུར་མཁན་གྱི་མི་དེ་རྩ་འཛུགས་ཀྱིས་འོས་སྦྱོར་བྱ་དགོས།

དགོས་མཁོ་ཡོད་ན་ལས་འགན་གསར་བ་འཁུར་མཁན་ལ་རྒྱུགས་བླངས་ཀྱང་ཆོག ལས་འགན་གསར་བ་འཁུར་བའི་རྒྱུགས་ལ་སྤྱིར་བཏང་དུ་རིམ་པ་གཅིག་པའི་གཞུང་ཞབས་པ་གཙོ་བདག་སྡེ་ཁག་གི་མཛུབ་སྟོན་ལྟ་སྐུལ་འོག ལས་གནས་སྤོ་སའི་ལས་ཁུངས་ཀྱིས་རྩ་འཛུགས་བྱ་དགོས་མོད། རིམ་པ་གཅིག་པའི་གཞུང་ཞབས་པ་གཙོ་བདག་སྡེ་ཁག་གིས་མཉམ་དུ་རྩ་འཛུགས་བྱས་ན་ཡང་ཆོག ལས་འགན་གསར་བ་འཁུར་བའི་རྒྱུགས་དེ་ཏང་སྲིད་ལས་བྱེད་པའི་སྤུས་ཚད་ནུས་པ་དང་ལས་འགན་གསར་བའི་ལས་གནས་ཀྱི་བླང་བྱ་ལྟར། ཡིག་རྒྱུགས་དང་ཁ་རྒྱུགས་སོགས་ཀྱི་བྱེད་ཐབས་སྤྱོད་དགོས་མོད། གཙོ་བོ་ལས་འགན་གསར་བ་འཁུར་མཁན་གྱི་སྲིད་ཇུས་གཞུང་ལུགས་ཀྱི་ཆུ་ཚད་དང་དངོས་ཡོད་བྱ་བའི་ནུས་པར་ཚད་ལེན་ཚོད་ལྟ་བྱ་དགོས།

རྒྱལ་དབང་ཁེ་ལས་ནས་ལས་འགན་གསར་བ་འཁུར་མཁན་གྱི་མི་མང་བའི་སྐབས་སུ། སྤྱི་སྒྲོག་གདམ་གསེས་ཀྱིས་སྐོང་འཐེན་བྱ་ཆོག

དོན་ཚན་བཅུ་གཅིག་པ། ལས་འགན་གསར་བ་འཁུར་མཁན་གྱི་མི་ལ་རྟོག་ཞིབ་ནན་མོ་བྱ་དགོས་པ་མ་ཟད། ཡིག་ངོས་ཀྱི་བརྟག་དཔྱད་ཡི་གེ་ཡོད་དགོས། རྟོག་ཞིབ་ཀྱི་ནང་དོན་ལ་ལས་འགན་གསར་བ་འཁུར་མཁན་གྱི་ཀུན་སྤྱོད་དང་ནུས་པ། ལས་ཞུགས། གྲུབ་འབྲས། སྲིད་གཙང་སོགས་ཀྱི་ཕྱོགས་འདུས་ཡོད།

རྟོག་ཞིབ་བྱེད་སྐབས། ལས་འགན་གསར་བ་འཁུར་མཁན་གྱི་སྡེ་ཚན་གྱི་འབྲེལ་ཡོད་འགོ་ཁྲིད་དང་མང་ཚོགས། ལས་བྱེད་མི་དོན་སྡེ་ཁག སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་བཅས་ཀྱི་བསམ་འཆར་ལ་ཉན་དགོས་པ་མ་ཟད། ལས་བྱེད་མི་དོན་ཡིག་ཚགས་ལ་ཞིབ་བཤེར་བྱ་དགོས། གལ་ཏེ་ཡིག་ཚགས་བཅོས་བསུབས་དང་། ཡིག་རིགས་དང་ཆ་འཕྲིན་རྫུན་མ་བཟོས་ཡོད་པའི་དོགས་པ་ཡོད་ན། མྱུར་དུ་ཞིབ་བཤེར་དཔྱད་བསྡུར་བྱ་དགོས། ཞིབ་བཤེར་ཡང་དག་མ་བྱས་པའི་ཡར་སྔོན་ལ་རྟོག་ཞིབ་ཚང་མ་མཚམས་བཞག་སྟེ་ལས་འགན་གསར་བར་བསྐོ་བའི་ལས་རིམ་མཚམས་འཇོག་དགོས། ད་ཡོད་སྡེ་ཚན་གྱིས་ཧུར་ཐག་གིས་རམ་འདེགས་བྱ་དགོས་པ་མ་ཟད། དངོས་ཡོད་དྲང་བདེན་གྱི་སྒོ་ནས་ལས་འགན་གསར་བ་འཁུར་མཁན་གྱི་དངོས་ཡོད་གནས་ཚུལ་དང་སྲིད་གཙང་གནས་ཚུལ་གྱི་ཡིག་རིགས་མཁོ་འདོན་བྱ་དགོས།

