今天是:

ལས་བྱེད་པའི་བྱ་བ།

ལས་བྱེད་པའི་མི་དོན་ལམ་ལུགས་བསྒྱུར་བཅོས།

མདུན་ཤོག > ལས་བྱེད་པའི་བྱ་བ། > ལས་བྱེད་པའི་མི་དོན་ལམ་ལུགས་བསྒྱུར་བཅོས།

རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་གཏན་འབེབས་བྱེད་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི། 1

  (2015ལོའི་ཟླ་10པའི་ཚེས་29ཉིན་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་།)
  2020ལོར་སླེབས་དུས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་གྲུབ་བྱ་རྒྱུ་ནི་ང་ཚོའི་ཏང་གིས་གཏན་འབེབས་བྱས་པའི་“ལོ་ངོ་བརྒྱ་ཕྲག་ཟུང་”གི་འབད་འཐབ་དམིགས་འབེན་ཁྲོད་ཀྱི་ལོ་ངོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་ཡིན། “ལྔ་ཚན་བཅུ་གསུམ་པ་”ཡི་དུས་སྐབས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་གྲུབ་བྱེད་པར་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ལེན་པའི་དུས་རིམ་ཡིན་པས། “ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ནི་ངེས་པར་དུ་འབད་འཐབ་དམིགས་འབེན་འདི་མངོན་གྱུར་བྱེད་པར་རྩེ་གཅིག་ཏུ་དམིགས་ཏེ་གཏན་འབེབས་བྱ་དགོས།
  ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དུས་ལྟར་ལེགས་གྲུབ་བྱེད་པར་ཆ་རྐྱེན་གང་ལེགས་འཛོམས་ཡོད་ལ་དཀའ་ཚེགས་ཆེ་བའི་ལས་འགན་ཡང་མདུན་དུ་ལྷགས་ཡོད་པས། ངེས་པར་དུ་ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དུ་བཏིང་བའི་རྨང་གཞི་བརྟན་པོའི་སྟེང་ཡིད་ཆེས་བརྟན་པོ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། སྙིང་སྟོབས་ཆེར་སྐྱེད་བཅས་བྱ་དགོས་པའི་ངོས་འཛིན་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཀྱིས་“ལྔ་ཚན་བཅུ་གསུམ་པའི་”དུས་ཡུན་ནང་རང་རྒྱལ་གོང་སྤེལ་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཞིབ་འཇུག་བྱས་ཏེ། “ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་གཏན་འབེབས་བྱེད་པར་གཤམ་གྱི་གྲོས་གཞི་བཏོན་པ་ཡིན་ཏེ།
  གཅིག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་གྲུབ་བྱེད་པར་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ལེན་པའི་དུས་རིམ་གྱི་གནས་བབ་དང་མཛུབ་སྟོན་བསམ་བློ།
  གཅིག “ལྔ་ཚན་བཅུ་གཉིས་པའི་”དུས་ཡུན་ནང་རང་རྒྱལ་གྱི་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ། “ལྔ་ཚན་བཅུ་གཉིས་པའི་”དུས་ཡུན་ནི་རང་རྒྱལ་གྱི་འཕེལ་རྒྱས་ལ་མཚོན་ན་ཤིན་ཏུ་སྤྱིར་བཏང་མ་ཡིན་པའི་ལོ་ལྔ་རེད། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བསྒྱུར་བཅོས་གོང་སྤེལ་བརྟན་ལྷིང་གསུམ་གྱི་ལས་འགན་ལ་གདོང་ཕྱོགས་ཏེ། ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་འབད་འཐབ་དང་། ལས་ལམ་གསར་འབྱེད་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་བའི་རྣམ་པ་གསར་པ་ཤུགས་ཆེན་པོས་བཏོད་པ་རེད།
  ང་ཚོས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་ངན་ཤུགས་རྒྱུན་མཐུད་ནས་བྱུང་བ་སོགས་ཉེན་ཁ་དང་འགྲན་སློང་ཆེན་པོ་རབ་དང་རིམ་པར་ཁ་གཏད་འོས་འཚམས་འཇལ་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་འཚམ་མཐུན་བྱས་ཏེ། རྒྱུན་མ་ཆད་པར་སྤྱི་ཁོག་སྙོམ་སྒྲིག་བྱེད་སྟངས་གསར་གཏོད་བྱས་པ་དང་། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྱུར་དང་། གོང་དུ་སྤེལ་ཤུགས་བསྒྱུར་བ། གོང་དུ་སྤེལ་སྟངས་ཇེ་མགྱོགས་སུ་བསྒྱུར་བ་བཅས་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་བཏང་།རང་རྒྱལ་གྱི་དཔལ་འབྱོར་སྤྱི་འབོར་བརྟན་འཇགས་ངང་འཛམ་གླིང་གི་ཨང་གཉིས་པར་གྱུར། མི་འབོར་དུང་ཕྱུར་བཅུ་གསུམ་ལྷག་གི་མི་རེའི་ཆ་སྙོམས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཨ་སྒོར་བདུན་སྟོང་བརྒྱད་བརྒྱ་ཡས་མས་སུ་འཕར་སྣོན་བྱུང་། ཐོན་ལས་གསུམ་པའི་འཕར་ཐང་གིས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཟིན་པའི་བསྡུར་ཚད་ཐོན་ལས་གཉིས་པ་ལས་བརྒལ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་ཐོད་རྒལ་བྱུང་། ཞིང་ལས་ལ་ལོ་བསྟུད་མར་ཐོན་འཕར་བྱུང་། རྒྱུན་སྡོད་མི་འབོར་གྲོང་བརྡལ་ཅན་དུ་གྱུར་ཚད་བརྒྱ་ཆའི་ང་ལྔར་སླེབས། ཚན་རྩལ་གྲུབ་འབྲས་གལ་ཆེན་སྐོར་ཞིག་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལ་སླེབས། སྤྱི་པའི་ཞབས་ཞུའི་མ་ལག་གཞི་རྩའི་ཐོག་བཙུགས་པ་དང་། ཁེབས་རྒྱ་རྒྱུན་མཐུད་དེ་རྒྱ་བསྐྱེད། ལས་ཞུགས་གསར་འཕར་རྒྱུན་མཐུད་ངང་འཕར་སྣོན་བྱུང་། དབུལ་ཕོངས་མི་འབོར་ཆེས་ཆེར་ཇེ་ཉུང་དུ་ཕྱིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་བྱུང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་མགྱོ གས་མྱུར་ཇེ་ལེགས་སུ་ཕྱིན། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་། མི་དམངས་མང་གཙོ་རྒྱུན་མ་ཆད་པར་རྒྱ་བསྐྱེད། ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་འགོ་གསར་པ་བརྩམས། ཕྱོགས་ཐམས་ཅད་ཀྱི་ཕྱི་འབྲེལ་ལ་འཕེལ་རྒྱས་གལ་ཆེན་བྱུང་། ཕྱི་ཕྱོགས་སྒོ་འབྱེད་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ། རང་རྒྱལ་གོ་ལ་ཧྲིལ་བོའི་དངོས་ཟོག་ཉོ་ཚོང་རྒྱལ་ཁབ་ཆེན་པོ་ཨང་དང་པོ་དང་ཕྱི་ཕྱོགས་སུ་མ་དངུལ་འཇོག་པའི་རྒྱལ་ཁབ་ཆེན་པོ་གཙོ་བོ་ཆགས་པ་རེད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མི་སེམས་སུ་ཟབ་མོར་ཟུག་ཡོད། རྒྱལ་ཁབ་ཀྱི་རིག་གནས་མཉེན་པའི་སྟོབས་ཤུགས་རྒྱུན་མ་ཆད་པར་ཇེ་ཆེར་གྱུར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་བསྒྱུར་བརྗེ་ལ་གྲུབ་འབྲས་མངོན་གསལ་ཐོབ། དམག་དཔུང་སྟོབས་ལྡན་དུ་འགྱུར་བ་དང་དར་རྒྱས་འབྱུང་བར་གོམ་སྟབས་གསར་པ་སྤོས། ཕྱོགས་ཡོངས་ནས་ཏང་ལེགས་སྐྱོང་ནན་མོ་བྱེད་པར་རྣམ་པ་གསར་པ་བཏོད། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་བྱེད་སྒོར་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་སྟེ། ཏང་སེམས་དང་མི་སེམས་བཀུག “ལྔ་ཚན་བཅུ་གཉིས་པའི་”འཆར་འགོད་ཀྱི་དམིགས་འབེན་རྒྱལ་ཁའི་ངང་ལེགས་གྲུབ་འབྱུང་ཉེ་ཡོད། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་། ཚན་རྩལ་དངོས་ཤུགས། རྒྱལ་སྲུང་དངོས་ཤུགས། རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་བཅས་སླར་ཡང་སྐས་རིམ་ཆེན་པོ་ཞིག་ལ་གོང་དུ་འཕར།
  ལྷག་པར་དུ་གལ་ཆེན་པོ་ཞིག་ནི། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འགྱུར་བ་སྤུ་ཙམ་མེད་པར་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ཞིང་། ལག་ལེན་བསྟར་ཕོད་པ་དང་གསར་སྐྲུན་བྱེད་མཁས་པ་དང་། གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་བྱེད་སྟངས་ཇེ་ཟབ་ཏུ་ཕྱིན་ཏེ། རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ་དང་འཐབ་ཇུས་གསར་པ་བཅས་ཆགས་ཤིང་། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་དང་བྱ་སྤྱོད་ཀྱི་མཛུབ་སྟོན་འདོན་སྤྲོད་བྱས་པ་རེད།
  གཉིས། “ལྔ་ཚན་བཅུ་གསུམ་པའི་”དུས་ཡུན་ནང་རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་གི་གཞི་རྩའི་ཁྱད་ཆོས། ཞི་བདེ་དང་འཕེལ་རྒྱས་ནི་དུས་རབས་ཀྱི་བརྗོད་གཞི་གཙོ་བོ་ཡིན་པ་འགྱུར་མེད་ལ། འཛམ་གླིང་སྣེ་མང་ཅན་དང་། དཔལ་འབྱོར་འཛམ་གླིང་ཅན། རིག་གནས་སྣ་མང་ཅན། སྤྱི་ཚོགས་ཆ་འཕྲིན་ཅན་བཅས་ལ་འཕེལ་རྒྱས་གཏིང་ཟབ་བྱུང་། འཛམ་གླིང་དཔལ་འབྱོར་དེ་གཏིང་ཟབ་མོས་ལེགས་སྒྲིག་བྱུང་བའི་ཁྲོད་ཀྱག་ཀྱོག་བརྒྱུད་ནས་སླར་གསོ་བྱུང་། ཚན་རྩལ་གསར་བརྗེ་སྐོར་ཐེངས་གསར་པ་དང་ཐོན་ལས་བསྒྱུར་བརྗེ་འབྱུང་ལ་ཉེ། གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་ལ་འཕོ་འགྱུར་གཏིང་ཟབ་བྱུང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁྱུ་ཚོགས་ཀྱི་སྟོབས་ཤུགས་རྒྱུན་མི་ཆད་པར་ཇེ་ཆེར་འགྲོ་བཞིན་ཡོད། རྒྱལ་སྤྱིའི་སྟོབས་ཤུགས་གཤིབ་བསྡུར་ཉིན་རེ་བཞིན་དོ་མཉམ་དུ་འགྱུར་བཞིན་ཡོད། དུས་མཚུངས་སུ། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་གཏིང་རིམ་ཟབ་མོའི་ངན་ཤུགས་དུས་ཡུན་རིང་མོ་ཞིག་གི་ནང་སྔར་བཞིན་གནས་རྒྱུ་ཡིན་པ་དང་། གོ་ལ་ཧྲིལ་བོའི་དཔལ་འབྱོར་ཉོ་འཚོང་གོང་དུ་འཕར་ཤུགས་ཞན་ཞིང་། སྲུང་སྐྱོབ་རིང་ལུགས་ཀྱི་མགོ་འབུར་ལྟག་ཏུ་དགྱེ། ས་ཁུལ་འབྲེལ་ཁོངས་ཀྱི་ཆབ་སྲིད་འབྲེལ་བ་རྙོག་འཛིང་དང་འགྱུར་ལྡོག་ཆེ། སྲོལ་རྒྱུན་གྱི་བདེ་འཇགས་ཐད་ཀྱི་འཇིགས་ཉེན་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ཐད་ཀྱི་འཇིགས་ཉེན་བསྣོལ་འདྲེས་བྱུང་། ཕྱི་ཕྱོགས་ཁོར་ཡུག་བརྟན་ལྷིང་མིན་པ་དང་ངེས་གཏན་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་གྱུར་འདུག
  རང་རྒྱལ་གྱི་དངོས་པའི་རྨང་གཞི་ཡག་པོ་ཡོད་པ་དང་། མི་ཤུགས་མ་རྩ་ཕུན་སུམ་ཚོགས་ཤིང་། ཚོང་རའི་བར་སྟོང་རྒྱ་ཆེ་ལ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་ཡོད། དཔལ་འབྱོར་གོང་དུ་འཕེལ་སྟངས་མགྱོགས་མྱུར་ངང་བསྒྱུར་བ་དང་། གོང་དུ་འཕར་ཤུགས་གསར་པ་ཆགས་གྲབས་འདུག དཔལ་འབྱོར་ཡུན་རིང་ཇེ་ལེགས་སུ་འགྱུར་པའི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད། དུས་མཚུངས་སུ། འཕེལ་རྒྱས་དོ་མཉམ་མིན་པ། མཐུན་འགྲིག་མིན་པ། རྒྱུན་མཐུད་ཅན་མིན་པ་བཅས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་རེད། གཙོ་བོ་ནི་གོང་དུ་སྤེལ་སྟངས་ལ་རགས་ལས་ཡིན་པ་དང་། གསར་སྐྲུན་བྱེད་ཤུགས་མི་ཆེ་བ། ལས་རིགས་ཁ་ཤས་ཀྱི་ཐོན་ནུས་ལྷག་ཐལ་ཤོར་ཚབས་ཆེ་བ། ཁེ་ལས་ཀྱི་ཕན་ཁེ་མར་ལྷུང་བ། བདེ་འཇགས་དོན་རྐྱེན་ཆེན་པོ་མང་དུ་བྱུང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་དོ་མི་མཉམ། ཐོན་ཁུངས་ཀྱི་ཚོད་འཛིན་ཇེ་དམ་དུ་གྱུར། སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ཏུ་འགྱུར་པ་རྩ་བའི་ཆ་ནས་ཇེ་ལེགས་སུ་གྱུར་མེད། གཞི་རྩའི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་འདང་ངེས་བྱུང་མེད། ཡོང་འབབ་ཧེ་བག་ཅུང་ཆེ། མི་འབོར་བགྲེས་སོང་ཅན་དུ་འགྱུར་ཚད་མགྱོགས། དབུལ་ཕོངས་སེལ་བའི་ལས་འགན་དཀའ་ཚེགས་ཆེ། མི་རྣམས་ཀྱི་ཡ་རབས་བྱང་ཚད་དང་སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་ད་དུང་ཇེ་མཐོར་གཏོང་དགོས། ཁྲིམས་སྐྱོང་འཛུགས་སྐྲུན་ལ་ད་དུང་ཤུགས་རྒྱག་དགོས། འགོ་ཁྲིད་ལས་བྱེད་པའི་བསམ་བློ་ཀུན་སྤྱོད་དང་འཇོན་ཐང་ཆུ་ཚད་ད་དུང་ཇེ་མཐོར་གཏོང་དགོས། ཏང་ཡོན་དང་ལས་བྱེད་པའི་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་པར་ད་དུང་ཤུགས་རྒྱག་དགོས། ང་ཚོས་ངེས་པར་དུ་ཉེན་ཁའི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས་ཇེ་ཆེར་བཏང་སྟེ། གྲུབ་ཚུལ་ལེགས་སྒྲིག་དང་། སྒུལ་ཤུགས་ཆེར་གཏོང་། འགལ་བ་འདུམ་སེལ། ཞན་ཆ་ཁ་གསབ་བཅས་བྱེད་པའི་ཐད་ནས་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་འབྱུང་བར་ཤུགས་རྒྱག་དགོས།
  ཕྱོགས་བསྡུས་ཀྱིས་བརྡར་ཤ་བཅད་ན། རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་ལས་དོན་ཆེན་པོ་བསྒྲུབ་ཆོག་པའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་གྱི་དུས་རིམ་དུ་གནས་ཡོད་ལ། འགལ་བ་སྣ་ཚོགས་བསྣོལ་མ་དང་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཇེ་མང་དུ་གྱུར་བའི་འགྲན་སློང་ཛ་དྲག་ཀྱང་མདུན་དུ་ལྷགས་ཡོད། ང་ཚོས་འཐབ་ཇུས་ཀྱི་གོ་སྐབས་བཟང་པོའི་དུས་རིམ་གྱི་བརྗོད་སྙིང་ལ་འཕོ་འགྱུར་ཟབ་མོ་གང་བྱུང་བ་ཡང་དག་པར་ཁོང་དུ་ཆུད་དེ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་སྔར་བས་གོ་ཆོད་པ་བྱས་ཐོག མུ་མཐུད་དུ་སྟོབས་ཤུགས་གཅིག་བསྡུས་བྱས་ནས་རང་ཉིད་ཀྱི་ལས་དོན་ལེགས་པར་བསྒྲུབས་ཞིང་། རྒྱུན་མ་ཆད་པར་འཕེལ་རྒྱས་ཀྱི་ཞིང་ཁམས་གསར་པ་གཏོད་དགོས།
  གསུམ། “ལྔ་ཚན་བཅུ་གསུམ་པའི་”དུས་ཡུན་ནང་གི་རང་རྒྱལ་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་གྲུབ་བྱེད་པ་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་སྐྱོང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བཅས་བྱེད་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ནི་ལས་དོན་གལ་ཆེན་ཨང་དང་པོ་ཡིན་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་ལེགས་སུ་གཏོང་རྒྱུ་སྲོག་སྙིང་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ཁྲིད་སྟོན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ། འཕེལ་རྒྱས་འགྲོ་སྟངས་བཅས་མགྱོགས་མྱུར་ཆགས་པར་བྱེད་པ་དང་། འཐབ་ཇུས་ཀྱི་བརྟན་ཤུགས་སྲུང་འཛིན་དང་། བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་འཛུགས་སྐྲུན་བཅས་ལ་གཅིག་བསྡུས་ཀྱིས་སྐུལ་འདེད་གཏོང་བ་དང་། འབྱོར་འབྲིང་སྤྱི་ཚོགས་དུས་ལྟར་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་གྲུབ་བྱས་ཏེ། ལོ་ངོ་བརྒྱ་ཕྲག་སྐོར་གཉིས་པའི་འབད་འཐབ་དམིགས་འབེན་མངོན་གྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་གྱུར་ཡོང་བར་རྨང་གཞི་སྔར་ལས་ལྷག་པར་སྲ་བརྟན་འདིང་དགོས།
  འབྱོར་འབྲིང་སྤྱི་ཚོགས་དུས་ལྟར་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་གྲུབ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་གཤམ་གྱི་རྩ་དོན་བརྩི་སྲུང་བྱ་དགོས་ཏེ།
  མི་དམངས་གཙོ་གཟུགས་ཡིན་པའི་གོ་གནས་རྒྱུན་འཁྱོངས་བྱ་དགོས། མི་དམངས་ནི་གོང་དུ་སྤེལ་བྱེད་ཀྱི་རྩ་བའི་སྒུལ་ཤུགས་ཡིན། ཆེས་རྒྱ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་རྒྱུ་ནི་གོང་སྤེལ་གྱི་རྩ་བའི་དམིགས་ཡུལ་ཡིན། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ངེས་པར་དུ་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་ཕན་བདེ་ཇེ་ཆེར་གཏོང་བ་དང་། མི་ཕྱོགས་ཡོངས་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ནི་གོང་སྤེལ་གྱི་འགོ་རྩོམ་ས་དང་མཐའ་མཇུག་གི་འབབ་ས་བྱེད་པ་དང་། མི་དམངས་དམངས་གཙོ་གོང་སྤེལ་དང་། སྤྱི་ཚོགས་འདྲ་མཉམ་དང་དྲང་གཞག་སྲུང་སྐྱོང་། མི་དམངས་འདྲ་མཉམ་གྱི་ཐོག་ནས་ཞུགས་པ་དང་འདྲ་མཉམ་གྱི་ཐོག་ནས་འཕེལ་རྒྱས་འགྲོ་བའི་དབང་ཆ་འགན་སྲུང་བྱེད་པ་དང་། མི་དམངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱ་དགོས།
  ཚན་རིག་དང་མཐུན་པའི་འཕེལ་རྒྱས་རྒྱུན་འཁྱོངས་བྱ་དགོས། འཕེལ་རྒྱས་ནི་གནས་ལུགས་བཙན་པོ་ཞིག་ཡིན་ལ། འཕེལ་རྒྱས་ནི་ངེས་པར་དུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཡིན་དགོས། རང་རྒྱལ་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་པ་མ་ཟད་ཡུན་རིང་གནས་རྒྱུ་ཡིན་ལ། རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དང་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་མེད། འདི་ནི་གོང་སྤེལ་གྱི་འཆར་འགོད་འདིང་བའི་གཞི་རྩའི་གཞི་འཛིན་ས་ཡིན་པས། ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་སྲོག་སྙིང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཐོག དོན་དངོས་ལས་འགོ་བརྩམས་ཏེ། འཕེལ་རྒྱས་ཀྱི་ཁྱད་ཆོས་གསར་པ་ཁོང་དུ་ཆུད་པ་དང་། གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་གཏོང་ཤུགས་ཇེ་ཆེར་གཏོང་བ་དང་། དཔལ་འབྱོར་གོང་དུ་འཕེལ་སྟངས་མགྱོགས་མྱུར་བསྒྱུར་ཏེ། སྔར་བས་སྤུས་ཚད་ལེགས་པ། སྔར་བས་ལས་ཆོད་མཐོ་བ། སྔར་བས་འདྲ་མཉམ་ཡིན་པ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་ཀྱི་འཕེལ་རྒྱས་ཡོང་བར་བྱ་དགོས།
