今天是:

གཞི་རིམ་ཏང་འཛུགས།

༼ གསར་གཉིས ༽རྩ་འཛུགས་ཏང་གི་འཛུགས་སྐྲུན

མདུན་ཤོག > གཞི་རིམ་ཏང་འཛུགས། > ༼ གསར་གཉིས ༽རྩ་འཛུགས་ཏང་གི་འཛུགས་སྐྲུན

ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་གྱིས་མཛུབ་སྟོན་བྱས་ཏེ་སློབ་གསོ་ལས་དོན་རྒྱུན་མཐུད་དང་སྐྱོན་བྲལ། མཐུན་སྦྱོར་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས།

ཏང་གི་འཛུགས་སྐྲུན་བཟོ་བཀོད་དང་སྲིད་སྐྱོང་ནུས་པ་མཐོར་འདེགས་བྱེད་པར་སྐུལ་འདེད་བཏང་། ཏང་གི་སྲིད་སྐྱོང་ནུས་པ་མཐོར་འདེགས་བྱེད་པ་དེ་ཏང་གི་འཛུགས་སྐྲུན་གྱི་སྲོག་ཤིང་ཞིག་ཏུ་བརྩིས་ནས་བཟུང་སྟེ། བསམ་བློ་དང་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བསམ་བློ་བཅིངས་འགྲོལ་གྲོས་མོལ་ཆེན་པོ་དང་ཏང་ཡོན་སྔོན་ཐོན་རང་བཞིན་གྱི་སློབ་གསོ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ལེགས་སྐྲུན་བཟང་བརྩོན་བཅས་ཀྱི་སློབ་སྦྱོང་དང་ལག་ལེན་བྱ་འགུལ་སྤེལ་བས། ལས་བྱེད་པར་སློབ་གསོ་ཐེབས་པ་དང་མང་ཚོགས་ལ་ཕན་དངོས་ཐོབ་པ། ཆུ་ཚད་གསར་བ་སྐྲུན་པ་བཅས་ཀྱི་དམིགས་ཡུལ་དུ་བསླེབས་ཡོད། 《ལས་བྱེད་པ་འདེམ་བསྐོ་དང་འགན་དབང་སྟེར་བའི་བྱ་བའི་སྲོལ་ཡིག》དང་ལྟ་སྐུལ་ལམ་ལུགས་བཞི་ལག་ལེན་བྱེད་པ། ལས་བྱེད་པའི་མི་དོན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན། རིམ་པ་སོ་སོའི་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་མངོན་གསལ་མཐོར་འདེགས་བྱས། འགོ་ཁྲིད་ཚན་ཁག་གི་སྒྲིག་གཞི་སྔར་ལས་ལེགས་འགྱུར་བྱས། "རིམ་གསུམ་འབྲེལ་སྐྲུན"དང"གསོ་སྦྱོང་གསུམ་དང་སྣེ་ཁྲིད་གཉིས། སེམས་ཁུར་གཅིག""མངོན་བསྒྲགས་ཞབས་ཕྱི་ཁས་ལེན།" "ཆ་སྒྲིག་མཉམ་འཛུགས"བཅས་ཀྱི་བྱ་འགུལ་སྤེལ་ནས"གྲོས་མོལ་གསུམ་དང་ཐག་གཅོད་གཅིག"སོགས་ཀྱི་ལམ་ལུགས་ཁྱོན་ཡོངས་ནས་སྤེལ་བ། ལས་ཁུངས་ཚོགས་པ་དང་གྲོང་རྡལ་སྡེ་ཁུལ། "གསར་གཉིས"རྩ་འཛུགས་ཏང་འཛུགས་བྱ་བ་བརྟན་པོའི་ངང་སྐུལ་སྤེལ་བྱས་ཤིང་། ཏང་གི་བྱ་བའི་ཁེབས་ཚད་སྔར་ལས་རྒྱ་ཆེར་བཏང་བ། འགོ་ཁྲིད་ལས་བྱེད་པའི"འབྲེལ་འདྲིས་བཅུ།"ཏང་ཡོན་ལས་བྱེད་པའི"ལས་སྒྲུབ་གསུམ"གྱི་བརྗོད་བྱ་གཙོ་བོ་ལག་ལེན་བྱ་འགུལ་སྤེལ་ནས་ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་དམ་པོར་གྱུར། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། གཅོད་ཆད་དང་སྔོན་འགོག་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ། འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སློབ་གསོ་ཤུགས་ཆེར་གཏོང་བ། གྱོད་གཞིའི་ཞིབ་བཤེར་དང་ཐག་གཅོད་བྱེད་པའི་ཤུགས་ཚད་རྒྱ་ཆེར་གཏོང་བ། ཏང་སྲོལ་སྤྱོད་གཙང་འཛུགས་སྐྲུན་དང་རུལ་སུངས་བྱ་བ་ལ་ངོ་རྒོལ་བྱེད་པའི་ཐད་བྱས་རྗེས་གསར་བ་ཐོབ། བསྟུད་མར་ལོ་ལྔའི་རིང་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཕུལ་དུ་བྱུང་བའི་ཏང་སྲོལ་སྤྱོད་གཙང་འཛུགས་སྐྲུན་ས་ཁུལ་དུ་བདམས།

ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པ་ཚུན་དུ་ཁུལ་ཡོངས་ཀྱི་འཕར་བ་ཡོང་བ་འགན་སྲུང་དང་མི་དམངས་ཀྱི་འཚོ་བ་འགན་སྲུང་། གཏན་འཇགས་ཡོང་བ་འགན་སྲུང་བཅས་གཙོ་བོ་ཡིན་པ་དང་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་བྱེད་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་མི་དམངས་ཀྱི་འཚོ་བ་འཛིན་པ། རྡོག་རྩ་མཐུན་སྒྲིལ་གྱིས་གཏན་འཇགས་ཡོང་བ་འགན་སྲུང་བྱེད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་བཅོས་སྒྱུར་གོང་སྤེལ་ལ་སྐུལ་འདེད་གཏོང་བ་དང་གཏན་འཇགས་ཡོང་བ་རྒྱུན་སྲུང་། འཆམ་མཐུན་ལ་སྐུལ་འདེད་བཏང་བ་བཅས་ཀྱི་ཆེས་མདུན་དུ་ལངས་ནས་ལས་འགན་སྒྲུབ་པ་དང་དངོས་སྒྲུབ་དངོས་འཛིན། མཚོ་ལྷོའི་ལས་དོན་སྣ་ཚོགས་འཕེལ་རྒྱས་བྱེད་པའི་ཐད་ནུས་པ་ཡོད་ཚད་བཏོན། ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ལས་ལ་བརྩོན་ཞིང་དཔའ་སྙིང་ཆེ་བ་དང་གཤིས་བཟང་བབ་ཆགས། བསམ་བློ་བཅིངས་འགྲོལ། སྙིང་སྟོབས་སྤེལ་བ། རིམ་པ་སོ་སོའི་ཏང་རྩ་འཛུགས་ལ་བརྟེན་ནས་ནུས་པ་གཙོ་བོ་འདོན་སྤེལ་བྱས། རེ་འདུན་ཁེངས་པའི་མཚོ་ལྷོ་འདིར་དཀའ་སྤྱད་ངལ་རྩོལ་དང་དཀའ་སྤྱད་ལས་སྐྲུན། ནུས་པ་ཡོད་ཚད་བཏོན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནང་ཞུགས་པར་བྱས་རྗེས་མངོན་གསལ་ཐོབ་པ་རེད།

ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་བ་ཐོག་ཏུ་ལངས་ནས་ང་ཚོས"འཕེལ་རྒྱས་བཞིའི"བླང་བྱ་ལྟར། ཕྱོགས་བསྡུས་དངོས་ཤུགས་དང་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན། དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས། གྲོང་རྡལ་ཅན་འཛུགས་སྐྲུན། རྒྱབ་རྟེན་ཁེ་ལས་གསོ་སྐྱོང་། སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་གནས་སྐོར་ལས་རིགས། སྤྱི་ཚོགས་ལས་དོན་འཕེལ་རྒྱས་བཅས་ཀྱི་མཆོང་རྒལ་ཅན་གྱི་འཕེལ་རྒྱས་མངོན་དུ་གྱུར། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་དང་ཁྱད་སྟོབས་ཀྱི་ཐོན་ཁུངས་གསར་གཏོད། སློབ་གསོ་མཐུན་སྦྱོར་དོ་མཉམ་འཕེལ་རྒྱས། གྲོང་གསེབ་དང་འབྲོག་ཁུལ་གྱི་འཕྲོད་བསྟེན་དཔེ་སྟོན་ཁུལ་འཛུགས་སྐྲུན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་འཛུགས་སྐྲུན། གནས་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་དེ་ཞིང་ཆེན་འབྲོག་ཁུལ་གྱི་སྔོན་དུ་འགྲོ་བ་རེད། ཤུགས་ཆེན་པོས་མི་དམངས་ཀྱི་འཚོ་བ་ལེགས་བཅོས་དང་ས་ཁུལ་དུ་དུས་ཡུན་རིང་བོར་དར་རྒྱས་གཏན་འཇགས་ཡོང་བ་དང་ཡུན་བཅོས་གཏན་འཇགས་བྱས་པས། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་དང་ཐོན་ལས་ལེགས་འགྱུར། སྐྱེ་ཁམས་ལེགས་བཅོས། མི་དམངས་ཀྱི་བདེ་སྐྱིད། ཁྱོན་ཡོངས་མཐུན་སྦྱོར། རྒྱུན་མཐུད་ངང་འཕེལ་རྒྱས་བཅས་ཀྱི་བགྲོད་ལམ་དུ་འགྲོ་བ་དང་། ཧུར་བརྩོན་གྱིས་སྐྱེ་ཁམས་དང་ཐོན་ཁུངས། གནས་སྐོར། འཆམ་མཐུན་བཅས་ཀྱི་མཚོ་ལྷོ་གསར་བ་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་མངོན་དུ་གྱུར་པ་རེད།།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

pk10计划软件手机版 11选5开奖结果走 护士视频a片 福彩东方6十1生肖开奖结果 安徽11选5开奖公 日本影片番号网 湖南快乐十分58期开奖结果 秒速赛车规律 3d预测专家推荐号 长沙沐足推拿招聘技师 上海麻将下载官方下载 极速赛车注册登录 深圳风采开奖查询 日本女优性爱电影 山西十一选五今天的开奖结果 河内5分彩组选走势图 云南十一选五前三走