དོན་ཚན་བཅུ་གཉིས་པ། བརྟག་དཔྱད་གནས་ཚུལ་ལྟར་ཐུན་མོང་གིས་ལས་འགན་གསར་བ་འཁུར་མཁན་ཐག་གཅོད་བྱ་དགོས་པ་མ་ཟད། ལས་འགན་འཁུར་བའི་སྔོན་ལ་སྤྱི་སྒྲོག་བྱེད་པའི་ལམ་ལུགས་ལྟར་ད་ཡོད་ལས་ཁུངས་དང་སྤོར་སའི་ལས་ཁུངས་སུ་འབྲེལ་ཡོད་ཀྱི་གཏན་འབེབས་སྤྱི་སྒྲོག་བྱ་དགོས། ལས་གནས་ཀྱི་ཁྱད་ཆོས་ལྟར་ཁྱབ་ཁོངས་དེ་ལས་ཆེ་སར་སྤྱི་སྒྲོག་བྱས་ན་ཡང་ཆོག སྤྱི་སྒྲོག་གི་ནང་དོན་ལ་སྤྱིར་བཏང་དུ་ལས་འགན་གསར་བ་འཁུར་མཁན་གྱི་རུས་མིང་དང་ཕོ་མོ། མི་རིགས། སྐྱེ་དུས་ལོ་ཟླ། ཕ་ཡུལ། བྱ་བར་ཞུགས་པའི་དུས་ཚོད། བསླབ་རིམ་དང་མིང་བཏགས། ཆབ་སྲིད་ཀྱི་ཐོབ་ཐང་། ད་ལྟའི་ལས་གནས༼ཆེད་ལས་ལག་རྩལ་གྱི་ལས་གནས༽། ལས་གནས་སྤོ་སའི་སྡེ་ཚན་དང་ལས་འགན། སྤྱི་སྒྲོག་གི་དུས་ཚོད། ཐེར་འདོན་གོང་ཞུའི་སྡེ་ཚན་དང་འབྲེལ་གཏུག་བྱེད་ས་བཅས་འདུ་དགོས། སྤྱི་སྒྲོག་ལ་སྤྱིར་བཏང་དུ་སྤྱི་སྒྲོག་བརྡ་ཡིག་དང་གྲོས་ཚོགས་སྤྱི་སྒྲོག སྦྱར་བྱང་སྤྱི་སྒྲོག་སོགས་ཀྱི་བྱེད་ཐབས་སྤྱོད་ཆོག སྤྱི་སྒྲོག་གི་དུས་ཡུན་ནི་ལས་ཀའི་ཉི་མ༥ཡིན།

དོན་ཚན་བཅུ་གསུམ་པ། སྤྱི་བསྒྲགས་ཀྱི་དུས་ཡུན་འདང་བར། གནད་དོན་ཞུ་རྒྱུ་མེད་པའམ་ཡང་ན་གནད་དོན་ཞུས་པས་ལས་འགན་གསར་བ་འཁུར་བར་ངན་རྐྱེན་མི་ཐེབས་ན། གཏན་འབེབས་ཀྱི་ལས་རིམ་ལྟར་ཞིབ་མཆན་ནམ་ཟིན་འགོད་བྱ་དགོས། གནད་དོན་ཚབས་ཆེན་ཡར་ཞུ་བྱས་པར་ད་དུང་རྩད་གཅོད་མ་བྱས་ན། རྩད་གཅོད་མཐའ་གསལ་གྱིས་མཇུག་འབྲས་ཕྱོགས་བསྡོམས་བྱས་རྗེས་ད་གཟོད་ལས་འགན་གསར་བར་བསྐོ་མིན་གྱི་ཐག་གཅོད་བྱ་དགོས།

དོན་ཚན་བཅུ་བཞི་བ། ལས་བྱེད་དོ་དམ་གྱི་དབང་ཚད་ལྟར་ལས་འགན་གསར་བར་བསྐོ་རྒྱུའི་མི་སྣ་ཐག་གཅོད་བྱས་རྗེས། ལས་གནས་སྤོ་སའི་ལས་ཁུངས་ཀྱིས་གཏན་ཁེལ་གྱི་དབང་ཚད་ལྟར་ཞིབ་མཆན་ནམ་ཟིན་འགོད་བྱ་དགོས།

༡༽ཞིང་ཆེན་རིམ་པའི་ལས་ཁུངས་ནས་གཞུང་ཞབས་པར་ལས་འགན་བརྗེ་ན། ལས་བྱེད་དོ་དམ་གྱི་དབང་ཚད་ལྟར། ལས་གནས་སྤོ་སའི་ལས་ཁུངས་ཀྱིས་ཞིང་ཆེན་རིམ་པའི་གཞུང་ཞབས་པ་གཙོ་བདག་སྡེ་ཁག་ལ་ལས་འགན་གསར་བ་འཁུར་བའི་ཞིབ་མཆན་འགྲོ་ལུགས་སྒྲུབ་རྒྱུ་ཡར་ཞུ་བྱ་དགོས།

༢༽གྲོང་ཁྱེར༼ཁུལ༽མན་གྱི་ལས་ཁུངས་ནས་གཞུང་ཞབས་པར་ལས་འགན་བརྗེ་ན། གྲོང་ཁྱེར༼ཁུལ༽ཏང་ཨུའི་རྩ་འཛུགས་པུའུ་ལ་ཞིབ་མཆན་འགོད་རྒྱུ་ཡར་ཞུ་བྱ་དགོས།

༣༽ཞིང་ཆེན་མན་གྱི་ཐད་གཏོགས་དོ་དམ་སྡེ་ཁག་ནས་གཞུང་ཞབས་པའི་ལས་འགན་བརྗེ་ན། ཞིང་ཆེན་རིམ་པའི་ལས་ཁུངས་ཀྱིས་ཞིང་ཆེན་རིམ་པའི་གཞུང་ཞབས་པ་གཙོ་བདག་སྡེ་ཁག་ལ་ཞིབ་མཆན་འགོད་རྒྱུ་ཡར་ཞུ་བྱ་དགོས།

༤༽ལས་འགན་གསར་བ་འཁུར་མཁན་གྱི་མི་ལ་ཞིབ་མཆན་བཀོད་རྗེས། ལས་གནས་འཕོ་འགྱུར་དང་ལས་འགན་འཁུར་བའི་འགྲོ་ལུགས་སྒྲུབ་དགོས་པ་མ་ཟད། འབྲེལ་ཡོད་གཏན་འབེབས་ལྟར་གཞུང་ཞབས་པའི་ཟིན་ཐོ་འགོད་དགོས།

གྲོང་ཁྱེར༼ཁུལ༽ཏང་ཨུའི་རྩ་འཛུགས་པུའུ་ཡིས་ལོ་ཕྱེད་རེའི་ནང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་པུའུ་ལ་ལས་གནས་གསར་བ་བརྗེ་བའི་བྱ་བའི་གནས་ཚུལ་སྙན་ཞུ་རེ་འབུལ་དགོས།

དོན་ཚན་བཅོ་ལྔ་བ། ལས་འགན་གསར་བ་འཁུར་བའི་ཞིབ་བཤེར་ཆོག་མཆན་ལ་གཤམ་གྱི་ཡིག་རིགས་སྤྲོད་དགོས་ཏེ།

༡༽ལས་འགན་གསར་བ་འཁུར་བའི་བཀའ་ཞུ། ནང་དོན་ལ་ལས་གནས་སྤོར་སའི་སྡེ་ཚན་གྱི་སྒྲིག་གཞི་དང་། ལས་འགན་གསར་བ་འཁུར་སར་ལས་གནས་སྟོང་བའི་གནས་ཚུལ། ལས་གནས་གསར་བ་བརྗེ་བའི་རྒྱུ་མཚན་སོགས་འདུ་དགོས།

༢༽༼གཞུང་ཞབས་པས་ལས་འགན་གསར་བ་འཁུར་བའི་ཞིབ་མཆན་རེའུ་མིག༽གམ༼དཔེ་ལྟ་གཞུང་ཞབས་པའི་བཅའ་ཁྲིམས་དོ་དམ་ལས་ཁུངས༼སྡེ་ཚན༽ཀྱི་ལས་བྱེད་མི་སྣ༽ལས་འགན་གསར་བ་འཁུར་བའི་ཞིབ་མཆན་རེའུ་མིག༽

༣༽ལས་འགན་གསར་བ་འཁུར་མཁན་གྱི་དཔྱད་ཞིབ་ཡིག་གེ དཔྱད་ཞིབ་ཡི་གེར་དཔྱད་ཞིབ་པས་མིང་འགོད་དགོས།

༤༽ལས་གནས་བརྗེ་སའི་སྡེ་ཁག་གི་བསམ་འཆར་དང་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་མཁོ་འདོན་བྱས་པའི་སྲིད་གཙང་གི་གནས་ཚུལ།

༥༽གཏན་འབེབས་ལྟར་ལས་གནས་སྐྱུར་བའི་རྩིས་བཤེར་རམ་ཡང་ན་དཔལ་འབྱོར་འགན་འཁྲིའི་རྩིས་བཤེར་བྱ་དགོས་པའི་མི་ལ་རྩིས་བཤེར་བྱ་དགོས་པ་མ་ཟད། རྩིས་བཤེར་ལས་ཁུངས་ཀྱིས་རྩིས་བཤེར་བྱས་པའི་མཇུག་འབྲས་མཁོ་འདོན་བྱ་དགོས།

༦༽ལས་འགན་གསར་བ་འཁུར་མཁན་གྱིས་རྒྱལ་དབང་ཁེ་ལས་དང་ལས་དོན་སྡེ་ཚན་དུ་ལས་འགན་ཁུར་བའི༼གདན་ཞུ༽ཡིག་ཆ་དང་། ཆེད་ལས་ལག་རྩལ་ལས་གནས་སུ་ལས་འགན་འཁུར་བའི་ཐོབ་ཐང་དཔང་ཡིག་དང་གདན་འདྲེན་ཞུ་ཡིག བསླབ་རིམ་དང་མིང་བཏགས་ཀྱི་དཔང་ཡིག་སོགས།

༧༽ལས་འགན་གསར་བ་འཁུར་མཁན་གྱི་ལས་བྱེད་མི་དོན་ཡིག་ཚགས།

༨༽འབྲེལ་ཡོད་ཀྱི་དཔྱད་ཡིག་གཞན་པ།

དོན་ཚན་བཅུ་དྲུག་པ། ལས་འགན་གསར་བ་འཁུར་བའི་མི་ཡི་རིམ་པ་དང་འབྲེལ་ཡོད་ཀྱི་ཐོབ་ཐང་ལ། ལས་འགན་གསར་བའི་ལས་གནས་དང་། རང་གི་སྔོན་ཆད་ཀྱི་ལས་གནས། བྱ་བའི་བརྒྱུད་རིམ། རིག་གནས་ཡོན་ཚད་སོགས་ཀྱི་ཆ་རྐྱེན་ལ་བལྟས་རྗེས། ལས་གནས་སྤོར་སའི་ལས་ཁུངས་ཀྱི་ཆ་རྐྱེན་འདྲ་བའི་མི་དེའི་ཚད་ལ་གཞིར་བཟུང་ནས་ཐག་གཅོད་བྱ་དགོས།

དོན་ཚན་བཅུ་བདུན་པ། ལས་འགན་གསར་བ་འཁུར་བའི་མི་ལས་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་གནས་བསྐོ་བཞག་བྱས་པ་ཕུད། སྤྱིར་བཏང་དུ་ལས་འགན་འཁུར་བ་ཚོད་ལྟའི་ལམ་ལུགས་ལག་བསྟར་བྱ་དགོས་ཤིང་། ཚོད་ལྟའི་དུས་ཡུན་ནི་ལོ་གཅིག་ཡིན། ཚོད་ལྟའི་དུས་ཡུན་འདང་ཞིང་དཔྱད་ཞིབ་ཚད་ལྡན་ཡིན་ན་དངོས་སུ་ལས་འགན་ཁུར་ཆོག དཔྱད་ཞིབ་ཚད་ལྡན་མིན་ན་བྱ་བ་གཞན་པ་བཀོད་སྒྲིག་བྱ་དགོས།