  བསྒྱུར་བཅོས་ཟབ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་དགོས། བསྒྱུར་བཅོས་ནི་གོང་དུ་སྤེལ་བའི་སྒུལ་ཤུགས་སྟོབས་ལྡན་ཡིན་པས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་གོང་དུ་སྤེལ་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་ལྟར་དུ། ཐོན་ཁུངས་བགོ་འགྲེམས་ཁྲོད་ཚོང་རར་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དུ་འཇུག་པ་དང་སྲིད་གཞུང་གི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་པའི་ལམ་ལུགས་མ་ལག་ཆ་ཚང་བཏང་སྟེ། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་གཏོང་རྒྱུ་གཙོ་གནད་དུ་བཟུང་བ་དང་། ཕྱོགས་གང་ཅིའི་ཐད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་མགྱོགས་མྱུར་འཐུས་ཚང་གཏོང་བ་དང་། ཚན་རིག་དང་མཐུན་པར་འཕེལ་རྒྱས་འགྲོ་བར་མི་ཕན་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་བར་ཆད་ཡོད་ཚད་མེད་པར་བཟོས་ཏེ། འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་ཀྱི་སྒུལ་ཤུགས་འདོན་སྤྲོད་བྱ་དགོས།
  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཁྲིམས་སྐྱོང་ནི་འཕེལ་རྒྱས་ཀྱི་ཡིད་རྟོན་རུང་བའི་འགན་སྲུང་ཡིན་པས། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད་དེ། མགྱོགས་མྱུར་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། ཁྲིམས་བསྟར་ནན་མོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་བརྩི་སྲུང་བཅས་བྱེད་པར་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་དཔལ་འབྱོར་དང་ཁྲིམས་སྐྱོང་སྤྱི་ཚོགས་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་དེ་ཁྲིམས་སྐྱོང་གི་ལམ་དུ་འཛུད་དགོས།
  རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཆེན་གཉིས་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས་བྱ་དགོས། ཕྱོགས་ཡོངས་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུ་ནི་འཕེལ་རྒྱས་ཀྱི་ལྡོག་མེད་བླང་བྱ་ཡིན་པས། ངེས་པར་དུ་རྒྱལ་སྒོ་ཕྱེ་ནས་འཛུགས་སྐྲུན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ནང་ལ་རྐང་བཙུགས་ནས། རང་རྒྱལ་གྱི་ཐོན་ཁུངས་དང་། ཚོང་ར། ལམ་ལུགས་སོགས་ཀྱི་དགེ་མཚན་བེད་སྤྱོད་གང་ལེགས་བྱ་དགོས་ལ། རྒྱལ་ནང་དང་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འགུལ་གྱི་ཕན་འབྲས་ལ་ཡང་མཐོང་ཆེན་བྱས་ནས། ཕྱིའི་ཁོར་ཡུག་གི་འགྱུར་ལྡོག་ལ་ཧུར་ཐག་གིས་ཁ་གཏད་འཇལ་བ་དང་། ཚོང་ར་གཉིས་ཀ་དང་ཐོན་ཁུངས་གཉིས་ཀ་བེད་སྤྱོད་སྔར་ལས་ལེགས་པ་བྱས་ཏེ། གཉིས་ཕན་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
  ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་དགོས། ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བ་མངོན་འགྱུར་ཡོང་བའི་རྩ་བའི་ཆབ་སྲིད་འགན་ལེན་ཡང་ཡིན་པས། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་ལག་བསྟར་བྱས་ནས། ཏང་གི་གསར་གཏོད་བྱེད་ཤུགས་དང་། གོང་བུར་འདྲིལ་ཤུགས། འཐབ་འཛིང་བྱེད་ཤུགས་བཅས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་བ་དང་། ཏང་གི་སྲིད་སྐྱོང་ནུས་པ་དང་སྲིད་སྐྱོང་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་བཏང་སྟེ། རང་རྒྱལ་གྱི་འཕེལ་རྒྱས་གྲུ་གཟིངས་ཡང་དག་པའི་གྲུ་ལམ་དེད་ནས་རྦ་རླབས་གཤགས་ཏེ་མདུན་སྐྱོད་བྱེད་པ་འགན་ལེན་བྱ་དགོས།
  གཉིས།“ལྔ་ཚན་བཅུ་གསུམ་པའི་”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་གཙོ་བོ་དང་གཞི་རྩའི་འདུ་ཤེས།
  གཅིག འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ལེགས་གྲུབ་བྱེད་པའི་དམིགས་འབེན་བླང་བྱ་གསར་པ། ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་བཏོན་པའི་ཚུན་ལ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱུན་མཐུད་དེ་འབད་འཐབ་བྱས་པས། བྱ་གཞག་ཚང་མར་འཕེལ་རྒྱས་ཆེན་པོ་བྱུང་། དེང་ཕྱིན་གྱི་ལོ་ལྔའི་ནང་། གཏན་འབེབས་བྱས་ཟིན་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་གྲུབ་བྱེད་པའི་དམིགས་འབེན་དང་བླང་བྱའི་རྨང་གཞིའི་ཐོག འབད་བརྩོན་གྱིས་གཤམ་གྱི་དམིགས་འབེན་དང་བླང་བྱ་མངོན་གྱུར་བྱ་དགོས་ཏེ།