ལེའུ་བཞི་བ། སྒྲིག་ཁྲིམས་དང་ལྟ་སྐུལ།

དོན་ཚན་བཅོ་བརྒྱད་པ། ལས་འགན་གསར་བ་འཁུར་བར་གཤམ་གྱི་སྒྲིག་ཁྲིམས་བརྩི་སྲུང་བྱ་དགོས་ཏེ།

༡༽ལས་འགན་གསར་བ་འཁུར་བར་ཞིབ་བཤེར་ཆོག་མཆན་ནམ་ཐོ་འགོད་ཚགས་འཇུག་ལས་ཁུངས་ཀྱིས་ལས་འགན་ལག་བསྟར་ནན་མོ་བྱེད་ཅིང་། ཞིབ་བཤེར་གཏན་འབེབས་དམ་འཛིན་བྱ་དགོས་པ་ལས། རང་བསམ་རང་འདོད་ཀྱིས་ཚད་གཞི་ཇེ་དམའ་བྱས་ནས་ཆ་རྐྱེན་ཇེ་ཡངས་གཏོང་མི་ཆོག

༢༽ལས་གནས་སྤོར་སའི་ལས་ཁུངས་ཀྱིས་འབྲེལ་ཡོད་ཀྱི་ལས་རིམ་ལག་བསྟར་ནན་མོ་བྱེད་ཅིང་། ལས་བྱེད་དོ་དམ་དབང་ཚད་ལྟར་མཉམ་དུ་གྲོས་སྡུར་བྱས་ནས་ཐག་གཅོད་དགོས་པ་ལས། མི་སྒེར་རམ་མི་ཉུང་ཤོས་ཤིག་གིས་གྲོས་ཐག་བཅད་དེ་རྫུན་བཟོའི་སྒོ་ནས་ཚུལ་མིན་གྱི་སྤྱོད་ངན་སྒྲུབ་མི་ཆོག

༣༽ལས་གནས་བརྗེ་སའི་སྡེ་ཚན་གྱིས་ལས་བྱེད་མི་དོན་དོ་དམ་བྱ་བའི་འབྲེལ་ཡོད་ཁྲིམས་སྲོལ་དང་སྲིད་ཇུས་ལག་བསྟར་ནན་མོ་བྱས་ནས། གནས་ཚུལ་ངོ་མ་མཁོ་འདོན་བྱ་དགོས་པ་ལས། བསྐོ་གཞག་མྱུར་སྒྲུབ་བྱ་མི་ཆོག

༤༽རྟོག་ཞིབ་ལ་ཞུགས་པའི་མི་ཡིས་རྟོག་ཞིབ་བྱས་པའི་གནས་ཚུལ་དང་བསམ་འཆར་ངོ་མ་ཡར་ཞུ་བྱ་དགོས་པ་ལས། དངོས་ཡོད་གནས་ཚུལ་སྦ་གསང་དང་འཁྱོག་བཤད་བྱེད་མི་ཆོག

༥༽ལས་འགན་གསར་བ་འཁུར་བའི་མི་ཡིས་འབྲེལ་ཡོད་ཀྱི་གཏན་འབེབས་བརྩི་སྲུང་བྱས་ཏེ། ལས་གནས་འཕོ་འགྱུར་གྱི་བརྡ་ཡིག་འབྱོར་རྗེས། གཏན་ཁེལ་བྱས་པའི་དུས་ཡུན་ནང་སྲིད་འཛིན༼ཡིག་ཚགས༽དང་ཏང་ཐོན་རྩ་འཛུགས། གླ་ཕོགས་ཀྱི་འབྲེལ་བ་སོགས་འབྲེལ་ཡོད་འགྲོ་ལུགས་སྒྲུབ་དགོས། རྒྱུ་མཚན་ལུགས་མཐུན་མེད་པར་དུས་ལྟར་འབྲེལ་ཡོད་ཀྱི་འགྲོ་ལུགས་མི་སྒྲུབ་ན། ལས་འགན་གསར་བ་འཁུར་བའི་ཐོབ་ཐང་མེད་པར་གཏོང་དགོས།

དོན་ཚན་བཅུ་དགུ་བ། ལས་འགན་གསར་བ་འཁུར་བའི་བྱ་བའི་ཁྲོད་དུ་གལ་ཏེ་གཡོལ་དགོས་པའི་གནས་ཚུལ་ཡོད་ན། འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་ལག་བསྟར་བྱ་དགོས།

དོན་ཚན་ཉི་ཤུ་བ། སྲོལ་ཞིབ་འདིའི་ལས་འགན་གསར་བ་འཁུར་བའི་དོན་ཚན་ལ་འགལ་བཞིན་གོང་རིམ་ལ་ཡར་ཞུ་བྱས་པར་ཆོག་མཆན་འགོད་མི་ཆོག་ལ། གལ་ཏེ་ཐག་གཅོད་བྱས་ཟིན་པ་ཡིན་ན་ཕན་ནུས་མེད་པ་དྲིལ་སྒྲོག་བྱ་དགོས་པ་མ་ཟད། གཏན་འབེབས་ལྟར་འགན་འཁུར་བ་གཙོ་བོ་དང་ཐད་ཀར་འགན་འཁུར་མཁན་ལ་རྩ་འཛུགས་ཀྱི་ཐག་གཅོད་དམ་ཡང་ན་ཆད་པ་གཅོད་དགོས། གལ་ཏེ་ཉེས་པ་གྲུབ་ན་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས།