  དཔལ་འབྱོར་འཕར་ཚད་འབྲིང་མགྱོགས་སྲུང་འཛིན་བྱ་དགོས།འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་། ཤོངས་ཡངས་རང་བཞིན། རྒྱུན་མཐུད་ཐུབ་པའི་རང་བཞིན་བཅས་ཇེ་མཐོར་བཏང་བའི་རྨང་གཞིའི་སྟེང་། 2020ལོར་སླེབས་དུས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་འབབ་2010ལོ་ལས་ལྡབ་ལོག་གི་གཅིག་འཕར་ཏུ་འཇུག་དགོས། དཔལ་འབྱོར་དམིགས་ཚད་གཙོ་བོ་དོ་མཉམ་དང་མཐུན་སྦྱོར་ཡོང་བ་དང་། འཕེལ་རྒྱས་ཀྱི་བར་སྟོང་གནས་བབ་ཇེ་ལེགས་སུ་འགྱུར་བ། མ་དངུལ་བཞག་པའི་ལས་ཆོད་དང་ཁེ་ལས་ཀྱི་ལས་ཆོད་ཇེ་མཐོར་མངོན་གསལ་ཕྱིན་པ། བཟོ་ལས་ཅན་དང་ཆ་འཕྲིན་ཅན་གཅིག་འདྲེས་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་བས་ཇེ་མཐོར་འགྲོ་བ། ཐོན་ལས་ཆུ་ཚད་འབྲིང་དང་རྩེ་གྲ་ཅན་དུ་འཕེལ་བ། སྔོན་ཐོན་བཟོ་སྐྲུན་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ། ཐོན་ལས་གསར་པ་དང་ལས་རྣམ་གསར་པ་རྒྱུན་མ་ཆད་པར་འཕེལ་རྒྱས་འབྱུང་བ། ཞབས་ཞུ་ལས་རིགས་ཀྱི་བསྡུར་ཚད་སྔར་བས་ཡར་འཕར་བ། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་བཞག་པའི་བྱས་རྗེས་ཇེ་ཆེར་མངོན་གསལ་ཕྱིན་པ་བཅས་བྱ་དགོས། ཐེམ་ཐོའི་མི་འབོར་གྲོང་བརྡལ་ཅན་དུ་འགྱུར་ཚད་མགྱོགས་མྱུར་ཇེ་མཐོར་གཏོང་དགོས། ཞིང་ལས་དེང་རབས་ཅན་དུ་འགྱུར་བར་འཕེལ་རྒྱས་མངོན་གསལ་འཐོབ་དགོས། གསར་སྐྲུན་ཅན་གྱི་རྒྱལ་ཁབ་དང་ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་ཀྱི་གྲས་སུ་བསྐྱོད་དགོས།
  མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་ཡོངས་ཁྱབ་ཏུ་ཇེ་མཐོར་གཏོང་དགོས། ལས་ཞུགས་ལེགས་ཙམ་བྱུང་ཡོད་པ། ལས་ཞུགས་དང་། སློབ་གསོ། རིག་གནས། སྤྱི་ཚོགས་འགན་སྲུང་། སྨན་བཅོས། སྡོད་ཁང་སོགས་སྤྱི་པའི་ཞབས་ཞུའི་མ་ལག་སྔར་བས་ཆ་ཚང་ཡིན་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་གྱི་ཆུ་ཚད་བརྟན་འཇགས་ངང་ཇེ་མཐོར་འགྱུར་པ་བཅས་བྱ་དགོས། སློབ་གསོ་དེང་རབས་ཅན་དུ་འགྱུར་པར་འཕེལ་རྒྱས་ཆེན་པོ་འབྱུང་བ། ངལ་རྩོལ་ན་སོའི་མི་འབོར་ལ་སློབ་གསོ་ཐོབ་པའི་ལོ་ཚད་འཕར་སྣོན་མངོན་གསལ་ཡོང་བ་བཅས་བྱ་དགོས། ཡོང་འབབ་ཧེ་བག་ཇེ་ཆུང་དུ་གཏོང་བ་དང་། ཡོང་འབབ་འབྲིང་ཙམ་ཡོད་པའི་མི་འབོར་གྱི་བསྡུར་ཚད་ཇེ་མཐོར་གཏོང་དགོས། རང་རྒྱལ་གྱིས་ད་ལྟ་སྤྱོད་བཞིན་པའི་ཚད་གཞིའི་འོག་ཞིང་གྲོང་གི་དབུལ་ཕོངས་མི་འབོར་དབུལ་ཕོངས་ལས་ཐར་དུ་འཇུག་པ་དང་། དབུལ་ཕོངས་རྫོང་ཡོངས་རྫོགས་ཀྱི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དགོས་ལ། ས་ཁོངས་ཧྲིལ་བོའི་རང་བཞིན་གྱི་དབུལ་ཕོངས་སེལ་དགོས།
  རྒྱལ་དམངས་ཀྱི་བྱང་ཚད་དང་སྤྱི་ཚོགས་ཡ་རབས་ཚད་ཇེ་མཐོར་མངོན་གསལ་གཏོང་དགོས། ཀྲུང་གོའི་ཕུགས་འདུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྔར་བས་མི་སེམས་སུ་ཟུག་པ་དང་། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་བསམ་བློ་རྒྱ་ཁྱབ་ཏུ་དར་སྤེལ་གཏོང་དགོས། ཁ་མིག་ཡར་བལྟ་དང་ཕན་ཚུན་ཡིད་ཆེས་རོགས་རམ་བྱེད་པའི་སྤྱི་ཚོགས་དར་སྲོལ་སྔར་བས་ཇེ་བཟང་དུ་གཏོང་དགོས། མི་དམངས་ཀྱི་བསམ་བློ་དང་ཀུན་སྤྱོད་ཀྱི་བྱང་ཚད་དང་། ཚན་རིག་རིག་གནས་ཀྱི་བྱང་ཚད། བདེ་ཐང་གི་བྱང་ཚད་བཅས་ཇེ་མཐོར་མངོན་གསལ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་རྒྱུན་མི་ཆད་པར་ཇེ་ཟབ་ཏུ་གཏོང་བ་བཅས་བྱ་དགོས། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གཞི་རྩའི་ཐོག་འཛུགས་སྐྲུན་ལེགས་གྲུབ་བྱེད་པ་དང་། རིག་གནས་ཐོན་ལས་ནི་རྒྱལ་དམངས་དཔལ་འབྱོར་གྱི་ཀ་བ་ལྟ་བུའི་ཐོན་ལས་སུ་འགྱུར་པར་བྱ་དགོས། ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་རྒྱུན་མཐུད་ངང་ཇེ་ཆེར་གཏོང་དགོས།
  སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་ཇེ་ལེགས་སུ་གཏོང་དགོས། ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལྗང་མདོག་དང་ཐཱན་ཉུང་གི་ཆུ་ཚད་ཇེ་མཐོར་གཏོང་དགོས། ནུས་ཁུངས་དང་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱས་པའི་ཕན་ཆོད་ཤིན་ཏུ་ཇེ་ཆེར་གཏོང་དགོས། ནུས་ཁུངས་དང་ཆུའི་ཐོན་ཁུངས་ཟད་གྲོན་དང་། འཛུགས་སྐྲུན་ལ་སྤྱོད་པའི་ཞིང་ས། ཐཱན་འབུད་གཏོང་གི་སྤྱི་འབོར་བཅས་ཚོད་འཛིན་ནུས་ལྡན་བྱ་དགོས། རྫོད་དངོས་གཙོ་བོ་འབུད་གཏོང་སྤྱི་འབོར་ཤིན་ཏུ་ཇེ་ཉུང་དུ་གཏོང་དགོས། གཙོ་ནུས་ཐོན་ཁུལ་གྱི་རྣམ་པ་དང་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་གཞི་རྩའི་ཐོག་ཆགས་པར་བྱ་དགོས།
  ཕྱོགས་གང་ཅིའི་ཐད་ཀྱི་ལམ་ལུགས་སྔར་བས་སྨིན་ཚང་དང་སྔར་བས་ངེས་གཏན་ཡོང་དགོས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་འཕེལ་རྒྱས་ཆེན་པོ་ཡོང་བ་དང་། ཁྱབ་ཁོངས་སོ་སོའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་མ་ལག་གཞི་རྩའི་ཐོག་ཆགས་པར་བྱ་དགོས། མི་དམངས་དམངས་གཙོ་སྔར་བས་ཆ་ཚང་ཡིན་པ། ཁྲིམས་སྐྱོང་སྲིད་གཞུང་གཞི་རྩའི་ཐོག་འཛུགས་སྐྲུན་ལེགས་གྲུབ་བྱེད་པ། ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཇེ་མཐོར་མངོན་གསལ་གཏོང་བ་བཅས་བྱ་དགོས། འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་གང་ལེགས་ཐོབ་པ་དང་། ཐོན་དབང་ལ་སྲུང་སྐྱོབ་ནུས་ལྡན་ཐོབ་པར་བྱ་དགོས། བཀག་མེད་ཅན་གྱི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་གཞི་རྩའི་ཐོག་ཆགས་པར་བྱ་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དམག་དོན་མ་ལག་སྔར་བས་འཐུས་ཚང་གཏོང་དགོས། ཏང་འཛུགས་སྐྲུན་ལམ་ལུགས་ཅན་གྱི་ཆུ་ཚད་ཇེ་མཐོར་མངོན་གསལ་གཏོང་དགོས།