ལེའུ་ལྔ་བ། ཞར་བྱུང་།

དོན་ཚན་ཉེར་གཅིག་པ། རྒྱལ་དབང་ཁེ་ལས་དང་དཔེ་ལྟ་གཞུང་ཞབས་པའི་བཅའ་ཁྲིམས་ཀྱིས་དོ་དམ་མི་བྱེད་པའི་ལས་དོན་སྡེ་ཚན། མི་དམངས་ཚོགས་པ། མང་ཚོགས་ཚོགས་པ་བཅས་ཀྱི་ཁྲོད་ན་གཞུང་ཞབས་ཀྱི་ལས་ཀ་གཉེར་བཞིན་ཡོད་པར་དཔེ་ལྟ་གཞུང་ཞབས་པའི་བཅའ་ཁྲིམས་དོ་དམ་ལས་ཁུངས༼སྡེ་ཚན༽སུ་སྲོལ་ཞིབ་འདིའི་དོན་ཚན་གཉིས་པར་བཀོད་པའི་ལས་འགན་འཁུར་མཁན་ཡོད་ན་སྲོལ་ཞིབ་འདི་གཞིར་བཟུང་ནས་ལག་བསྟར་བྱ་དགོས།

དོན་ཚན་ཉེར་གཉིས་པ། སྲོལ་ཞིབ་འདིར་ཀྲུང་གུང་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ་དང་། ཀན་སུའུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཀན་སུའུ་ཞིང་ཆེན་གཞུང་ཞབས་པ་ཅུས་བཅས་ཀྱིས་འགྲེལ་བཤད་ཀྱི་འགན་ཁུར་ཡོད།

དོན་ཚན་ཉེར་གསུམ་པ། སྲོལ་ཞིབ་འདི་ཁྱབ་བསྒྲགས་བྱས་པ་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།

 

ཟུར་བཀོད།

.༼གཞུང་ཞབས་པས༼དཔེ་ལྟ་གཞུང་ཞབས་པའི་བཅའ་ཁྲིམས་དོ་དམ་ལས་ཁུངས༼སྡེ་ཚན༽ཀྱི་ལས་བྱེད་མི་སྣ༽ལས་འགན་གསར་བ་འཁུར་བའི་ཞིབ་མཆན་རེའུ་མིག༽

.༼གཞུང་ཞབས་པས༼དཔེ་ལྟ་གཞུང་ཞབས་པའི་བཅའ་ཁྲིམས་དོ་དམ་ལས་ཁུངས༼སྡེ་ཚན༽ཀྱི་ལས་བྱེད་མི་སྣ༽ལས་འགན་གསར་བ་འཁུར་བའི་ཞིབ་མཆན་རེའུ་མིག༽སྐོང་བའི་གསལ་བཤད།

.༼གཞུང་ཞབས་པས༼དཔེ་ལྟ་གཞུང་ཞབས་པའི་བཅའ་ཁྲིམས་དོ་དམ་ལས་ཁུངས༼སྡེ་ཚན༽ཀྱི་ལས་བྱེད་མི་སྣ༽ལས་འགན་གསར་བ་འཁུར་བའི་ཡིག་ཚགས་རེའུ་མིག༽ 

ཟུར་བཀོད་དང་པོ།

༼གཞུང་ཞབས་པས༼དཔེ་ལྟ་གཞུང་ཞབས་པའི་བཅའ་ཁྲིམས་དོ་དམ་ལས་ཁུངས༼སྡེ་ཚན༽ཀྱི་

ལས་བྱེད་མི་སྣ༽ལས་འགན་གསར་བ་འཁུར་བའི་ཞིབ་མཆན་རེའུ་མིག༽

རུས་མིང་།

 

ཕོ་མོ།

 

སྐྱེ་བའི་ལོ་ཟླ།

 

འདྲ་

 

པར།

 

ཕ་ཡུལ།

 

སྐྱེ་ས།

 

ཁྱིམ་ཐོ་ཡོད་ས།

 

 

མི་རིགས།

 

བྱ་བ་ལས་དུས།

 

ཆབ་སྲིད་ཀྱི་གནས་ཚུལ།

 

 

ཆེད་ལས་ལག་རྩལ་གྱི་ལས་

གནས་དང་གདན་ཐོབ་དུས་ཡུན།

 

བདེ་ཐང་གི་གནས་ཚུལ།

 

 

བསླབ་རིམ་དང་

མིང་བཏགས།

རྒྱུན་འདོན་

སློབ་གསོ།

 

མཐར་ཕྱིན་སློབ་གྲྭ་དང་སྡེ་ཁག ཆེད་སྦྱོང་།

 

 

ལས་ཞོར་

སློབ་གསོ།

 

མཐར་ཕྱིན་སློབ་གྲྭ་དང་སྡེ་ཁག ཆེད་སྦྱོང་།

 

 

ད་ལྟའི་ལས་ཁུངས་དང་ལས་གནས།༼ལས་ཐོབ༽

 

ད་ལྟའི་ལས་ཁུངས་

ཀྱི་ངོ་བོ།

 

ལས་གནས་སྤོར་སའི་ངོ་བོ།

 

 

ལས་གནས་སྤོར་སའི་

ལས་འགན་འཁུར་བྱ།

 

 

ལས་གནས་སྤོར་

སའི་ཚད་གཞི།

 

སྒྲིག་གཞིའི་

མི་གྲངས།

སྲིད་འཛིན།

 

དངོས་ཡོད་མི་གྲངས།

 

ལས་གནས་སྤོར་སའི་གྲངས་ཀ

 

སྟོང་བར་ལུས་པའི་གྲངས་ཀ

 

 

ལས་དོན།

 

 

 

 

 

ལོ་རྒྱུས་

མདོར་བསྡུས།

 