  གཉིས། འཕེལ་རྒྱས་ཀྱི་འདུ་ཤེས་འཐུས་ཚང་གཏོང་དགོས། “ལྔ་ཚན་བཅུ་གསུམ་པའི་”རིང་གི་གོང་འཕེལ་གཏོང་རྒྱུའི་དམིགས་འབེན་མངོན་གྱུར་བྱེད་པ་དང་། འཕེལ་རྒྱས་ཀྱི་དཀའ་གནད་སྒྲོལ་བ། འཕེལ་རྒྱས་ཀྱི་གནས་བབ་ལེགས་པོ་སྐྲུན་པ་བཅས་བྱ་དགོས་ན། ངེས་པར་དུ་གསར་གཏོད་དང་། མཐུན་འགྲིག ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས།གསར་གཏོད་ནི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོ་ཡིན། གསར་གཏོད་བྱ་རྒྱུ་དེ་ངེས་པར་དུ་རྒྱལ་ཁབ་གོང་དུ་སྤེལ་བའི་ཁྱོན་ཡོངས་ཀྱི་ལྟེ་གནས་སུ་བཞག་སྟེ། རིགས་པའི་གཞུང་ལུགས་གསར་གཏོད་དང་། ལམ་ལུགས་གསར་གཏོད། ཚན་རྩལ་གསར་གཏོད། རིག་གནས་གསར་གཏོད་སོགས་ཕྱོགས་གང་ཅིའི་ཐད་ཀྱི་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། གསར་གཏོད་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་མཐའ་དག་ཏུ་ཁྱབ་པར་བྱེད་པ་དང་། སྤྱི་ཚོགས་ཡོངས་སུ་གསར་གཏོད་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱ་དགོས།
  མཐུན་སྦྱོར་ནི་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་གཏོང་བའི་ནང་གནས་ཀྱི་བླང་བྱ་ཡིན། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་སྤྱིའི་བཀོད་པ་ཁོང་དུ་ལེགས་པར་ཆུད་པ་བྱས་ཏེ། འཕེལ་རྒྱས་ཁྲོད་ཀྱི་གལ་ཆེའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། གཙོ་བོ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་གོང་དུ་སྤེལ་བ། རྣམ་པ་གསར་པའི་བཟོ་ལས་ཅན་དང་། བརྡ་འཕྲིན་ཅན། གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་འཇམ་ཤུགས་ཆེ་རུ་གཏོང་བར་མཐོང་ཆེན་བྱས་ནས། ཟམ་མི་ཆད་པར་གོང་འཕེལ་གཏོང་རྒྱུའི་སྤྱི་ཡོངས་ཀྱི་རང་བཞིན་ཤུགས་ཆེར་གཏོང་དགོས།
  ལྗང་མདོག་ནི་དུས་གཏན་དུ་འཕེལ་རྒྱས་ཡོང་བའི་དགོས་ངེས་ཀྱི་ཆ་རྐྱེན་དང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྙེག་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན། ངེས་པར་དུ་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་དང་། རྒྱུན་མཐུད་ངང་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་འབྱོར་ཕྱུག་ལྡན་པ། སྐྱེ་ཁམས་བཟང་བ་བཅས་ཀྱི་ཤེས་དཔལ་ལྡན་པའི་གོང་འཕེལ་གྱི་འགྲོ་ལམ་དུ་སྐྱོད་པ་དང་། ཐོན་ཁུངས་གྲོན་ཆུང་ཅན་དང་། ཁོར་ཡུག་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་ཡོང་བའི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཆགས་པར་བྱེད་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སའི་གོ་ལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་བྱས་རྗེས་གསར་པ་འཇོག་དགོས།
  སྒོ་འབྱེད་ནི་རྒྱལ་ཁབ་དར་རྒྱས་དང་འཕེལ་རྒྱས་ཡོང་བའི་ལྡོག་མེད་ཀྱི་ལམ་བུ་རེད། རང་རྒྱལ་གྱི་དཔལ་འབྱོར་དང་འཛམ་གླིང་དཔལ་འབྱོར་གཏིང་ཟབ་མོས་གཅིག་འདྲེས་འབྱུང་བའི་འཕེལ་ཕྱོགས་དང་བསྟུན་པ་དང་། གཉིས་ཕན་མཉམ་ཁེའི་སྒོ་འབྱེད་འཐབ་ཇུས་ལག་བསྟར་དང་། ཕྱི་མཁོ་དང་ནང་མཁོ་མཐུན་སྦྱོར་དང་། ཕྱིར་གཏོང་ནང་འདྲེན་དོ་མཉམ། ནང་དུ་འདྲེན་པ་དང་ཕྱི་རུ་སྐྱོད་པ་གལ་ཆེར་མཉམ་བརྩི། མ་དངུལ་དང་ལག་རྩལ་དང་བློ་རིག་གསུམ་མཉམ་དུ་ནང་འདྲེན་བྱེད་པ་བཅས་རྒྱུན་འཁྱོངས་བྱ་དགོས། འཕེལ་རྒྱས་ཀྱི་རིམ་པ་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གོང་དུ་སྤེལ་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་དང་སྤྱི་པའི་ཐོན་རྫས་མཁོ་འདོན་བྱེད་པའི་ནང་ཧུར་ཐག་ཞུགས་ནས། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ཁྲོད་རང་རྒྱལ་གྱི་ལམ་ལུགས་རང་བཞིན་གྱི་སྐད་ཆ་བཤད་དབང་ཇེ་ཆེར་གཏོང་བ་དང་། ཁྱབ་རྒྱ་ཆེ་བའི་ཁེ་ཕན་ཐུན་མོང་ཚོགས་པ་འཛུགས་དགོས།
  མཉམ་སྤྱོད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཞིག་རེད། འཕེལ་རྒྱས་གཏོང་རྒྱུ་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། འཕེལ་རྒྱས་གཏོང་ན་མི་དམངས་ལ་བརྟེན་དགོས་པ། འཕེལ་རྒྱས་བྱུང་བའི་གྲུབ་འབྲས་མི་དམངས་ཀྱིས་ཐུན་མོང་དུ་ལོངས་སུ་སྤྱོད་པ་བཅས་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དང་། སྔར་ལས་གོ་ཆོད་པའི་ལམ་ལུགས་སྒྲིག་བཀོད་བྱས་ཏེ། མི་དམངས་ཡོངས་རྫོགས་ལ་ཐུན་མོང་ཐོག་གོང་འཕེལ་གཏོང་བ་དང་མཉམ་དུ་ལོངས་སུ་སྤྱོད་པའི་ཁྲོད་ཐོབ་སྣང་སྔར་བས་མང་པོ་ལྡན་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། མི་དམངས་ཀྱི་མཐུན་སྒྲིལ་ཇེ་དམ་དུ་བཏང་སྟེ། ཐུན་མོང་དུ་ཕྱུག་པོར་འགྱུར་བའི་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱ་དགོས།