 

དངོས་ཡོད་

མངོན་ཚུལ།

 

 

བྱ་དགའ་དང་ཆད་

པའི་གནས་ཚུལ།

 

ནང་མི་

གཙོ་བོ་དང་

སྤྱི་ཚོཊ་

ཀྱི་འབྲེལ་བ་

གལ་ཆེན།

འབྲེལ་བ།

རུས་མིང་།

སྐྱེས་དུས།

ཆབ་སྲིད་ཀྱི་གནས་ཚུལ།

ལས་ཁུངས་དང་ལས་ཐོབ།

ཁྱིམ་ཐོ་ཡོད་ས།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

ཞོར་འགྲོཊ་མི་གྲངས།

 

ལས་གནས་བརྗེ་དོན།

 

ལས་ཁུངས་བརྗེ་སའི་བསམ་འཆར།

 

ལོའི་ཟླ  ཚེས  ལ།

ལས་གནས་བརྗེ་སའི་གཙོ་བདག་

ལས་ཁུངས་ཀྱི་བསམ་འཆར།

 

             ལོའི་ཟླ  ཚེས  ལ།                    

ལས་ཁུངས་འཁུར་སའི་བསམ་འཆར།

 

 

ལོའི་ཟླ  ཚེས  ལ།

ལས་གནས་འཁུར་སའི་གཙོ་བདག་ལས་ཁུངས་ཀྱི་བསམ་འཆར།

 

ལོའི་ཟླ  ཚེས  ལ།

ཞིབ་བཤེར་བའི་མིང་།

 

ཞིབ་མཆན་ལས་ཁུངས་ཀྱི་བསམ་འཆར།

 

ལོའི་ཟླ  ཚེས  ལ།

ཟུར་བཀོད།

 

གསལ་བཤད།རེའུ་མིག་ནང་གི་སྐོང་བྱ་ཚང་མ་ལྕགས་སྨྱུག་གམ་ཐཱན་སྨྱུག་གིས་གྲ་དག་གསལ་བོར་བྲི་དགོས་པ་ལས། ནག་གསུབ་དང་ཆད་ཤོར་ཡོད་མི་ཆོག

        རེའུ་མིག་འདི་བུ་ཡིག་གསུམ་བྱས་རྗེས་དེའི་ནང་གི་གཅིག་མི་དེའི་ཡིག་ཚགས་ནང་དུ་འཇུག་དགོས།

        ཁྱིམ་ཐོ་འགོད་པའི་འགྲོ་ལུགས་སྒྲུབ་དགོས་ཚེ། ༼བརྗེ་སྤོར་མི་སྣའི་གནས་ཚུལ་ཐོ་འགོད་རེའུ་མིག༽གི་བུ་ཡིག་གཉིས་སུ་སྐོང་དགོས།

ཀྲུང་གུང་ཀན་སུའུ་ཞིང་ཨུ་རྩ་འཛུཊ་པུའུ་དང་ཀན་སུའུ་ཞིང་ཆེན་མི་ཤུཊ་ཐོན་ཁུངས་དང་སྤྱི་ཚོཊ་འགན་སྲུང་ཐིན་གྱིས།

ཟུར་བཀོད་གཉིས་པ།

༼གཞུང་ཞབས་པས༼དཔེ་ལྟ་གཞུང་ཞབས་པའི་བཅའ་ཁྲིམས་དོ་དམ་ལས་ཁུངས༼སྡེ་ཚན༽ཀྱི་

ལས་བྱེད་མི་སྣ༽ལས་འགན་གསར་བ་འཁུར་བའི་ཞིབ་མཆན་རེའུ་མིག༽སྐོང་བའི་གསལ་བཤད།

      .“རུས་མིང༼གྲངས་ཉུང་མི་རིགས་ཀྱི་མིང་ཡང་འདུ༽གི་ཡི་གེ་གཏན་ཁེལ་ཡིན་དགོས།

      .“སྐྱེ་བའི་ལོ་ཟླདངབྱ་བ་ལས་དུསཀྱི་ལོ་ཟླ་དེ་སྤྱི་རྩིས་ཀྱི་ལོ་ཟླ་ལྟར་འབྲི་དགོས།

      .“ཕ་ཡུལལ་རང་གི་ཕ་ས་ཕ་ཡུལ་འབྲི་དགོས། སྐྱེ་སལ་རང་ཉིད་སྐྱེ་སའི་ཡུལ་འབྲི་དགོས།

      .“མི་རིགསལ་མི་རིགས་ཀྱི་མིང་ཁ་ཚང་འབྲི་དགོས།

      .“ཆབ་སྲིད་ཀྱི་གནས་ཚུལཀྲུང་གུང་ཏང་ཡོནནམགུང་གཞོན་ཚོགས་མི། དམངས་གཙོའི་ཏང་ཁག མང་ཚོགསབཅས་ལས་གཅིག་འབྲི་དགོས། དམངས་གཙོའི་ཏང་ཁག་ཡིན་ན་བསྡུས་མིང་ཚད་ལྡན་འབྲི་དགོས།

      .“བདེ་ཐང་གི་གནས་ཚུལལ་འགན་བསྐོ་མི་སྣའི་ལུས་ཕུང་བདེ་ཐང་གི་གནས་ཚུལ་ལྟར། བདེ་ཐངངམསྤྱིར་བཏངཅུང་ཞནབཅས་ལས་གཅིག་འབྲི་དགོས། ནད་ཡམས་ཚབས་ཆེན་ནམ་དབང་བོར་སྐྱོན་ཆ་ཡོད་ན་ཟུར་ནས་གསལ་བཤད་བྱ་དགོས།

      .“བསླབ་རིམ་དང་མིང་བཏགསལ་རྒྱུན་འདོན་སློབ་གསོ་དང་ལས་ཞོར་སློབ་གསོ་རིགས་གཉིས་བགར་ཡོད་པར། རྒྱུན་འདོན་སློབ་གསོརརྒྱུན་འདུག་ལམ་ལུགས་ཀྱི་སློབ་གསོ་མྱངས་ནས་ཐོབ་པའི་ཆེས་མཐོ་བའི་བསླབ་རིམ་འབྲི་དགོས། ལས་ཞོར་སློབ་གསོརསློབ་གསོ་མྱོང་སྟངས་གཞན་པའི་སྒོ་ནས་ཐོབ་པའི་ཆེས་མཐོ་བའི་བསླབ་རིམ་འབྲི་དགོས། མཐར་ཕྱིན་སློབ་གྲྭ་དང་སྡེ་ཁག ཆེད་སྦྱོངཞེས་པར་བསླབ་རིམ་ལ་མཐུན་པའི་མཐར་ཕྱིན་སློབ་གྲྭ་དང་སྡེ་ཁག ཆེད་སྦྱོང་བཅས་འབྲི་དགོས། བསླབ་རིམ་ཞེས་པ་རྒྱལ་ཁབ་སློབ་གསོ་སྲིད་འཛིན་སྡེ་ཁག་གམ་ཡང་ན་དེས་ཁས་ལེན་བྱས་པའི་སྡེ་ཁག་དང་སྡེ་ཚན་གྱིས་གནངས་པའི་བསླབ་རིམ་བདེན་དཔང་ཡི་གེ་ལ་གཞི་འཛིན་དགོས་པ་ལས། རང་བསམ་རང་འདོད་ཀྱིསXXབསླབ་རིམ་ལ་འདྲཞེས་འབྲི་མི་ཆོག

      .“ད་ལྟའི་ལས་ཁུངས་ཀྱི་ངོ་བོལས་དོན་སྡེ་ཚནནམརྒྱལ་དབང་ཁེ་ལསམི་དམངས་ཚོགས་པམང་ཚོགས་ཚོགས་པབཅས་ལས་གཅིག་འབྲི་དགོས། ལས་གནས་སྤོར་སའི་ངོ་བོགཞུང་ཞབས་པའི་ལས་ཁུངསསམདཔེ་ལྟ་གཞུང་ཞབས་པའི་བཅའ་ཁྲིམས་དོ་དམ་ལས་ཁུངས༼སྡེ་ཚན༽འབྲི་དགོས།

      .“ལས་གནས་སྤོར་སའི་ལས་འགན་འཁུར་བྱལ་ལས་ཁུངས་སྒྲིག་ལུགས་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱས་པའི་ཚད་གཞི་ལྟར། ཐིན་ཀྲང་རིམ་པདངཐིན་ཀྲང་གཞོན་པའི་རིམ་པརྫོང་དཔོན་རིམ་པརྫོང་དཔོན་གཞོན་པའི་རིམ་པཚན་གཙོ་རིམ་པཚན་གཙོ་གཞོན་པའི་རིམ་པསོགས་འབྲི་དགོས།

      ༡༠.“སྲིད་འཛིན་དང་ལས་དོན་སྒྲིག་གཞིའི་མི་གྲངསལ་ལས་ཁུངས་སྒྲིག་ལུགས་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱས་པའི་སྲིད་འཛིན་གྱི་མི་གྲངས་དང་ལས་དོན་གྱི་མི་གྲངས་འབྲི་དགོས། དངོས་ཡོད་མི་གྲངསལ་ལས་གནས་སྤོར་སའི་ལས་ཁུངས་སུ་ལས་གནས་མ་སྤོར་གོང་གི་དངོས་ཡོད་མི་གྲངས༼ལས་བཟོ་བ་མི་གཏོགས༽འབྲི་དགོས།

      ༡༡.“ལས་གནས་སྤོར་སའི་གྲངས་ཀལ་སྒྲིག་ལུགས་སྡེ་ཁག་གམ་གཞུང་ཞབས་པ་གཙོ་བདག་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱས་པའི་ལས་གནས་སྤོར་སའི་གྲངས་ཀ་འབྲི་དགོས།

      ༡༢.“ལོ་རྒྱུས་མདོར་བསྡུསསུ་རྒྱུན་འདོན་ལམ་ལུགས་ཀྱི་སློབ་གསོ༼སློབ་ཆེན་ནམ་ཆེད་འབྲིང༽མྱངས་པ་ནས་འབྲི་དགོས། འགན་བསྐོ་མི་སྣས་བྱ་བ་ལས་སའི་སྡེ་ཚན་དང་ལས་འགན་སོགས་འགྱུར་ལྡོག་གི་གནས་ཚུལ་དྲང་མོར་འབྲི་དགོས། ལས་ཞོར་སློབ་གསོ་མྱངས་མཁན་གྱིས་དུས་ཚོད་དེ་དང་བསྟུན་ནས་གསལ་བཤད་བྱ་དགོས།

      ༡༣.“བྱ་དགའ་དང་ཆད་པའི་གནས་ཚུལཞེས་པརདུས་ནམ་ཞིག་ལ་ཡུལ་གང་ཞིག་ནས་བྱ་བ་ཇི་ཞིག་གི་དོན་དུ་སྡེ་ཚན་གང་ཞིག་གིས་ཆོག་མཆན་ཐོབ་ནས་བྱ་དགའ་ཅི་ཞིག་ཐོབ་པའབྲི་དགོས། ཐོབ་ཐང་ལོངས་སྤྱོད་མཁན་གྱིས་གསལ་བཤད་བྱ་དགོས།