  གསར་གཏོད་ཀྱིས་གོང་དུ་སྤེལ་བ་དང་། མཐུན་འགྲིག་ངང་གོང་དུ་སྤེལ་བ། གནོད་མེད་ངང་གོང་དུ་སྤེལ་བ། སྒོ་དབྱེ་ངང་གོང་དུ་སྤེལ་བ། གོང་འཕེལ་གྱི་འབྲས་བུར་མཉམ་དུ་སྤྱོད་པ་བཅས་རྒྱུན་འཁྱོངས་བྱ་རྒྱུ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་འཕོ་འགྱུར་གཏིང་ཟབ་ཅིག་རེད། ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱིས་འཕོ་འགྱུར་འདིར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་ལྡན་པར་ངོས་འཛིན་གང་ལེགས་བྱས་ནས། ཚང་མའི་བསམ་བློ་གཅིག་གྱུར་དང་། བྱ་སྤྱོད་མཐུན་སྦྱོར། བསྒྱུར་བཅོས་ཟབ་སྤེལ། གསར་གཏོད་མདུན་སྐྱོད་བཅས་བྱས་ནས། རང་རྒྱལ་གྱི་འཕེལ་རྒྱས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
  གསུམ། གསར་གཏོད་ཀྱིས་གོང་དུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་གང་ཐུབ་བྱ་དགོས།
  རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་འགྲན་རྩོད་ཉིན་བཞིན་ཛ་དྲག་ཆེ་རུ་འགྲོ་བ་དང་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་སྒུལ་ཤུགས་བརྗེ་སྤོར་བྱེད་པའི་གནས་བབ་འོག་ཏུ། ངེས་པར་དུ་འཕེལ་རྒྱས་ཀྱི་གཞི་གནས་དེ་གསར་གཏོད་བྱེད་པའི་སྟེང་དུ་བཞག་སྟེ། གསར་གཏོད་ལ་སྐུལ་མ་གཏོང་བའི་སྒྲིག་སྲོལ་གྱི་སྒྲོམ་གཞི་ཆགས་པར་བྱེད་པ་དང་། གསར་གཏོད་ཀྱི་སྒུལ་ཤུགས་ལ་སྔར་བས་མང་དུ་བརྟེན་པ་དང་། སྔ་འདོན་དགེ་མཚན་སྔར་བས་མང་པོ་འདོན་སྤེལ་བྱེད་པའི་ཁྲིད་སྟོན་ཅན་གྱི་འཕེལ་རྒྱས་ཡོང་བར་བྱ་དགོས།
  གཅིག འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱ་དགོས། ངལ་རྩོལ་ནུས་ཤུགས་དང་། མ་རྩ། ས་གཤིས། ལག་རྩལ། དོ་དམ་སོགས་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་བྱེད་སྟངས་ཇེ་ལེགས་སུ་གཏོང་བ་དང་། གསར་གཏོད་དང་ལས་ལམ་གསར་འབྱེད་ཀྱི་གསོན་ཤུགས་འདོན་སྤེལ་བྱེད་པ། མི་མང་གིས་ལས་སྐྲུན་དང་། ཐམས་ཅད་ཀྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ། མཁོ་སྤྲོད་གསར་པ་གསར་སྐྲུན། ལག་རྩལ་གསར་པ་དང་། ཐོན་ལས་གསར་པ། ལས་རྣམ་གསར་པ་བཅས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འབྱུང་བར་སྐུལ་སྤེལ་བཅས་བྱས་ཏེ། འཕེལ་འརྒྱས་ཀྱི་སྒུལ་ཤུགས་བརྗེ་སྤོར་ཡོང་བ་མགྱོགས་ཙམ་མངོན་འགྱུར་བྱ་དགོས།
  འཕར་སྣོན་ཡོང་བའི་ཐད་ཀྱི་འཛད་སྤྱོད་ཀྱི་རྨང་གཞིའི་ནུས་པ་འདོན་སྤེལ་བྱེད་པ་དང་། གྲོང་མིའི་འཛད་སྤྱོད་རྒྱ་སྐྱེད་ཤུགས་ཆེན་གཏོང་བ། འཛད་སྤྱོད་དེ་རིག་ནུས་དང་། ལྗང་མདོག བདེ་ཐང་། བདེ་འཇགས་བཅས་ཀྱི་ཕྱོགས་སུ་འགྱུར་བར་ཁྲིད་སྟོན་བྱས་ཏེ། ཞབས་ཞུའི་འཛད་སྤྱོད་རྒྱ་སྐྱེད་གཏོང་བ་གཙོ་གནད་དུ་བཟུང་ནས་འཛད་སྤྱོད་གྲུབ་ཚུལ་རིམ་འཕར་ཡོང་བར་སྐུལ་ཁྲིད་བྱ་དགོས། འགྲོ་རྒྱུགས་ཆ་འཕྲིན་ཅན་དང་། ཚད་ལྡན་ཅན། ཞིབ་བསྡུས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས།
  མ་འཇོག་གིས་གསར་འཕར་ཡོང་བར་འགག་རྩའི་ཕན་ནུས་འདོན་དུ་འཇུག་པ་དང་། མ་དངུལ་འཇོག་པ་དང་སྡུད་པའི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། མ་དངུལ་འཇོག་ཚུལ་ལེགས་སྒྱུར་བྱེད་པ། གོ་ཆོད་པའི་མ་དངུལ་འཇོག་པ་ཇེ་མང་དུ་གཏོང་བ་བཅས་བྱ་དགོས། ནོར་སྲིད་མ་དངུལ་གྱིས་འཕར་སྣོན་ཡོང་བར་བཀན་འདེགས་ནུས་པ་འདོན་དུ་འཇུག་པ་དང་། མ་དངུལ་བསྡུ་སྟངས་གསར་གཏོད་བྱས་ཏེ། སྤྱི་ཚོགས་ཀྱི་མ་རྩ་སྔར་བས་མང་པོར་སྐུལ་ཁྲིད་བྱས་ནས་མ་དངུལ་འཇོག་པའི་ནང་དུ་ཞུགས་སུ་འཇུག་དགོས། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་སྒྲིག་སྲོལ་གསར་གཏོད་བྱེད་པ་དང་། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་སྟངས་ཁྱབ་སྤེལ་གཏོང་དགོས།
  ཕྱིར་གཏོང་གིས་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་དུ་འཇུག་པ་དང་། ཕྱི་ཕྱོགས་ལ་མ་དངུལ་འཇོག་པ་དང་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བ་ཟུང་འབྲེལ་བྱེད་ཤུགས་ཇེ་ཆེར་གཏོང་བ། ལག་རྩལ་དང་། ཚད་གཞི། ཐོན་རྫས་གྲགས་ཅན། སྤུས་ཀ ཞབས་ཞུ་བཅས་སྲོག་ཤིང་དུ་གྱུར་པའི་ཕྱི་ཕྱོགས་དཔལ་འབྱོར་གྱི་ལེགས་ཆ་གསར་པ་སྐྱེད་སྲིང་བཅས་བྱ་དགོས། ལེགས་འཛུལ་ལེགས་ཐོན་གྱི་འཐབ་ཇུས་ལག་བསྟར་དང་། རྒྱལ་སྤྱིའི་ཐོན་ནུས་དང་སྒྲིག་ཆས་བཟོ་སྐྲུན་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བ། ངལ་རྩོལ་མང་འདུས་ཅན་གྱི་ཐོན་རྫས་ཀྱི་ཚན་རྩལ་འདུས་ཚད་དང་ཟུར་བསྣན་རིན་ཐང་ཆེ་རུ་གཏོང་བ། མ་རྩ་དང་ལག་རྩལ་མང་འདུས་ཅན་གྱི་ཐོན་ལས་ཀྱི་དགེ་མཚན་གསར་པ་གཏོད་པ་བཅས་བྱས་ཏེ། རང་རྒྱལ་གྱི་ཐོན་ལས་ཀྱིས་གོ་ལ་ཧྲིལ་པོའི་རིན་ཐང་འབྲེལ་ཐག་ཁྲོད་ཀྱི་གོ་གནས་ཇེ་མཐོར་གཏོང་དགོས།
  གཉིས། འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་བསྐྱེད་དགོས། འཕེལ་རྒྱས་ཀྱི་བར་སྟོང་གསར་པས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་པ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པས་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་གཏོད་དགོས།