      ༡༤.“ནང་མི་གཙོ་བོ་དང་སྤྱི་ཚོཊ་ཀྱི་འབྲེལ་བ་གལ་ཆེནཞེས་པར། གཙོ་བོ་ལས་བྱེད་རང་གི་བཟའ་ཟླ་དང་བྱིས་པ། ཕ་མ། སྒྱུག་པོ་དང་སྒྱུག་མོ༼གྱོས་པོ་དང་གྱོས་མོ༽། ད་དུང་སྤྱི་ཚོགས་འབྲེལ་བའི་འབྲེལ་ཡོད་གནས་ཚུལ་གཞན་པ་སོགས་འབྲི་དགོས། གཉེན་ཉེའི་ནང་ན་དེང་སང་ངམ་ཡང་ན་སྔོན་ཆད་འགོ་ཁྲིད་ལ་འབྲེལ་བའི་ལས་གནས་ཁུར་མྱོང་མཁན་ནམ་ཡང་ན་ཕྱི་རྒྱལ་ན་འབྲེལ་བ་གལ་ཆེན་ཡོད་ན་ཡང་གསལ་བོར་འབྲི་དགོས། གལ་ཏེ་ཚེ་འདས་ཡིན་ན། སྔོན་ཆད་བྱ་བ་ལས་སའི་ལས་ཁུངས་དང་ལས་གནས་ཀྱི་གཞུག་ནས་གུག་རྟགས་ནང་གསལ་བཤད་བྱ་དགོས། འབྲེལ་ཡོད་ཀྱི་གནས་ཚུལ་ཡང་དག་པར་འབྲི་དགོས་ལ། འབོད་མིང་འབྲི་ཚུལ་ཡང་ཚད་ལྡན་ཡིན་དགོས། ལས་བྱེད་ཀྱི་བཟའ་ཟླའམ་ཡང་ན་བྱིས་པས་ཕྱི་རྒྱལ༼ཕྱི་ཁོངས༽ན་སློབ་སྦྱོང་ངམ་བྱ་བ། གཏན་འདུག ཡང་ན་ཀྲུང་ཕྱི་མ་དངུལ་མཉམ་འཇོག་གི་ཁེ་ལས་སམ་ཕྱི་རྒྱལ་མ་དངུལ་ཁེ་ལས་སུ་བྱ་བ་ལས་བཞིན་ཡོད་ན། དེའི་སློབ་གྲྭའམ་གཏན་འདུག་བྱ་ས། ཡང་ན་བྱ་བ་ལས་སའི་ལས་ཁུངས་དང་ལས་གནས་བཅས་གསལ་བོར་འབྲི་དགོས།

ཟུར་བཀོད་གསུམ་པ།

 

༼གཞུང་ཞབས་པས༼དཔེ་ལྟ་གཞུང་ཞབས་པའི་བཅའ་ཁྲིམས་དོ་དམ་ལས་ཁུངས༼སྡེ་ཚན༽ཀྱི་

ལས་བྱེད་མི་སྣ༽ལས་འགན་གསར་བ་འཁུར་བའི་ཡིག་ཚགས་རེའུ་མིག༽

 

གྲོང་ཁྱེར་དང་ཁུལ༼གཞུང་ཞབས་པ་གཙོ་བདག་སྡེ་ཁག་གི་ཐམ་ག༽

ཨང་

རིམ།

འཁུར་སའི་

ལས་ཁུངས།

སྒྲིག་གཞིའི་མི་གྲངས།

དངོས་ཡོད་མི་གྲངས།

ལས་འགན་འཁུར་སའི་ལས་གནས་སྟོང་བའི་གྲངས་ཀ

ལས་གནས་སྤོ་མཁན་གྱི་མིང་།

ཕོ་

མོ།

སྐྱེས་

དུས།

བརྗེ་སའི་སྡེ་ཚན་དང་ལས་གནས།

འཁུར་སའི་ལས་གནས།

སྲིད་འཛིན།

ལས་

དོན།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

                  གསལ་བཤད། རེའུ་མིག་འདིར་གྲོང་ཁྱེར་དང་ཁུལ་གྱི་གཞུང་ཞབས་པ་གཙོ་བདག་སྡེ་ཁག་གིས་ལས་བགོས་ལྟར་ཕྱོཊ་བསྡོམས་དང་རེའུ་མིག་སྐོང་བའི་འགན་འཁུར་དགོས། ལོ་རེའི་ཟླ༦པའི་ཚེས༣༠སྔོན་དང་། ཟླ༡༢པའི་ཚེས༣༡སྔོན་ལ་མཉམ་གཅིག་ཏུ་བསྡུས་ནས་ཞིང་ཆེན་རིམ་པའི་གཞུང་ཞབས་པ་གཙོ་བདག་སྡེ་ཁག་ལ་ཡར་ཞུ་བྱ་དགོས།

                   འབྲེལ་གཏུག་བྱེད་ས།                                                                   འབྲེལ་གཏུག་ཁ་པར།                                                           བརྙན་སྐྱེལ།

ཀྲུང་གུང་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྩ་འཛུཊ་པུའུ་དང་།  ཀན་སུའུ་ཞིང་ཆེན་མི་ཤུཊ་ཐོན་ཁུངས་དང་སྤྱི་ཚོཊ་འགན་སྲུང་ཐིན་གྱིས།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

pk10计划软件手机版 上海哈灵麻将微信群 浙江快乐十二选五开奖 苍井空资源 云南11选5今日开 2019年物联网新龙头 日本a片导航 11选5今天开奖结 日韩a片奥特曼 体彩在线河北11选5 双色近1000期走势图 美国职业棒球比分最小多少分 篮球即时比分188 广东快乐十分基本走势图表 辽宁11选5复式玩法 黑龙江22选5开奖详情 篮球比分直播网