  ས་ཁོངས་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་དགོས། ས་ཁོངས་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་འཐབ་ཇུས་རྨང་གཞི་བྱེད་པ་དང་། “ཁུལ་གཅིག་ལམ་གཅིག་” འཛུགས་སྐྱོང་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཉམ་དུ་གོང་དུ་སྤེལ་བ། འབྲི་ཆུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པ་བཅས་ལ་ལ་སྣེ་ཁྲིད་བྱས་ཏེ། མཚོ་འགྲམ་རྒྱུད་དང་འབྲི་ཆུའི་རྒྱུད་དང་ལམ་བརྒྱུད་བཅས་ཀྱི་དཔལ་འབྱོར་གཉེར་ཁུལ་གཙོ་བོར་བྱས་པའི་གཞུང་ཕྱོགས་དང་འཕྲེད་ཕྱོགས་དཔལ་འབྱོར་མདའ་ཐགས་ཆགས་པར་བྱ་དགོས། གྲོང་ཁྱེར་ཁྱུ་ཚོགས་ཀྱི་ཤན་ཤུགས་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། པེ་ཅིང་ཐེན་ཅིན་ཧོ་པེ་གསུམ་དང་། འབྲི་ཆུའི་ཟུར་གསུམ་གླིང་། ཀྲུའུ་ཅང་ཟུར་གསུམ་གླིང་བཅས་གྲོང་ཁྱེར་ཁྱུ་ཚོགས་ཆེན་པོ་གསུམ་འཕེལ་རྒྱས་ལེགས་སྒྱུར་བཅས་བྱས་ཏེ། བྱང་ཤར་ས་ཁུལ་དང་། ཀྲུང་ཡོན་ས་ཁུལ། འབྲི་ཆུའི་བར་རྒྱུད། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་དང་། ཀོན་ཀྲུང་བདེ་ཐང་སོགས་གྲོང་ཁྱེར་ཁྱུ་ཚོགས་ཆགས་པར་བྱ་དགོས། ལྟེ་བའི་གྲོང་ཁྱེར་ཁག་ཅིག་གོང་འཕེལ་གཏོང་བ་དང་། ས་ཁོངས་ཞབས་ཞུའི་ནུས་པ་ཇེ་ཆེར་གཏོང་དགོས། ལྗང་མདོག་གྲོང་ཁྱེར་དང་། བློ་རིག་གྲོང་ཁྱེར། ནགས་ཚལ་གྲོང་ཁྱེར་བཅས་འཛུགས་སྐྲུན་དང་གྲོང་ཁྱེར་དབར་གྱི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་བྱེད་པར་རྒྱབ་སྐྱོར་བྱ་དགོས། གཙོ་གནད་ས་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་དང་། གཙོ་གནད་དཔལ་འབྱོར་ཁུལ་འགའ་ཤས་སྐྱེད་སྲིང་དང་དར་རྒྱས་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་བར་སྟོང་གཏོད་དགོས།
  ཐོན་ལས་འཕེལ་རྒྱས་བར་སྟོང་རྒྱ་སྐྱེད་གཏོང་དགོས། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། སྐྱེ་དངོས་ལག་རྩལ། ཆ་འཕྲིན་ལག་རྩལ། རིག་ནུས་བཟོ་སྐྲུན། མཐོ་རྩེའི་སྒྲིག་ཆས། ནུས་རྒྱུ་གསར་པ་སོགས་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་། སྲོལ་རྒྱུན་གྱི་ཐོན་ལས་ལེགས་སྒྱུར་རིམ་སྤར་བྱེད་པར་རྒྱབ་སྐྱོར་བྱ་དགོས། སྒོ་ང་རུམ་འགྱུར་བྱེད་སྟངས་གསར་པ་ཁྱབ་གདལ་གཏོང་བ་དང་། མི་མང་གིས་གསར་སྐྲུན་དང་། མི་མང་གིས་འགན་ལེན། མི་མང་གིས་རོགས་སྐྱོར། མི་མང་གིས་བསྡུ་རུབ་བཅས་བྱེད་པའི་བར་སྟོང་དར་རྒྱས་གཏོང་བར་སྐུལ་ལྕག་གཏོང་དགོས། ལྷའི་ཕོ་ཉ་དང་། ལས་ལམ་གསར་འབྱེད། ཐོན་ལས་ལ་མ་འཇོག་བཅས་གོང་དུ་སྤེལ་བ་དང་། ལས་སྐྲུན་དུམ་བུ་དང་དུམ་བུ་གསུམ་པ་གསར་མ་བསྒྱུར་བཅོས་གཏིང་ཟབ་བྱ་དགོས།
  རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་བར་སྟོང་རྒྱ་བསྐྱེད་དགོས། སྤྱི་པའི་སྒྲིག་བཀོད་དང་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་ལས་གྲྭ་གལ་ཆེན་ལག་བསྟར་བྱ་དགོས། དྲ་རྒྱར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་སྒྱུར་བའི་འཐབ་ཇུས་ལག་བསྟར་དང་། མྱུར་མགྱོགས་དང་། སྤོ་སྐྱོད། བདེ་འཇགས། ཀུན་ཁེབས་བཅས་ཡིན་པའི་དུས་རབས་གསར་པའི་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཛུགས་སྐྲུན་བྱ་དགོས། ཆུ་བེད་དང་། ལྕགས་ལམ། གཞུང་ལམ། ཆུ་ལམ་སྐྱེལ་འདྲེན། དམངས་སྤྱོད་མཁའ་འགྲུལ། སྤྱི་སྤྱོད་མཁའ་འགྲུལ། ཆུ་འདྲེན་སྦུག་ལམ། སྦྲག་སྲིད་སོགས་རྨང་གཞིའི་སྒྲིག་བཀོད་དྲ་བ་མགྱོགས་མྱུར་འཐུས་ཚང་གཏོང་དགོས། ནུས་ཁུངས་ཉེན་མེད་གསོག་འཇོག་གི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་དང་། ཆུ་ལོག་དང་ཞོད་སྐྱོན་འགོག་པ་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་དགོས། གྲོང་ཁྱེར་གྱི་ས་འོག་སྦུག་དྲ་སྒྱུར་བཀོད་ལེགས་བཅོས་བྱེད་པའི་ལས་གྲྭ་ལག་བསྟར་བྱ་དགོས། གློག་ཤུགས་དང་། གློག་འཕྲིན། འགྲིམ་འགྲུལ། རྡོ་སྣུམ། རང་བྱུང་སོལ་རླངས། གྲོང་ཁྱེར་གྱི་སྤྱི་སྤྱོད་སྒྲིག་བཀོད་སོགས་རང་བྱུང་སྒེར་སྡེམ་ལས་རིགས་ཀྱི་འགྲན་རྩོད་རང་བཞིན་གྱི་ལས་སྒོ་མགྱོགས་མྱུར་ངང་སྒོ་འབྱེད་དགོས།
  དྲ་ཐོག་དཔལ་འབྱོར་བར་སྟོང་རྒྱ་ཆེ་རུ་གཏོང་དགོས། “དྲ་སྦྲེལ་+”འགུལ་སྐྱོད་འཆར་གཞི་ལག་བསྟར་བྱ་དགོས། དངོས་ཟོག་འདྲེན་སྐྱེལ་དྲ་རྒྱའི་ལག་རྩལ་འཕེལ་རྒྱས་དང་བེད་སྤྱོད་གཏོང་བ་དང་། མཉམ་སྤྱོད་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། དྲ་སྦྲེལ་དང་དཔལ་འབྱོར་སྤྱི་ཚོགས་མཉམ་འདྲེས་སྒོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་གཞི་གྲངས་ཆེན་མོའི་འཐབ་ཇུས་ལག་བསྟར་དང་། གཞི་གྲངས་ཀྱི་ཐོན་ཁུངས་སྒོ་འབྱེད་དང་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། གློག་འཕྲིན་ཀྱིས་ཡོངས་ཁྱབ་ཞབས་ཞུ་སྒྲུབ་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འཕྲིན་སྦྲེལ་གྲོན་ཉུང་མྱུར་མགྱོགས་ཀྱི་ལས་སྒོ་སྤེལ་བ། འཕྲིན་སྦྲེལ་རབས་རྗེས་མ་སྔོན་ཚུད་ནས་བཀོད་

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

pk10计划软件手机版 体彩6+1 浙江11选5开奖走 有板深雪dvd共享 江西十一选五一定牛手机版 双色球预测100%中 浙江20选5 有坂深雪 山岸逢花 快乐辽宁快乐十二走 重庆百变王牌开奖走势图 宁夏体育彩票11选5 云南十一选五开奖 29选7走势图2009 五分十一选五技巧 希恩配资 波士顿凯尔特人主场 新江苏十一选五走势